མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་འཐུས་མི་མའེ་ཁེལ་ལགས་ཀྱིས་རྒྱ་ནག་ལ་མུ་མཐུད་ཁ་གཏད་གཅོག་རྒྱུ་ཡིན་པའི་བརྡ་ལན་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་བཞུགས་སྒར་དུ་ཕེབས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ལྔ་ཡིས་རྒྱ་ནག་གཞུང་ལ་བརྡ་བསློགས་ཏེ། བོད་དང་འཛམ་གླིང་ས་ཕྱོགས་གང་སར་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རིགས་ལ་གདོང་ལེན་དང་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བརྗོད་འདུག

དེ་རིང་ཨ་རིའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁེལ་ (Michael McCaul)  ལགས་ཀྱིས་སྒེར་གྱི་ཨེག་སི་དྲ་ལམ་དུ། ཉེ་ལམ་སྐུ་ཞབས་མའེ་ཁེལ་རང་ཉིད་ལགས་ཀྱི་སྣེ་ཁྲིད་འོག ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་སར་ཕེབས་ཏེ་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ་དེས་རྒྱ་ནག་གཞུང་ལ་ཁོ་ཁྲོང་བསླངས་ཡོད་ཀྱང་།  ཨ་རིའི་གྲོས་ཚོགས་འཐུས་མི་ཁོང་གིས་བོད་དང་འཛམ་གླིང་གང་སར་རྒྱ་ནག་གི་གདུག་རྩུབ་ཆེ་ཞིང་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁ་གཏད་གཅོག་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་འདུག

དེ་འབྲེལ་སྐུ་ཞབས་མའེ་ཁེལ་ལགས་སྒེར་གྱི་ཨེག་སི་དྲ་ལམ་དུ། གཟའ་འཁོར་སྔོན་མའི་ནང་ངས་༧གོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་བ་དེས་ཞི་ཅིན་ཕིན་ལ་ཁོ་ཁྲོང་བསླངས་ཡོད་པ་གསལ་བོ་རེད་འདུག ཁོ་དེ་མ་ཐག་ཏུ་བོད་ནང་དུ་བསྐྱོད་དེ་ང་ཚོས་བཤད་པའི་སྐད་ཆ་ལ་བརྡ་ལན་བསློགས་ཡོད། འོན་ཀྱང་། ཆོས་དད་རང་དབང་དང་དམངས་གཙོ་ག་དུས་ཡིན་ཡང་སྲིད་དབང་སྒེར་གཅོད་དང་དྲག་གནོན་ལས་རྣམ་པར་རྒྱལ་གྱི་རེད། ངས་དུས་ནམ་ཡང་བོད་ནང་དང་འཛམ་གླིང་ས་ཕྱོགས་གང་སར་རྒྱ་ནག་གི་གདུག་རྩུབ་ཆེ་ཞིང་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཁག་ལ་གདོང་ལེན་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ དང་ ༡༩ ཉིན་གཉིས་རིང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་སར་ཕེབས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་དང་བོད་མིའི་སྒྲིག་འཛུགས་སོགས་སུ་འཚམས་གཟིགས་གནང་གྲུབ་མཚམས་ཏག་ཏག་སྟེ། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་བོད་མཚོ་སྔོན་ཞིང་ཆེན་ནང་སོང་ནས། བོད་ཀྱི་དགོན་པ་དང་སློབ་གྲྭ་ཁག་ཏུ་ལག་བསྟར་བྱེད་བཞིན་པའི་ནང་བསྟན་ཆོས་ལུགས་རྒྱ་སྒྱུར་དང་། ཀྲུང་ཧཱ་མི་རིགས་གཅིག་གྱུར་གྱི་སློབ་གསོའི་ནུས་པ་སོགས་ཀྱི་སྐོར་ལ་བརྟག་ཞིབ་བྱས་ཡོད་པ་དང་། ཉམས་ཞིབ་ཁག་ཅིག་གིས་ཞི་ཡི་ལྟ་སྐོར་དེ་ནི་རྒྱལ་སྤྱིའི་སྟེང་བོད་དོན་གླེང་སློང་གིས་བོད་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོང་གི་ཡོད་པར་བརྡ་ལན་སློག་ཆེད་ཡིན་པའི་འགྲེལ་བརྗོད་བྱས་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་གཞུང་གིས་ཨ་རིའི་སྲིད་འཛིན་བྷའེ་ཌན་གྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་མི་བསྐྱོན་པ་དང་། ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་རྒྱ་གར་དྷ་རམ་ས་ལར་བསྐྱོད་དེ་༧གོང་ས་མཆོག་ལ་མཇལ་བཅར་མི་ཞུ་བ་སོགས་ཉེན་བརྡ་བཏང་ཡོད་ཀྱང་། སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་དེས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ་མ་ཟད། སྐབས་དེའི་སྐུ་ཚབ་ཚོགས་ཆུང་ནང་ཡོད་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ལྔ་ཡིས་ཉེ་བའི་ཉིན་ཤས་རིང་གཅིག་རྗེས་གཉིས་མཐུད་ངང་ནས། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱས་དང་བྱེད་བཞིན་པ་དང་། རྒྱ་གར་ནང་ཡོད་པའི་བོད་མི་རྣམས་ལ་ཐུག་འཕྲད་བྱས་པར་ཉེན་བརྡ་གཏོང་གི་ཡོད་པ་སོགས་ནི་གནས་ལུགས་རྒྱུ་མཚན་དང་འགལ་ཡོད་སྟབས། ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་རྒྱབ་ཏུ་ལངས་ཏེ། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་བོད་མིའི་རང་ཐག་རང་གཅོད་དང་འགྲོ་བ་མིའི་ཐོབ་ཐང་སོགས་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་བྱེད་ཐབས་གནང་དགོས་སྐོར་སོགས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་གཏན་འབེབ་ཟིན་ཏེ། ད་ལྟའི་ཆར་སྲིད་འཛིན་བྷའེ་ཌན་ནས་མཚན་རྟགས་བསྐྱོན་རྗེས་དངོས་སུ་ཨ་རིའི་ཁྲིམས་སུ་འགྱུར་གྱི་ཡོད་པའི་ཁྲིམས་འཆར་དེའི་ནང་། ཨ་རིའི་གཞུང་འབྲེལ་གྱི་སྲིད་ཇུས་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གམ་ཁོང་གི་དམིགས་བསལ་སྐུ་ཚབ། དེ་བཞིན་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་པའི་མགོ་ཁྲིད་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་བར་རྒྱབ་སྐྱོར་གནང་རྒྱུ་དང་། འཛམ་གླིང་རྒྱལ་ཁབ་གཞན་དང་མཉམ་འབྲེལ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་བར་རམ་འདེགས་གནང་རྒྱུ། རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ལོ་རྒྱུས་སོགས་བོད་མི་མང་གི་མངོན་འདོད་བཞིན་སྦྱང་སྤྱོད་སྤེལ་གསུམ་བྱེད་དུ་འཇུག་དགོས་པ་དང་། རྒྱ་ནག་གིས་གནའ་ནས་ད་བར་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་དག་ལོ་རྒྱུས་ཀྱི་ཐོག་ནས་དྲང་བདེན་མིན་པ་གསལ་འདོན་གནང་རྒྱུ་མ་ཟད། ཨ་རིས་བོད་དེ་གནའ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་རྩ་བ་ནས་ངོས་ལེན་མེད་ཅེས་དང་། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། དགའ་ལྡན་ཕོ་བྲང་ཚུད་པའི་བོད་ཀྱི་སྒྲིག་འཛུགས་ཁག་གི་སྐོར་ལ་འཁྱོག་བརྗོད་དང་ལོག་འགྲེལ་བྱེད་མཚམས་འཇོག་དགོས་པའི་སྐོར། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བ་དང་བོད་རིགས་རང་སྐྱོང་ཁུལ་ཟེར་བ་ཚང་མ་བོད་ཀྱི་མངའ་ཁོངས་ཡིན་པ་སོགས་གསལ་སྟོན་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese