མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་དཱི་པངྐ་ར་ནང་བའི་ལྟེ་གནས་ཁང་གི་དད་ལྡན་པར་མཇལ་ཁ་བསྩལ།

བོད་ཀྱི་དུས་བབ།
༢༠༢༤/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དཔལ་ནལེནྡྲ་ནས་བརྒྱུད་པའི་སེམས་ཀྱི་སྦྱོང་བརྡར་བྱེད་པར་ཤིན་ཏུ་ཞིབ་ཚགས་དང་སྤུས་དག་པོ་ཡོད་པས་ཆོས་དད་མེད་མཁན་ཚོས་ཆོས་རྨོངས་དད་རེད་ཟེར་བ་དེར་རྒྱུ་མཚན་ཅི་ཡང་མེད་སྐོར་གསུངས།

དཱི་པངྐ་ར་ནང་བའི་ལྟེ་གནས་ཁང་གི་དབུ་འཛིན་ཁང་སེར་རིན་པོ་ཆེ་མཆོག་གི་དབུས་སློབ་འབངས་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༤།༠༥།༢༠ ཐད་གཏོང་གི་བརྙན་པར།

དེ་རིང་སྔ་དྲོར་དྷ་ས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཀོ་རི་ཡ་དང་། ཐའེ་ཝན། མཱ་ལེ་ཞི་ཡ། ཝི་ཌི་ནམ། སོག་ཡུལ། ཨ་རི་སོགས་ནས་ཡོང་བའི་བལ་ཡུལ་དཱི་པངྐ་ར་ནང་པའི་ལྟེ་གནས་ཁང་(Dipankara Buddhist Center) གི་དབུ་འཁྲིད་ཁང་སེར་རིན་པོ་ཆེ་མཆོག་གི་དབུས་དད་ལྡན་དོན་གཉེར་ཅན་ ༤༠༠ ལྷག་ལ་མཇལ་ཁ་བསྩལ་སྐབས་སངས་རྒྱས་ཆོས་ཚོགས་མ་དང་། དམིགས་བརྩེ་མའི་ལྗགས་ལུང་བསྩལ་ཡོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་སྟོང་ཕྲག་ཕྱིན་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ང་ཚོར་འབྲེལ་བ་ཤིན་ཏུ་ཡོད་པ་ཞིག་རེད། ངོས་རང་ལ་ཆ་བཞག་པ་ཡིན་ན། ཞོགས་པ་གཉིད་སད་པ་དང་མཉམ་དུ་སྟོང་ཉིད་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་བཞིན་ཡོད། སྟོན་པའི་བསླབ་བྱ་གཙོ་བོའང་དེ་དག་ཆགས་བསྡད་ཡོད། གང་ལྟར་སེམས་ཀྱི་ཞི་བདེ་ཡོང་རྒྱུ་དེ་རེད། སེམས་ཀྱི་ཞི་བདེ་ལ་བརྟེན་ནས་ལུས་བདེ་ཐང་ཡོང་བར་ཤིན་ཏུ་ཕན་ཐོགས་ཀྱི་ཡོད། སྟོན་པ་བཅོམ་ལྡན་གྱི་བསླབ་བྱ་དད་པ་གཅིག་པོ་མ་རེད། བསམ་བློ་གཏོང་སྟངས་ཀྱི་ཐོག་གལ་ཆེན་པོ་རེད། སྟོན་པའི་བསླབ་བྱ་ནལེནྡྲ་ནས་བརྒྱུད་པའི་སེམས་ཀྱི་སྦྱོང་བརྡར་བྱེད་པར་ཤིན་ཏུ་ཞིབ་ཚགས་དང་སྤུས་དག་པོ་འདུག དེ་དག་ཚན་རིག་དང་མཐུན་པར་རིག་པའི་ཐོག་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་རེད། གང་ལྟར་ནལེནྡྲའི་ཆོས་བརྒྱུད་ཀྱི་སེམས་ཀྱི་སྦྱོང་བརྡར་བྱེད་པ་ཤིན་ཏུ་ཕན་ཐོགས་འདུག

ནང་པའི་གཞུང་ནས་གསུངས་ཡོད་པ་དག་དད་པ་གཅིག་པོའི་སྐད་ཆ་མ་རེད་ལ། རྨོངས་དད་མ་རེད། རིག་པའི་ཐོག་ནས་བསམ་བློའི་འགྲོ་སྟངས་ཤིན་ཏུ་ཟབ་མོ་རེད། ཚན་རིག་པ་དང་ཆོས་ལ་དད་པ་མེད་མཁན་སོགས་མི་མང་པོར་ཐུག་པའི་སྐབས། ང་ཚོ་བོད་ལ་ཡོད་བསྡད་པའི་དཔལ་ནལེནྡྲའི་ཆོས་བརྒྱུད་ཀྱི་འགྲོ་སྟངས་དེ་ཤིན་ཏུ་ཟབ་པོ་རེད། སྔོན་མ་མའོ་ཙེ་ཏུང་གིས་ངོས་རང་ལ་ཆོས་ཟེར་བ་དེ་དུག་རེད་ཅེས་བཤད་པ་རེད། ཆོས་ཟེར་བ་གང་ལ་བཤད་ཀྱི་ཡོད་མེད་ཁྱོན་ནས་ཤེས་ཀྱི་ཡོད་པ་མ་རེད། དཔལ་ནལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་དེ་རིག་པ་དང་ལྡན་པའི་བསམ་བློ་བཏང་ཡོད་པ་མ་ཟད། སེམས་ཁམས་རིག་པའི་ཐོག་ནས་ཧ་ཅང་ཟབ་པོ་རེད། དེང་སང་ཚན་རིག་པ་མང་པོ་ཞིག་ངོས་རང་ཐུག་ཏུ་ཡོང་སྟེ། སེམས་ཀྱི་ཞི་བདེ་ག་འདྲ་འགྲོ་ཡི་ཡོད་པ་དང་། སེམས་ཀྱི་ཞི་བདེ་ག་འདྲ་དཀྲུག་གི་ཡོད་པར་གོ་བསྡུར་བྱེད་པར་མང་པོ་ཡོང་གི་འདུག དཔལ་ནལེནྡྲའི་ཆོས་བརྒྱུད་ཀྱི་རིག་པ་བཏང་ནས་འགྲོ་རྒྱུ་ཡོད་པ་དེ་ཤིན་ཏུ་ཡག་པོ་རེད། ཅེས་གསུངས་སོང་།

ཡང་མགོན་པོ་གང་ཉིད་མཆོག་ནས། ངོས་རང་ལ་ཆ་བཞག་ན། ཆོས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཡིན་ནའང་ནལེནྡྲའི་ཆོས་དེ་སེམས་ཀྱི་སྦྱོང་བརྡར་བྱེད་རྒྱུ་ཡོད་པ་ཞིག་རེད། དཀོན་མཆོག་མཁྱེན་ཟེར་བ་མིན་པར་བསམ་བློར་སྦྱོང་བརྡར་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེང་སང་ཚན་རིག་པ་ཚོས་སེམས་ཀྱི་སྦྱོང་བརྡར་བྱེེད་པར་སེམས་གང་གིས་དཀྲུག་གི་ཡོད་པ་དང་། སེམས་ཀྱི་ཞི་བདེ་གང་འདྲ་དགོས་པ་སོགས་ལ་བརྟག་དཔྱད་བྱེད་ཀྱི་ཡོད། ཚན་རིག་པ་དང་ང་ཚོ་ནང་པའི་གཞུང་ནས་གསུངས་ཡོད་པ་གཉིས་འདྲ་བོ་ཆགས་ཡོང་གི་འདུག ཆོས་དད་མེད་མཁན་ཚོས་ཆོས་ནི་རྨོངས་དད་རེད་ཟེར་བ་དེ་ལ་རྒྱུ་མཚན་ཁྱོན་ནས་ཡོད་པ་མ་རེད། ཆོས་ལ་བསམ་བློའི་སྦྱོང་བརྡར་ཐོག་ནས་ཤིན་ཏུ་ཞིབ་ཚགས་པོ་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༢༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese