མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱི་དང་རྒྱ་ནག་གི་གནས་སྟངས་ཁྲོད་ཀྱི་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་གཏམ་བཤད་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས་བོད་དོན་ཐོག་རིམ་བཞིན་ཉམས་ཆག་ཡོང་ཉེན་ཡོད་པའི་ཐད་ནུས་པ་རྒྱུན་སྐྱོང་བྱེད་པར་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དུ་གསུང་བཤད་གནང་བཞིན་པ། ཐད་གཏོང་ནས་པར་བླངས།

ཁ་སང་ཕྱི་ཚེས་ ༣ ནས་ཉིན་གྲངས་གསུམ་རིང་བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ཌི་པོ་ལོ་གསོལ་མགྲོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་འཚོག་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༣ ནས་ཚོགས་བཅར་བ་ ༡༠༥ ལྷག་གིས་མཉམ་ཞུགས་བྱས་ཡོད་ཅིང་། དེ་རིང་ཚོགས་ཆེན་གྱི་ཉིན་གཉིས་པའི་ཐོག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་རྒྱ་གར་དང་ཨེ་ཤ་ཡའི་ངེས་སྟོན་པ་དང་བཀའ་ཟུར་བསྟན་པ་ཚེ་རིང་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། སུད་སི་ཨེཌ་ཝིལ་ཨེམ་སིའི་གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས། ཁེ་ན་ཌ་པཱག་ཌེལ་ས་གནས་གྲོས་ཚོགས་འཐུས་མི་བུ་འཁྲིད་ལ་དཀར་པོ་ཆེ་ལགས་བཅས་ཀྱིས་འཁྲུག་ཆ་དོད་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཁྲོད་ཀྱི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་འདུག

སྐབས་དེར་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས། བོད་དོན་གྱི་རྒྱབ་ལྗོངས་ནི་བདེན་པ་དང་དྲང་བོ་ཆགས་ཡོད་ཀྱང་། འཛམ་གླིང་ཐོག་བོད་དོན་ནི་ལོ་ངོ་ ༧༠ ཙམ་གྱི་རིང་གི་གནས་ཚུལ་རྙིང་བ་ཞིག་ཆགས་ཀྱི་ཡོད་པས། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་གནས་སྟངས་དང་། རྒྱལ་སྤྱིའི་ཐོག་བོད་དོན་མ་ཡིན་པའི་ཛ་དྲག་གི་གནས་ཚུལ་མང་པོ་ཞིག་འབྱུང་བཞིན་ཡོད་པ་དང་། བཙན་བྱོལ་དུའང་ལོ་ཇི་ཙམ་གནས་དགོས་བྱུང་ཚེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ཉམས་ཆག་འགྲོ་བའི་ཉེན་ཁ་ཡང་ཡོད་ལ། བོད་ནང་གི་བོད་མི་རྣམས་ལ་སེམས་ཤུགས་ཅི་ཙམ་ཡོད་ཀྱང་། རྒྱ་གཞུང་གི་སྲིད་ཇུས་འོག་ནས་འཚར་ལོངས་བྱུང་བཞིན་ཡོད་པས། བོད་དོན་རིམ་བཞིན་ཉམས་ཆག་ཡོང་བའི་ཉེན་ཁ་ཡོད་པའི་ཐད། ང་ཚོའི་ནུས་པ་རྒྱུན་སྐྱོང་བྱེད་པར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་བརྗོད་སོང་།

བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་བཞིན་པ། ཐད་གཏོང་ནས་པར་བླངས།

ཡང་ཁོང་གིས། རྒྱ་ནག་ལ་ཕྱི་ནས་ལྟ་དུས་སྟོབས་ཆེན་པོ་མཐོང་གི་ཡོད་ཀྱང་། མངོན་གསལ་དོད་པོ་མིན་པའི་ཐོག་རྒྱ་ནག་ནང་འགྱུར་བ་ཐེབས་བཞིན་ཡོད་པ་ཞིག་རེད། ཉེ་ཆར་རྒྱ་ནག་གི་དཔོན་རིགས་མང་པོ་ཞིག་ལྐོག་ཟ་རུལ་སུངས་དང་འབྲེལ་ནས་ཕྱིར་ཕུད་བཏང་ཡོད་ཅིང་། དེ་དག་ནི་རྒྱ་གཞུང་གིས་མི་མང་ནང་དམ་དྲག་ཤུགས་ཆེན་གཏོང་བཞིན་ཡོད་པས། མི་མང་ཁྲོད་དུ་རང་འགུལ་གྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ་ལས་བྱུང་བ་ཞིག་རེད་བསམ་གྱི་འདུག མི་མང་གི་ངོ་རྒོལ་གྱི་ནུས་པ་ཐོན་ཚེ་རྒྱ་ནག་ནང་འགྱུར་བ་ཐེབས་སྲིད་པ་ཞིག་རེད། དེ་བཞིན་འཛམ་གླིང་ཐོག་རྒྱ་ནག་གི་དཔལ་འབྱོར་ཨང་དང་པོ་ཆགས་པར་ཐེ་ཚོམ་བྱེད་ཀྱི་མེད་ཀྱང་། དེང་སང་རྒྱ་ནག་ནང་དཔལ་འབྱོར་གྱི་ཉམས་ཆག་བྱུང་སྟེ། ཨེ་ཤ་ཡ་དང་ཨ་ཧྥི་རི་ཁ་ནང་འཛུགས་སྐྲུན་ཐད་དཔལ་འབྱོར་བུ་ལོན་གཡར་བཞིན་ཡོད་པར་འགལ་རྐྱེན་འཕྲད་ཡོད་པ་མ་ཟད། འཛམ་གླིང་ནང་རྒྱ་གཞུང་གིས་དཔལ་འབྱོར་མ་རྩ་རིང་ལུགས་ཀྱི་ཐབས་ཤེས་ཐོག་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་སྤེལ་བར་བརྟེན། ནུབ་ཕྱོགས་རྒྱལ་ཁབ་གཙོས་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ཀུན་སློང་ལ་དོགས་སློང་བྱེད་བཞིན་ཡོད། རྒྱལ་སྤྱི་དང་རྒྱ་ནག་ནང་གི་གནས་སྟངས་ཤེས་རྟོགས་བྱུང་ཚེ་བོད་དོན་ལས་འགུལ་སྤེལ་བར་ཐུགས་ཕན་གསོས་པ་ཞིག་རེད། ཅེས་བརྗོད་སོང་།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། མ་འོངས་པའི་མི་རབས་ལ་བདག་པོ་རྒྱག་རྒྱུ་ནི་དེང་སང་འཛམ་གླིང་ཐོག་ནམ་རྒྱུན་བརྗོད་གཞི་ཆེན་པོ་ཞིག་ཆགས་ཡོད། མ་འོངས་པའི་མི་རབས་ལ་བདག་པོ་རྒྱག་དགོས་ཟེར་བའི་སྐད་ཆ་དེ་ལས་སླ་བོ་ཞིག་མ་རེད། མ་འོངས་པའི་མི་རབས་ག་འདྲ་ཞིག་ལ་ཟེར་གྱི་ཡོད། ད་ལྟ་སྐྱེས་ཡོད་པའི་མི་རབས་ལ་བདག་པོ་མི་རྒྱག་རང་རྒྱག་རེད། དེ་ལ་བདག་པོ་མ་བརྒྱབ་ན་ཕ་མ་ཚོས་ཞབས་འདྲེན་རེད། དེའི་སྐབས་སུ་ཡོད་པའི་མགོ་ཁྲིད་རྣམས་ཀྱི་ཞབས་འདྲེན་ཡང་རེད། དེ་ལ་མགོ་ཁྲིད་བསྐྱེད་བསྲིངས་སོགས་ཀྱི་མིང་གང་བཏགས་ཀྱང་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། མ་འོངས་པར་ཡོང་རྒྱུ་བསྡད་པའི་མི་རབས་གསོ་སྐྱོང་བྱེད་རྒྱུ་དེ། ད་ལྟའི་མི་རབས་རྣམས་ཀྱི་ལག་པར་ཡོད་བསྡད་པ་ཞིག་ཆགས་ཡོད་ལ། རང་ཉིད་ཀྱི་རིག་གཞུང་རྩ་ཆེན་འཛིན་སྐྱོང་སྤེལ་གསུམ་བྱེད་པར་མ་འོངས་པའི་མི་རབས་ཀྱང་དགོས་པ་རེད། ཅེས་སོགས་བརྗོད་སོང་།

དེ་བཞིན་སུད་སི་ཨེཌ་ཝིལ་ཨེམ་སིའི་གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས་དང་། ཁེ་ན་ཌ་པཱག་ཌེལ་ས་གནས་གྲོས་ཚོགས་འཐུས་མི་བུ་འཁྲིད་ལ་དཀར་པོ་ཆེ་ལགས་གཉིས་ཀྱིས་རང་ཉིད་མི་ཚེའི་ཉམས་མྱོང་དང་འབྲེལ་ནས་རྒྱལ་སྤྱིའི་ཆབ་སྲིད་མི་སྣ་དང་འབྲེལ་ལམ་བྱེད་ཕྱོགས་སྐོར་ནས་གཏམ་བཤད་དང་དྲི་བ་དྲིས་ལན་གནང་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༤ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese