མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་བསྟན་མཐུན་ཚོགས་བེད་སྤྱད་ཀྱིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བཞིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱ་ནག་ནང་བསྟན་མཐུན་ཚོགས་བེད་སྤྱད་ཀྱིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བཞིན་ཡོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་པའི་ནང་། ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ནམ་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་ཇུས་བཏིང་དང་འདིང་མུས་ཡིན་པ་ལྟར། ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་བསྟན་མཐུན་ཚོགས་བེད་སྤྱད་ཀྱིས། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་ཇུས་དྲིལ་བསྒྲགས་མང་པོ་ལག་བསྟར་བྱེད་བཞིན་ཡོད་སྐོར་བརྗོད་འདུག

དེ་འབྲེལ་གྱི་སྙན་ཐོར་གཞིགས་ན། རྒྱ་ནག་ནང་བསྟན་མཐུན་ཚོགས་ནི་ཆབ་སྲིད་དང་འབྲེལ་བ་མེད་ཅིང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཞིག་ཡིན་ཡང་། ད་ལྟ་དོན་དངོས་ཐོག་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ནང་བསྟན་མཐུན་ཚོགས་དེ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་ལག་ཆར་བེད་སྤྱོད་ཤུགས་ཆེན་གཏོང་གི་ཡོད་པ་མངོན་གསལ་ཆགས་ཡོད་པ་དང་། དམིགས་བསལ་གྱིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་ལས་སྤྲུལ་སྐུའི་ཡང་སྲིད་རྩད་གཅོད་དང་ངོས་འཛིན་བྱེད་ཕྱོགས་སོགས་ཀྱི་ཐོག་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་ནང་བསྟན་མཐུན་ཚོགས་ལ་བོད་ཀྱི་དགོན་སྡེ་ཁག་ཏུ་དམར་ཤོག་ཚོགས་པའི་བཀོད་ཁྱབ་ལག་བསྟར་བྱེད་ཕྱོགས་དང་འབྲེལ་ལྟ་རྟོག་བྱེད་མཁན་གྱི་ལས་དོན་ཚོགས་ཆུང་དམིགས་བསལ་ཞིག་ཀྱང་ཡོད་པ་རེད།

སྙན་ཐོ་དེའི་ནང་།  ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས། རྒྱ་ནག་ནང་བསྟན་མཐུན་ཚོགས་དེ་གཞུང་གི་སྲིད་ཇུས་ནང་འཁྲིད་ཡོང་སྟེ། ཞི་ཅིན་ཕིན་གྱི་དུས་སྐབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟེར་བའི་འོག་ནས་དམར་ཤོག་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ། རྒྱ་ནག་ནང་ཡོད་པའི་ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བར་སྐུལ་འདེད་དང་འགན་འཁུར་དགོས་པའི་གཏན་འབེབ་བྱས་ཡོད་པ་རེད།

དེང་སྐབས་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཆབ་སྲིད་ཀྱི་སྐད་ངར་ཆེ་ཞིང་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་རིགས་འཛེམ་ཟོན་མེད་པར་སྒྲོག་གིན་ཡོད། དོན་དངོས་ཐོག་རྒྱ་ནག་ནང་བསྟན་ཚོགས་ནི་ཆོས་ལུགས་གཙོ་བཟུང་གི་སྒྲིག་འཛུགས་ཤིག་ཡིན་མོད། ད་ལྟ་ཚོགས་པ་དེ་དམར་ཤོག་ཚོགས་པའི་ཁོངས་གཏོགས་ཀྱི་ཚོགས་སྡེ་ཞིག་ཏུ་གྱུར་ཏེ། ཉེ་ལམ་ནས་ལོ་ལྔའི་འཆར་གཞི་དང་དགོན་སྡེ་ཁག་རྒྱ་ནག་ཅན་དུ་བསྒྱུར་བའི་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དགོས་མཁོ་སྒྲུབ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

སྙན་ཐོ་དང་འབྲེལ། དེ་སྔ་རྒྱ་ནག་གི་ཏའོ་ཆོས་ལུགས་དམར་ཤོག་ཚོགས་པའི་ལྟ་གྲུབ་ཅན་དུ་བསྒྱུར་ཏེ། ད་ལྟ་ཏའོ་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་གིས་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་བྱེད་པའི་སྣེ་འཁྲིད་ཀྱི་ཡོད་པས། རྒྱ་ནག་གིས་ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བཞིན་པ་ཙམ་མ་ཡིན་པར། རྗེས་ཕྱོགས་དམར་ཤོག་ཚོགས་པའི་ཆབ་སྲིད་དང་སྲིད་ཇུས་ཀྱི་རིགས་དྲིལ་བསྒྲགས་བྱེད་མཁན་གྱི་ཚོགས་སྡེ་ཞིག་ཏུ་བསྒྱུར་རྒྱུ་ཡིན་སྐོར་ཡང་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བར་བོད་ཀྱི་དགོན་སྡེ་ཁག་གི་སྲོལ་རྒྱུན་གྱི་ལམ་སྲོལ་ལས་ལྷག་པའི་སྡེ་ཚན་གསར་འཛུགས་བྱས་ཏེ་རྒྱ་སྒྱུར་གཏོང་ཐབས་བྱེད་བཞིན་ཡོད་ཅིང་། དམིགས་བསལ་རྒྱ་ནག་ནང་བསྟན་མཐུན་ཚོགས་ལ་བོད་པའི་བླ་སྤྲུལ་འཚོལ་ཞིབ་དང་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་བའི་སྦྱོང་བརྡར་རིགས་སྤྲད་ཡོད་སྟབས། ཕུགས་རྒྱང་རིང་བའི་སྲིད་ཇུས་འདིའི་འོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ལའང་ཐེ་ཇུས་བྱེད་པའི་གྲ་སྒྲིག་བྱས་དང་བྱེད་མུས་ཡིན་པ་གཏལ་འཁེལ་ཡིན་པ་དང་། དེའི་དཔེ་མཚོན་གཅིག་ནི་ཕྱི་ལོ་ ༡༩༨༩ ལོར་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ལ་ཐེ་གཏོགས་བྱས་པ་དེས་མཚོན་གྱི་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢ སྔོན་ལ།
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་ཀྱི་བུད་མེད་རྫོང་དཔོན་ཞིག་ལ་ཞིབ་བཤེར་བྱེད་བཞིན་འདུག

༢༠༢༥/༡༢/༠༩
ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་འོས་མི་ཚེ་རིང་ཕུན་ཚོགས་ལགས། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས། ༢༠༢༥།༡༢།༨
Mobile App

ཚེ་རིང་ཕུན་ཚོགས་ལགས་ཕྱི་ལོ་ ༢༠༢༦ སྲིད་སྐྱོང་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༡༢/༠༨
རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག
Mobile App

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་རྒྱ་གཞུང་གིས་འཛིན་བཟུང་བྱས།

༢༠༢༥/༡༢/༠༨
མོན་རྟ་དབང་དུ་རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་༢༠༢༥།༡༢།༣-༦ འཚོགས། དུས་བབ་ཀྱི་པར།
Mobile App

ང་ཚོ་མོན་པ་རྣམས་ཏཱ་ལའི་བླ་མ་རྣམ་གཉིས་ལ་འབྲེལ་བ་ཡོད་པས་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་རྟོགས་ཡོད་ཅེས་གསུངས་སོང་།

༢༠༢༥/༡༢/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese