མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གྱི་དམར་ཤོག་ཚོགས་པའི་མགོ་ཁྲིད་ཤར་མཱ་ཨོ་ལི་སླར་ཡང་བལ་ཡུལ་གྱི་སྲིད་བློན་ཆགས།

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གྱི་སྲིད་བློན་གསར་པ་འདེམས་ཐོན་བྱུང་བ་དང་འབྲེལ་བལ་ཡུལ་ནི་ཆབ་སྲིད་ཀྱི་ཐོག་ནས་རྒྱ་དཀར་ནག་གཉིས་ལ་གལ་གནད་ཆེ་བས། རྒྱ་དཀར་ནག་གཉིས་ནས་བལ་ཡུལ་གྱི་སྲིད་བློན་གསར་བར་འཚམས་འདྲི་བྱེད་པ་སོགས་སོ་སོའི་ཆབ་སྲིད་ཀྱི་ལངས་ཕྱོགས་བསྒྲགས་ཐབས་བྱེད་བཞིན་འདུག

བལ་ཡུལ་གྱི་ (Nepalkhabar) གསར་ཁང་གི་པར།

ཁ་སང་ཕྱི་ཚེས་ ༡༥ ཉིན་ནས་བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཆེ་ཤོས་ཀྱི་མགོ་ཁྲིད་ཤར་མ་ཨོ་ལིས་ (K. P. Sharma Oli) བལ་ཡུལ་གྱི་སྲིད་བློན་གསར་པའི་ལས་ཁུར་དམ་འབུལ་ཞུས་ཏེ། ཁོ་རང་བལ་ཡུལ་གྱི་སྲིད་བློན་ཆགས་པ་ཐེངས་བཞི་པ་དེ་ཡིན་འདུག་ལ། འབྱུང་འགྱུར་ཉིན་གྲངས་ ༣༠ ནང་བལ་ཡུལ་གྱི་བཅའ་ཁྲིམས་ནང་གསལ་ལྟར། བལ་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་ཨོ་ལིས་སྣེ་ཁྲིད་པའི་གཞུང་ལ་ཡིད་ཆེས་རྒྱབ་སྐྱོར་ཡོད་མེད་ཀྱི་འོས་བསྡུ་བྱས་ཏེ། ཁོ་ལ་འོས་གྲངས་ ༢༧༥ ནས་ཉུང་མཐར་འོས་གྲངས་ ༡༣༨ མ་ཐོབ་ཚེ་སྲིད་བློན་གྱི་གོ་གནས་ནས་དགོངས་པ་ཞུ་དགོས་ཀྱི་ཡོད་པ་རེད།

ད་རེས་ཤར་མཱ་ཨོ་ལི་བསྐྱར་དུ་བལ་ཡུལ་གྱི་སྲིད་བློན་ཆགས་དོན་ནི། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བལ་ཡུལ་གྲོས་ཚོགས་འོག་མའི་ནང་བལ་ཡུལ་གྱི་སྲིད་བློན་པུ་ཤི་པ་ཀ་མལ་ (Pushpa Kamal Dahal) ལ་ཡིད་ཆེས་རྒྱབ་སྐྱོར་ཡོད་མེད་ཐོག་ནས་འོས་བླུགས་ཏེ། གྲོས་ཚོགས་འཐུས་མི་ ༢༥༨ ལས་འོས་གྲངས་ ༦༣ མ་གཏོགས་ཐོབ་མེད་སྟབས་ཡིན་པ་དང་། བལ་ཡུལ་དམར་ཤོག་ཚོགས་པའི་མགོ་ཁྲིད་ཨོ་ལིས་བལ་ཡུལ་གྱི་དམངས་གཙོའི་སྲིད་དོན་ཚོགས་པ་ཆེ་ཤོས་ (Nepali Congress) དང་མཉམ་འབྲེལ་གྱིས་རང་ཉིད་སླར་ཡང་སྲིད་བློན་དུ་བསྡད་ཡོད་པ་རེད།

སྲིད་བློན་གསར་པ་ཤར་མཱ་ཨོ་ལི་ནི་རྒྱ་ནག་ལ་མཐུན་ཕྱོགས་སྒྲིག་མཁན་དང་རྒྱ་གར་ལ་སྡང་ཟུག་འཛིན་མཁན་ཞིག་ཡིན་ཡང་། ད་རེས་ཁོ་སླར་ཡང་སྲིད་བློན་དུ་འདེམས་ཐོན་བྱུང་བར་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་འཚམས་འདྲི་གནང་ཡོད་འདུག་པ་དང་། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་འཚམས་འདྲི་གནང་བའི་ནང་། ཤར་མཱ་ཨོ་ལི་བལ་ཡུལ་གྱི་སྲིད་བློན་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི་ཞུ་ཡི་ཡོད། ང་ཚོས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་དང་། མི་མང་གི་མངོན་འདོད་ཇི་བཞིན་ཕྱོགས་གཉིས་ཀྱི་མཉམ་ལས་སྔར་ལྷག་ཡར་རྒྱས་ཀྱིས་མདུན་སྐྱོད་བྱེད་ཀྱི་ཡིན། ཞེས་བརྗོད་འདུག་ལ། བལ་ཡུལ་གྱི་སྲིད་བློན་ཨོ་ལི་ཡིས་ཀྱང་། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱོགས་གཉིས་ཀར་ཁེ་ཕན་ཡོང་སླད་ཁྱེད་དང་མཉམ་དུ་རྒྱ་གར་དང་བལ་ཡུལ་བར་གྱི་འབྲེལ་ལམ་ཡར་རྒྱས་དང་སྲ་བརྟན་དུ་གཏོང་བར་འབད་བརྩོན་བྱ་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད། ང་ཚོ་མཉམ་འབྲེལ་གྱིས་ལོ་རྒྱུས་དང་ལྡན་པའི་འབྲེལ་ལམ་ཡར་རྒྱས་གཏོང་གི་ཡིན། ཞེས་བརྗོད་འདུག

གཞན་ཡང་། ཁ་སང་ཨོ་ལིའི་དམ་འབུལ་མཛད་སྒོར་རྒྱ་དཀར་ནག་གཉིས་ཀྱི་གཞུང་ཚབ་པ་ཞུགས་ཏེ། ཨོ་ལི་དང་དངོས་སུ་ཐུག་འཕྲད་བྱས་ཡོད་པ་མ་ཟད། རྒྱ་ནག་གི་གཞུང་ཚབ་པ་ཁྲན་སོན་ (Chen Song) ཟེར་བས། ཨོ་ལི་དང་ཐུག་འཕྲད་བྱས་ཏེ་བལ་ཡུལ་དང་རྒྱ་ནག་གཉིས་ཀྱི་མཉམ་འབྲེལ་གོང་འཕེལ་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་གཏིང་ཇེ་ཟབ་ཏུ་གཏོང་བར་མོས་མཐུན་བྱུང་ཡོད་སྐོར་བསྒྲགས་ཡོད་འདུག

སྤྱིར་ཤར་མཱ་ཨོ་ལི་ནི་ཕྱི་ལོ་ ༢༠༡༥ ལོར་ཨོ་ལི་བལ་ཡུལ་གྱི་སྲིད་བློན་ཡིན་སྐབས། ཁོས་རྒྱ་ནག་དང་ལྷན་དུ་མཉམ་འབྲེལ་གྱི་འབྲེལ་བ་ཤུགས་ཆེན་བཟུང་བ་མ་ཟད། ཕྱི་ལོ་ ༢༠༡༧ ལོར་བལ་ཡུལ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཚོང་འབྲེལ་ལས་གཞི་ནང་དངོས་སུ་ཞུགས་པ་དང་། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༦ པར་ཁོས་རྒྱ་ནག་དང་ལྷན་དུ་གཞིས་ཀ་རྩེ་ནས་བལ་ཡུལ་གྱི་རྒྱལ་སའི་བར་མེ་འཁོར་ལྕགས་ལམ་མཐུད་རྒྱུར་མོས་མཐུན་ས་ཡིག་བརྒྱབ་ཡོད་ལ། ཕྱི་ལོ་ ༢༠༢༠ ལོར་ཁོའི་གཞུང་གིས་བལ་ཡུལ་གྱི་ས་ཁྲ་གསར་པ་ཞིག་བཟོས་ཏེ་ཁྲིམས་ཚོགས་ནང་གཏན་འབེབ་བྱས་པ་དང་། ས་ཁྲའི་ནང་ད་ལྟ་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ལི་པུ་ལིག་ (lipulek) དང་། ལིམ་པི་ཡ་དུ་ར་ (Limpiyadhura)། ཀ་ལ་པ་ནི་ (kalapani) བཅས་ཀྱི་བདག་དབང་བལ་ཡུལ་གཞུང་ལ་ཡོད་པ་བློ་སྟོབས་ཆེན་པོས་བསྒྲགས་ཡོད། དེར་བརྟེན། བལ་ཡུལ་ནང་ཤར་མཱ་ཨོ་ལི་ནི་རྒྱལ་ཞེན་ཆེ་ཞིང་རྒྱ་གར་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་ཞིག་ཏུ་ངོས་འཛིན་བྱས་མྱོང་འདུག

ཕྱི་ལོ་ ༡༩༥༥ ལོ་ནས་བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་འོག་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པར་བསྒྲུབས་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་བཀོད་འདོམས་འོག་བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོར་དམ་དྲག་དང་སོ་ལྟ་སོགས་བྱས་མྱོང་ལ། དམིགས་བསལ་ཤར་མཱ་ཨོ་ལི་བལ་ཡུལ་གྱི་སྲིད་བློན་ཡིན་སྐབས། བལ་ཡུལ་ནང་གི་བོད་མི་ཚོར་གསུམ་བཅུའི་དུས་དྲན་དང་༧རྒྱལ་བའི་འཁྲུངས་སྐར་སོགས་དུས་ཆེན་རིགས་སྲུང་གཙི་བྱེད་པར་དམ་དྲག་ཤུགས་ཆེན་བྱས་ཡོད་ལ། འདས་ལོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྙན་ཐོ་ཞིག་བཏོན་ཏེ། བལ་ཡུལ་གཞུང་གིས་ཁུལ་དེར་གནས་སྡོད་བོད་མི་རྣམས་ལ་སྐྱབས་བཅོལ་བའི་ཡིག་ཆ་སྤྲད་རྒྱུ་མཚམས་འཇོག་བྱས་ཤིང་། རིམ་པས་ཕྱོགས་ཡོངས་ནས་བོད་མིའི་གཞི་རྩའི་རང་དབང་ལ་དམ་དྲག་བྱེད་མགོ་བཙུགས་ཏེ། དེང་སྐབས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་ཚོར་ཉེན་སྲུང་ཐུབ་པའི་ས་ཁུལ་ཞིག་ཆགས་ཀྱི་མེད་པ་མ་ཟད། བལ་ཡུལ་དེ་བཞིན་བོད་ཀྱི་རྗེས་སུ་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱ་སའི་ས་ཁུལ་གཉིས་པ་ཞིག་ཏུ་གྱུར་ཡོད་སྟབས། བོད་མི་མང་པོ་ཞིག་གིས་བལ་ཡུལ་ལ་བོད་གཉིས་པ་ཞེས་འབོད་སྲོལ་ཡོད་པ་ཐེར་འདོན་གནང་འདུག

ཤར་མཱ་ཨོ་ལི་ནི་ཕྱི་ལོ་ ༡༩༥༢ ཟླ་ ༢ ཚེས་ ༢༢ ཉིན་སྐྱེས་ཤིང་། ཕྱི་ལོ་ ༡༩༦༦ ལོ་ནས་ཐོག་མར་སྲིད་དོན་ནང་ཞུགས། ཕྱི་ལོ་ ༡༩༧༠ ཟླ་ ༢ པའི་ནང་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་བྱས་ཏེ། ཕྱི་ལོ་ ༡༩༧༠ ལོར་ཁོས་ཆབ་སྲིད་བཅོས་བསྒྱུར་གྱི་ལས་དོན་བྱས་པའི་རྐྱེན་གྱིས་ཐོག་མར་འཛིན་བཟུང་བྱས། དེ་རྗེས་ཁོས་མི་གཅིག་དབང་སྒྱུར་གྱི་ལམ་ལུགས་ལ་ཁ་གཏད་དུ་ལངས་པའི་རྐྱེན་གྱིས་ཕྱི་ལོ་ ༡༩༧༣ ནས་ལོ་ངོ་ ༡༤ རིང་འཛིན་བཟུང་བྱས། ཕྱི་ལོ་ ༡༩༩༡ ནས་གྲོས་ཚོགས་འོག་མའི་འཐུས་མི་རུ་འདེམས་ཐོན་བྱུང་བ་མ་ཟད། ༡༩༩༢ ལོར་བལ་ཡུལ་དམར་ཤོག་ཚོགས་པའི་ཕྱི་སྲིད་ལས་ཁུངས་ཀྱི་ཚོགས་གཙོ་རུ་བསྐོ་བཞག་བྱས། ༡༩༩༤ ལོར་བསྐྱར་དུ་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་སྟེ་ནང་སྲིད་ལས་ཁུངས་ཀྱི་བློན་ཆེན་གྱི་ལས་གནས་འཁུར། ཕྱི་ལོ་ ༢༠༠༦ ལོར་སྲིད་བློན་གཞོན་པ་དང་ཕྱི་སྲིད་ལྷན་ཁང་གི་བློན་ཆེན་དུ་བསྐོ་བཞག་བྱས། ཕྱི་ལོ་ ༢༠༡༤ ཟླ་ ༧ པའི་ནང་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ བར་དང་། ཕྱི་ལོ་ ༢༠༡༨ ཟླ་ ༢ པ་ནས་ ༢༠༢༡ ཟླ་ ༧ བར་སྲིད་བློན་གྱི་ལས་གནས་འཁུར། ཕྱི་ལོ་ ༢༠༢༡ ཟླ་ ༥ པའི་ནང་སྲིད་འཛིན་བྷི་དྷི་ཡ་དྷེ་ཝི་ (Bidya Devi Bhandari) ཡིས་ཨོ་ལི་སྲིད་བློན་དུ་བསྐོ་བཞག་བྱས་ཡོད་ཀྱང་། གྲོས་ཚོགས་འོག་མ་ནས་འོས་གྲངས་མ་ཚང་བའི་རྐྱེན་གྱིས་ལོ་དེའི་ཕྱི་ཟླ་ ༡༡ ནང་བསྐྱར་དུ་འོས་བསྡུ་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། སྐལ་བཟང་སྦྱིན་པས་རྩོམ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese