མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་བ་སྨན་རིའི་སྨན་སྒྲུབ་འོད་ཟེར་འཁྱིལ་བ་ལེགས་པར་གྲུབ།

བོད་ཀྱི་དུས་བབ།
༢༠༢༤/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སོགས་ཀྱི་བཀའ་དགོངས་བཞིན་ཕན་ཚུན་འཆམ་མཐུན་གྱིས་འཛམ་གླིང་ཞི་བདེ་བསྐྲུན་དགོས་སྐོར་བཀའ་སློབ་བསྩལ།

སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་ཐེངས་ ༣༤ པའི་ཐོག་བླང་དོར་བཀའ་སློབ་བསྩལ།་༢༠༢༤།༠༤།༢༧ དུས་བབ་ཀྱི་པར།

དེ་རིང་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་༧རྒྱལ་བ་སྨན་རིའི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་ཐེངས་ ༣༤ པ་ལེགས་གྲུབ་བྱུང་སོང་། མཇུག་བསྡོམས་མཛད་སྒོའི་ཐོག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་དབུས། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཁག་ཅིག དེ་བཞིན་ཕྱི་རྒྱལ་ཁག་དང་ཕྱོགས་མཐའ་ཁག་ནས་དད་ལྡན་པ་༣༠༠༠ ཙམ་ལྷན་འཛོམས་འདུག

མཛད་སྒོའི་ཐོག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས། ད་ལན་ང་ཚོ་འདིར་འཛོམས་པའི་སྐལ་བ་བཟང་པོ་བྱུང་། ང་རང་གི་ངོས་ནས་ཚང་མར་བཀའ་དྲིན་ཆེ་ཞུ་འདོད་བྱུང་། ངའི་མིང་ཆེན་པོ་ཞིག་འཁུར་ཏེ་ལས་འགན་མང་པོ་ཞིག་བསྒྲུབ་དགོས་ཀྱི་ཡོད་པས། འདི་ནི་ངའི་ལས་འགན་གཉིས་པ་ཆགས་ཀྱི་ཡོད། ང་རང་ཐོག་མར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཇལ་བཅར་ཞུ་དུས། རིན་པོ་ཆེ་མཆོག་ནས་སྨན་རིའི་ཁྲི་འཛིན་ལ་འགན་གསུམ་ཡོད། ད་ལྟའི་ཆར་འགན་བཞི་ཆགས་ཡོད་ཅེས་ཁོང་གིས་སྐུ་རྩེད་རྩེས་སོང་། འགན་དང་པོ་ནི་ཁྲི་འཛིན་གོང་མའི་སྐུ་གདུང་བཞེངས་བའི་འགན་འཁུར་དགོས་ཀྱི་ཡོད། དེ་དུས་མི་མང་གི་བཀའ་དྲིན་ལས་གྲ་རྒྱས་པོ་བྱུང་སོང་། མི་མང་གི་དད་པ་དམ་ཚིག་ཐོག་ནས་འདི་འདྲ་ཞིག་བཞེངས་ཐུབ་ཡོད། འགན་དང་པོ་དེ་གྲུབ་ཚར་ཡོད། ཅེས་གསུངས་སོང་།

དཔལ་གཤེན་བསྟན་སྨན་རིའི་སྨན་སྒྲུབ་འོད་ཟེར་འཁྱིལ་བ་ཐེངས་༣༤ པ་ལེགས་པར་གྲུབ། ༢༠༢༤།༠༤།༢༧ དུས་བབ་ཀྱི་པར།

ཡང་ཁྲི་འཛིན་རིན་པོ་ཆེ་མཆོག་གིས། འགན་གཉིས་པ་ནི་སྨན་རིའི་ཁྲི་ཐོག་རེའི་སྐབས་སུ་སྨན་རིའི་སྒྲུབ་ཆེན་འཛུགས་དགོས་ཀྱི་ཡོད། སྔོན་མ་འགྲིམ་འགྲུལ་གྱི་ཆ་རྐྱེན་སོགས་ཀྱི་དབང་གིས་སྨན་རིའི་སྒྲུབ་ཆེན་དེ་བོད་སྟོད་སྨད་བར་གསུམ་དུ་རྒྱ་ཆེན་པོ་ཁྱབ་ཐུབ་ཀྱི་མེད་ཀྱང་། དེང་སང་སྨན་རིའི་ཁྲི་འཛིན་གཅིག་རིང་གི་སྨན་སྒྲུབ་ཀྱི་འདང་གི་མེད་པར་བསྟུན། ཆོ་ག་གཞན་གྱི་ཐོག་ནས་སྨན་སྒྲུབ་བྱེད་དགོས་ཐུག་གི་ཡོད། སྨན་སྒྲུབ་འདི་ཉིད་འཛམ་གླིང་གི་སེམས་ཅན་མང་པོའི་ཁྲོད་ཁྱབ་ཐུབ་པ་དང་། ཕན་ཐོགས་པའི་ཀུན་སློང་འཁྱེར་ནས་བསྒྲུབ་ཏེ་འགྲེམས་སྤེལ་བྱེད་བཞིན་ཡོད། ཟླ་འདིའི་ཕྱི་ཚེས་ ༡༡ ནས་དེ་རིང་གི་བར་དུ་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱིས་ལས་ཀ་ཐམས་ཆད་ཚགས་ཚུད་བྱུང་བར་འབྲེལ་ཡོད་ཚང་མར་བཀའ་དྲིན་ཆེ་ཞུ་འདོད་བྱུང་།འགན་གསུམ་པ་ནི་ངས་མི་མང་ལ་དབང་ལུང་ཁྲིད་གསུམ་ཞུ་རྒྱུ་དེ་ཡིན། དེ་ཡང་བྱས་དང་བྱེད་མུས་ཡིན། ཞེས་གསུངས་སོང་།

དེ་བཞིན་ཁྲི་འཛིན་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཞིང་གཤེགས་དམ་པ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག ཡོངས་འཛིན་རིན་པོ་ཆེ་སོགས་ཀྱི་ཐུགས་ཀྱི་བཞེད་དགོངས་ལ་ཞབས་ཞུ་ཇི་ལྟར་བསྒྲུབ་དགོས་པར་དགོངས་པ་བཞེས་དགོས། འཛམ་གླིང་ཐོག་གི་ཆོས་ལུགས་ནང་ཁུལ་དུ་ཕན་ཚུན་མཐུན་སྒྲིལ་བྱེད་དགོས། ད་ལྟའི་དུས་འདིར་སོ་སོ་ཁེར་རྐྱང་དུ་སྡོད་པའི་དུས་ཚོད་ཅིག་མ་རེད། མི་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་མཐུན་ལམ་ཐོག་འཛམ་གླིང་ཞི་བདེ་བསྐྲུན་ཐུབ་ཀྱི་འདུག ཞེས་སོགས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་གངས་ཅན་གྱི་ལྗོངས་འདིར་གསོ་རིག་གི་བསྟན་པ་དར་ནས་ལོ་རྒྱུས་ཧ་ཅང་རིང་པོ་ཡོད་པའི་བཞེད་སྲོལ་ཡོད་པ་དང་། དེའི་སྒྲུབ་བྱེད་གཅིག་ནི་ཞྭ་དཀར་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་གསོ་རིག་གི་བསྟན་བཅོས་དུ་མ་མཛད་ཡོད་པ་མ་ཟད། ཁོང་གི་སྐུའི་གདུང་སྲས་བརྒྱད་ཀྱི་ནང་ནས་བགྲེས་པ་དཔྱད་བུ་ཁྲི་ཤེས་ཀྱིས་ཀྱང་གསོ་དཔྱད་ཀྱི་བསྟན་བཅོས་ཁག་ཅིག་གསར་རྩོམ་མཛད་དེ་སྔ་རབས་ཞང་ཞུང་གི་གསོ་རིག་བསྟན་པའི་སྒྲོན་མེ་སྦར་ཚུལ་བོད་ཀྱི་གསོ་རིག་ལོ་རྒྱུས་སྐད་གྲགས་ཆེན་པོ་མང་པོའི་ནང་བཀོད་ཡོད། ཆོས་རྒྱལ་ཁྲི་སྲིང་ལྡེའུ་བཙན་གྱི་སྐབས་སུ་བོད་ཀྱི་གསོ་རིག་གི་གནད་ཚད་ཧ་ཅང་ཚད་མཐོན་པོར་སླེབས་ཡོད་པའི་རྟགས་མཚན་ཞིག་ནི། བསམ་ཡས་གཙུག་ལག་ཁང་དུ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་སྨན་པ་མཁས་པ་དགུ་གདན་དྲངས་ཏེ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དང་ཕན་ཚུན་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གསོ་རིག་བགྲོ་གླེང་གནང་བ་དང་། ཀོང་པོ་སྨན་ལུང་དུ་གསོ་རིག་སློབ་གྲྭ་ཆེད་འཛུགས་གནང་བའི་ཡོངས་གྲགས་ཀྱི་ལོ་རྒྱུས་ལས་ཤེས་ཐུབ་ཀྱི་འདུག ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་གསོ་བ་རིག་པ་འདི། བོད་གངས་ཅན་གྱི་ལྗོངས་སུ་བྱོན་པའི་མཁས་གྲུབ་མང་པོས་དུས་རབས་སོ་སོར་ལག་ལེན་གྱི་ཉམས་མྱོང་དང་། དཔྱད་བརྡར་གྱི་གྲུབ་དོན་བསྣན་ཏེ་གསོ་དཔྱད་རིག་པའི་བསྟན་བཅོས་བརྒྱ་ཕྲག་དུ་མ་རྩོམ་འབྲི་གནང་ཡོད་པ་དང་། བོད་ཆོལ་ཁ་གསུམ་གྱི་གདན་ས་ཆེ་ཁག་མང་པོའི་ནང་སྨན་པ་གྲྭ་ཚང་ཟུར་འཛུགས་གནང་སྟེ་གསོ་རིག་སློབ་གཉེར་རྒྱུན་སྐྱོང་དང་། གསོ་དཔྱད་ལག་ལེན་རྒྱ་ཁྱབ་ཏུ་གནང་ཡོད་པ་དང་། དེ་ཡང་གསོ་བྱ་དང་གསོ་བྱེད། གསོ་ཐབས། གསོ་མཁན་གྱི་སྒོ་ནས་གཞུང་ལུགས་འཆད་ཉན་དང་ཉམས་ལེན་བྱེད་པ་ཙམ་དུ་མ་ཟད། ཡི་དམ་ལྷ་དང་འབྲེལ་བའི་སྨན་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་ཡང་རྒྱ་ཁྱབ་ཏུ་དར་ཡོད་པ་དེ་དག་གིས་བོད་དང་བོད་མི་རིགས་ལ་ཕན་ཐོགས་རྒྱ་ཆེན་པོ་བསྒྲུབས་ཡོད། གཡུང་དྲུང་བོན་གྱི་གདན་ས་ཁག་ཏུའང་གསོ་རིག་སློབ་གཉེར་དང་ཉམས་ལེན་གྱི་ལམ་སྲོལ་དར་ཁྱབ་ཆེ་བ་མ་ཟད། སྨན་སྒྲུབ་ཀྱི་ཕྱག་སྲོལ་ཡང་དར་སོ་ཆེན་པོ་ཡོད་འདུག་པ་དང༌། ྋརྒྱལ་བ་སྨན་རི་བའི་སྨན་སྒྲུབ་ཀྱི་ཕྱག་བཞེས་འདི་ཡང་རང་ཅག་གི་གསོ་དཔྱད་རིག་པའི་ཕྱག་སྲོལ་ཐུན་མོང་མ་ཡིན་པ་ཞིག་རེད་འདུག ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། སྨན་རི་ཁྲི་འཛིན་རིམ་བྱོན་གྱི་སྐུ་ཐོག་རེར་སྨན་རིའི་སྒྲུབ་ཆེན་རེ་འཚོགས་སྲོལ་ཡོད་པ་འདི་ནི་ཞྭ་དཀར་ས་ཆེན་པོ་སྨན་རི་དགོན་ཕྱག་འདེབས་པ་པོ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གཡུང་གིས་དུས་རབས་བཅོ་ལྔ་པའི་སྟོད་ཀྱི་ཆར་(༡༤༠༥)སླར་གསོ་སྲོལ་བཏོད་མཛད་པ་ཞིག་ཡིན་འདུག་པ་ལྟར། གདན་ས་འདིའི་ཁྲི་འཛིན་རིམ་བྱོན་གྱིས་ཉམས་པ་མེད་པའི་སྒོ་ནས་ཕྱག་ལེན་དུ་བསྟར་གནང་འདུག བཙན་བྱོལ་ནང་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ྋལུང་རྟོགས་བསྟན་པའི་ཉི་མ་མཆོག་གིས་ཕྱི་ལོ་ ༡༩༨༨ ལོར་སྨན་རིའི་སྒྲུབ་ཆེན་ཚུགས་ཏེ་སྙན་གྲགས་ཆེན་པོ་རྒྱས་ཡོད་པ་རེད། ད་ཐེངས་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་སྐྱབས་རྗེ་ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོ་མཆོག་དབུ་བཞུགས་ཀྱིས། གདན་ས་ཆེན་མོ་འདིར་ཟླ་ཕྱེད་ལྷག་རིང་ཚུགས་པའི་༧རྒྱལ་བ་སྨན་རི་བའི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་ཐེངས་ ༣༤ པ་ལེགས་པར་གྲུབ་པའི་མཛད་སྒོ་གལ་ཆེན་འདི་ལྟ་བུ་ཞིག་ལ་བཅར་ཞུགས་ཐུབ་པ་ནི་སྐལ་བ་བཟང་པོ་ཞིག་ཏུ་སྒོམ་བཞིན་ཡོད། སྒྲུབ་ཆེན་འདིའི་བྱིན་མཐུ་ལ་བརྟེན་ནས། དེ་རིང་གནས་འདིར་འདུས་པའི་སྐལ་ལྡན་པ་རྣམས་དང༌། ཡུལ་ལུང་གང་སར་གནས་པའི་དད་ལྡན་པ་རྣམས་ཀྱི་རྐྱེན་ངན་བར་ཆད་མཐའ་དག་ཞི་བ་དང་། ནད་གདོན་གྱི་འཇིགས་པ་མཐའ་དག་ལས་གྲོལ་ཏེ། ཚེ་བསོད་རླུང་རྟ་དར་བ་དང་། ཡུལ་ལུང་ཀུན་ལ་ཞི་བདེ་ཡོང་བའི་སྐྱབས་སྨོན་ཞུ་བཞིན་ཡོད། ལྷག་དོན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར། ཐུགས་སྟོབས་གོ་ཆ་བཙན་པར་བགོས་ཏེ་ཁྲི་འཛིན་གོང་མའི་རྣམ་ཐར་བདག་གིར་བཞེས་བཞིན། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རླབས་ཆེན་གྱི་མཛད་འཕྲིན་རྒྱ་ཆེར་སྐྱོང་ཕྱིར་སྐུ་ཚེ་རྒྱལ་མཚན་རི་རབ་བཞིན་དུ་བརྟན་པའི་སྐྱབས་འཇུག་ཞུ་བཞིན་ཡོད། ཅེས་གསུངས་སོང་།

གསར་འགོད་པ་བྱམས་པ་ཚེ་རིང་གིས་སྨན་རི་གླིང་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese