མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོ་པ་ཨ་མེ་རི་ཁའི་རྐང་སྤོལ་རྩེད་འགྲན་ཆེན་མོ་འཚོགས་ལ་ཉེ།

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཁོ་པ་ཨ་མེ་རི་ཁའི་རྐང་སྤོལ་རྩེད་འགྲན་གྱི་རྒྱལ་ཁ་ཡང་མེ་སིས་སྣེ་འཁྲིད་པའི་ཨར་ཇིན་ཊི་ན་རུ་ཁག་ལ་འཐོབ་རྒྱུར་རེ་བ་ཆེན་པོ་བཅངས་འདུག

Copa América 2024 to be held in the United States from 20 July 2024

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༠  ནས་ཟླ་ ༧ ཚེས ༡༤ བར་ཉིན་གྲངས་ ༢༤ རིང་རྒྱལ་སྤྱིའི་ཁོ་པ་ཨ་མེ་རི་ཁ་རྐང་རྩེད་སྤོ་ལོའི་འགྲན་ཚོགས་ (2024 Copa América) དེ་ཨ་རིར་བསྡུ་འཆར་ཡོད་ཅིང་།འདི་ལོའི་རྒྱལ་སྤྱིའི་ཁོ་པ་ཨ་མེ་རི་ཁ་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་རྐང་སྤོལ་རྩེད་འགྲན་གྱི་ཁྲོད་ཀྱི་སྐར་ཆེན་དུ་འབོད་མུས་ཡིན་པའི་མི་སེ་ཡི་རྩེད་འགྲན་མཐའ་མར་གྱུར་ཉེན་ཡོད་པས། ལྷོ་བྱང་ཨ་མེ་རི་ཁའི་རྒྱལ་ཁབ་ཁག་དང་མེ་སི་ཡི་ཞེན་མི་དག་གིས་ཉིན་མོ་ལག་པར་བགྲངས་ནས་རྩེད་འགྲན་དེར་རེ་སྒུག་བྱེད་མུས་ཡིན་འདུག་ལ། འདི་ལོའི་རྩེད་འགྲན་ཁྲོད་རྒྱལ་ཁབ་ཁག་ནས་དྲག་འདེམས་བྱུང་བའི་རུ་ཁག་ ༡༦ ཡིས་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

འདི་ལོར་ཨ་རིས་འགྲན་ཚོགས་ཆེད་ཨ་རིའི་ས་གནས་མི་འདྲ་བ་བཅུ་བཞིའི་ནང་རྐང་སྤོལ་རྩེད་ར་ ༡༤ གོ་སྒྲིག་བྱས་ཡོད་ཅིང་། འདི་ལོའི་རྟིང་རྩོད་ཀྱི་འགྲན་ཚོགས་སུ་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་ཨ་རི་ལྷོ་ཤར་ཁུལ་དུ་ཆགས་པའི་ཧར་ཌི་རོག་རྩེད་ར་ (Hard Rock Stadium) རུ་བསྡུ་འཆར་ཡོད་ཅིང་།  རྩེད་ར་དེའི་ནང་ལྟད་མོ་བ་མི་གྲངས་ ༦༤༧༦༧  ཤོང་གི་ཡོད་འདུག་ལ། རྩེད་ར་དེ་ནི་ཨ་རིའི་རྐང་སྤོལ་རྩེད་ར་ཆེས་ལེགས་ཤོས་གྲས་ཤིག་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་འཛམ་གླིང་རྩེད་རིགས་དཔྱད་བརྗོད་སྤེལ་ས་ (sportskeeda )  ཟེར་བ་ཞིག་གིས་འདི་ལོའི་ཁོ་པ་ཨ་མེ་རི་ཁའི་རྐང་སྤོལ་ཐད་ལ་དཔྱད་བརྗོད་ཅིག་བྱས་པའི་ནང་། ཐོག་མའི་རྩེད་འགྲན་གྱི་རིམ་པ་དང་། རྩེད་འགྲན་པ་རྣམས་ཀྱི་ནུས་རྩལ་དང་དྲག་འདེམས་ཀྱི་རིམ་པ། རུ་ཁག་སྤྱི་ཡོངས་ཀྱི་རྩེད་འགྲན་པ་རྣམས་ལ་གཞིགས་ནས། འདི་ལོའི་རྩེད་འགྲན་དེ་རྒྱལ་ཁབ་དེ་ཐེངས་སྔ་མའི་རྩེད་འགྲན་དེའི་གསེར་འབུམ་བཀྱག་མཁན་ཨན་ཇིན་ཊི་ན་ (Argentina) དང་ཨང་གཉིས་པ་ཐོབ་མཁན་བྷི་ར་ཛིལ་(Brazil) དེ་བཞིན་ཡུ་རོ་གྷེ་(Uruguay )། ཁོ་ལོམ་བྷི་ཡ་(Colombia) ། ཨེ་ཁེ་ཌོ་(Ecuador) གང་རུང་ཞིག་འཐོབ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ། འདི་ལོའི་ཆེས་རྣོ་ངར་ཆེ་བའི་རྩེད་འགྲན་ནམ་ Group of Death ནི་སྡེ་ཚན་ང་པ་སྟེ། བྷི་ར་ཛིལ་དང་། ཁོ་ལོམ་བྷི་ཡ། པ་ར་བྷེ་ཡ་བཅས་ཀྱི་རྩེད་འགྲན་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

སྤྱིར་རྐང་སྤོལ་གྱི་རིག་གཞུང་ཧ་ཅང་དར་ཁྱབ་ཆེ་བའི་ལྷོ་བྱང་ཨེ་མེ་རི་ཁའི་གླིང་ཕྲན་གྱི་རྩེད་འགྲན་དེ་འཚོགས་པར་ཉིན་ཤས་ལས་མེད་པས། རྐང་སྤོལ་དཔྱད་བརྗོད་པ་དང་རྩེད་རིགས་ལ་དགའ་མཁན་དག་གིས་དབྱེ་ཞིབ་བྱེད་མུས་ཡིན་ཡང་། སྐབས་ལན་རེར་དཔྱད་བརྗོད་པ་དག་གི་བློ་ཡུལ་ལ་ཤོང་དཀའ་བའི་གྲུབ་འབྲས་ཐོན་ཡོད་དེ། ཕྱི་ལོ་ ༢༠༢༢ ལོར་ཁ་ཌར་དུ་འཚོགས་པའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་ཁྲོད། འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་སྐར་ཆེན་དུ་འབོད་པའི་མེ་སི་ཡིས་སྣེ་འཁྲིད་པའི་ཨར་ཇིན་ཊི་ན་རུ་ཁག་དང་དཀྱིལ་ཤར་ཨེ་ཤ་ཡའི་ཁ་ཌར་རྒྱལ་ཁབ་ཀྱི་རུ་ཁག་བར་རྩེད་འགྲན་བྱས་པའི་ཁྲོད། ཁ་ཌར་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ནས་རྩེད་འགྲན་ལས་རྒྱལ་ཡོད་པས། དེ་ནི་འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་ལོ་རྒྱུས་ཁྲོད་ལྟད་མོ་བ་རྣམས་ཀྱིས་ཆེས་ཡིད་ཆེས་བྱེད་པར་དཀའ་བའི་རྩེད་འགྲན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

སྤྱིར་མེ་སི་ཡི་ལོ་ཚད་ཀྱི་དབང་གིས་འདི་ལོའི་ཁོ་པ་ཨ་མེ་རི་ཁ་ནི་ཁོང་གི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་རྩེད་འགྲན་མཐའ་མར་འགྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཧྥོག་སི་རྩེད་རིགས་ (Fox Sports) གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། མེ་སི་ཡི་ད་ལྟའི་གཟུགས་པོའི་གནས་བབ་དང་། རྐང་སྤོལ་སྒྱུ་རྩལ། དེ་བཞིན་རྩེད་འགྲན་ཁག་གི་གནས་བབ་བཅས་དང་། ལྷག་པར་༢༠༢༦ ལོའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་ཚོགས་སྐབས་ཁོང་ལོ་ ༣༩ ལས་མིན་པས། ཁོས་འདི་ལོའི་ཁོ་པ་ཨ་མེ་རི་ཁའི་རྩེད་འགྲན་ཙམ་དུ་མ་ཟད། ཕྱི་ལོ་ ༢༠༢༦ ལོར་མེག་སི་ཁོ་དང་། ཨ་རི། ཁེ་ན་ཌ་བཅས་ཀྱིས་མཉམ་རུབ་ཀྱིས་གོ་སྒྲིག་བྱ་རྒྱུའི་རྒྱལ་སྤྱིའི་སྐྱེས་པའི་རྐང་སྤོལ་རྩེད་འགྲན་ཁྲོད་དུའང་ཞུགས་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད་འདུག

ཕྱི་ལོ་ ༡༩༡༦ ཙམ་ནས་ཁོ་པ་ཨ་མེ་རི་ཁའི་རྩེད་འགྲན་དེེ་ཐོག་མར་རྩེད་མགོ་བཙུགས་ཡོད་ཅིང་།  དེ་ནས་བཟུང་ལོ་བཞི་རེའི་མཚམས་སུ་ལོ་ལྟར་རྩེད་འགྲན་དེ་བསྡུ་ཡི་ཡོད་ལ། རྩེད་འགྲན་དེའི་ཁྲོད་ཨར་ཇིན་ཌི་ན་དང་། ཡུ་རོ་གྷེ་གཉིས་ཀྱིས་ཐེངས་བཅོ་ལྔ་དང་། བྷི་ར་ཛིལ་ལ་ཐེངས་དགུ་ལ་རྟིང་རྩོད་འགྲན་ཚོགས་ལ་རྣམ་པར་རྒྱལ་ཡོད་ཅིང་། ཕྱི་ལོ་ ༢༠༢༨ ལོའི་རྩེད་འགྲན་དེ་པ་ན་མ་རྒྱལ་ཁབ་ཀྱིས་གོ་སྒྲིག་བྱ་རྒྱུ་ཡིན་འདུག

འདི་ལོའི་རྩེད་འགྲན་ཁྲོད་མི་སི་ནི་སྐར་ཆེན་ལྟ་བུའི་རྐང་སྤོལ་བ་དེ་ཡིན་ཞིང་། ཕྱི་ལོ་ ༢༠༢༡ ལོར་ཨ་མེ་རི་ཁའི་གླིང་ཕྲན་རྒྱལ་ཁབ་ཁག་གི་ཆེས་མཐོ་བའི་ཁོ་པ་ཨ་མེ་རི་ཁའི་རྩེད་འགྲན་ཁྲོད། མེ་སི་ཡིས་ཨར་ཇིན་ཊི་ནའི་རུ་དཔོན་གྱི་དཔུང་རྟགས་བཏགས་ནས་རྩེད་འགྲན་རིམ་པའི་བཞུད་ལམ་དུ་ཆས་མཐར། ཨར་ཇིན་ཊི་ན་དང་བྷར་ཛིལ་གཉིས་ཀྱིས་མཐའ་མའི་རྩེད་འགྲན་གྱི་རྒྱལ་ཕམ་བརྩད་དེ། ཨར་ཇིན་ཊི་ནར་སྤོ་ལོ་གཅིག་གིས་རྒྱལ་ཁ་ཐོབ་ཅིང་། ཕྱི་ལོ་ ༢༠༢༢ ལོར་ཁ་ཌར་དུ་འཚོགས་པའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་ཚོགས་ལས་རྣམ་པར་རྒྱལ་ཡོད་པས། རྒྱལ་ཁ་དེ་གཉིས་ནི་མེ་སི་ཡི་ཆེས་མཐའ་མཇུག་གི་རྨི་ལམ་མངོན་གྱུར་བྱུང་བ་ལྟ་བུ་ཞིག་ཡིན་ཡང་། འདི་ལོར་ཁོང་གིས་སྣེ་འཁྲིད་པའི་ཨར་ཇིན་ཊི་ན་རུ་ཁག་ནི་རྩེད་རིགས་ཆེད་མཁས་པ་མང་མོས་རྒྱལ་ཁ་འཐོབ་རྒྱུར་རེ་བ་ཆེ་ཤོས་བཅངས་སའི་རུ་ཁག་དེ་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese