མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་མཆོག་རྡོ་རྗེ་གདན་རྒྱ་སྐྱེད་གནང་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

གནས་མཆོག་རྡོ་རྗེ་གདན་རྒྱ་བསྐྱེད་ནས་གནས་སྐོར་དང་ཡུལ་སྐོར་ས་ཚིགས་ཆེན་པོ་ཞིག་ཏུ་བསྒྱུར་འཆར་ཡོད་འདུག

གནས་མཆོག་རྡོ་རྗེ་གདན། དྲ་ལམ་གྱི་པར།

ཁ་སང་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ནིར་མཱ་ལ་སི་ཐི་རཱ་མན་(Nirmala Sitharaman) ལགས་ཀྱིས། རྒྱ་གར་གཞུང་གི་ཕྱི་ལོ ༢༠༢༤ ལོའི་སྔོན་རྩིས་ཀྱི་གཏམ་བཤད་གནང་སྐབས་རྒྱ་གར་གྱི་མངའ་སྡེ་བྷེ་ཧར་གྱི་གྲོང་ཁྱེར་གྷ་ཡའི་ཉེ་འདབས་སུ་ཆགས་པའི་གནས་མཆོག་རྡོ་རྗེ་གདན་གྱི་ནང་གི་བྱང་ཆུབ་མཆོད་རྟེན་ཆེན་མོ་དང་། ཁྱབ་འཇུག་གི་ཝིཥྞུ་པཱ་དཱི་ལཱི་ (Vishnupad Temple) ལྷ་ཁང་གཉིས་ལ་བར་འཁྱམས་སོགས་རྒྱ་བསྐྱེད་ནས། འཛམ་གླིང་གི་གནས་སྐོར་དང་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཚིགས་སུ་བསྒྱུར་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་བར། རྒྱ་གར་དབུས་གཞུང་དཔལ་འབྱོར་ལས་ཁུངས་ཀྱིས་རོགས་འདེགས་བྱ་རྒྱུ་ཡིན་སྐོར་སོགས་གསུངས་འདུག

ཁོང་མོས། བྷེ་ཧར་གྱི་ག་ཡའི་ཁྱབ་འཇུག་ལྷ་ཁང་དང་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་ལྷ་ཁང་གཉིས་ཆོས་ཕྱོགས་ནས་གལ་གནད་ཆེན་པོ་ཡིན་པས། ཁྱབ་འཇུག་ལྷ་ཁང་དང་བྱང་ཆུབ་ཆེན་པོའི་ལྷ་ཁང་གི་བར་འཁྱམས་གཉིས་རྒྱ་བསྐྱེད་ནས། འཛམ་གླིང་གི་གནས་སྐོར་དང་ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་དུ་བསྒྱུར་བར་རྒྱབ་སྐྱོར་བྱ་རྒྱུ་དང་། དེ་བཞིན་རྒྱལ་བོའི་ཁབ་དང་ན་ལེནྡྲ་གཉིས་ཀྱང་ཡར་རྒྱས་གཏང་རྒྱུ་ཡིན་སྐོར་དང་། ཁོང་གིས་ཨོ་ཌི་ཤའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་། ལྷ་ཁང་། དྲན་རྟེན་རྡོ་རིང་། ལག་ཤེས་ལག་རྩལ་གྱི་རིག་གཞུང་། རི་དྭགས་སྲུང་སྐྱོབ་ས་ཁུལ། རང་བྱུང་གི་ཡུལ་ལྗོངས། ཀུན་གཙང་མཚོ་འགྲམ་བཅས་ནི་ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་མཐར་ཐུག་ཅིག་ཡིན་སྟབས། ཨོ་ཌི་ཤ་ལའང་དེ་ཚོ་ཡར་རྒྱས་གཏོང་བར་རོགས་རམ་བྱ་རྒྱུ་ཡིན་སྐོར་སོགས་གསུངས་འདུག

ད་ལྟ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། རྒྱ་གར་དཔལ་འབྱོར་བློན་ཆེན་མཆོག་གིས་ཆོས་ལུགས་ཀྱི་ལྟེ་གནས་ཁང་དེ་དག་རྒྱ་བསྐྱེད་པར་དཔལ་འབྱོར་གྱི་རོགས་འདེགས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་ལས། འདི་ལོའི་སྔོན་རྩིས་ལས་མ་དངུལ་ག་ཙམ་གནང་རྒྱུ་དང་། ག་དུས་ཙམ་ལ་རྒྱ་བསྐྱེད་ནས་ཡུལ་སྐོར་སྤྲོ་འཆམ་དང་གནས་མཇལ་བའི་ས་ཚིགས་གལ་ཆེན་ཞིག་ཏུ་བསྒྱུར་རྒྱུ་ཡིན་པའི་ཐད་གསལ་ཁ་གང་ཡང་མེད་པ་རེད།

གནས་མཆོག་རྡོ་རྗེ་གདན་ནི་ནང་པ་རྣམས་ཀྱིས་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། དེ་ནི་ཐོག་མར་བྲམ་ཟེ་ཛ་སའི་བུ་ཐ་ཆུང་བྲམ་ཟེ་དགེ་བས་བཞེངས་པར་གྲགས།  རྗེས་སུ་མ་ག་དྷའི་ཁྱིམ་བདག་འཆི་མེད་དང་རྒྱ་གར་གཞུང་སོགས་ཀྱིས་ཉམས་གསོ་གནང་། དབུས་ཀྱི་གན་དྷོ་ལའི་རྩེའི་མཆོད་རྟེན་ཆུང་ངུ་དེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེངས་ཤིང་། ནང་དུ་བཅོམ་ལྡན་འདས་ཀྱི་རིང་བསྲེལ་བྲེ་གང་དང་། ལྷ་ཁང་སྟེང་འོག་གཉིས་ཡོད་པའི་སྟེང་མ་དེའི་ནང་དུ་ལྷ་སའི་ཇོ་བོ་སྔོན་བཞུགས་པར་གྲགས། སྐོར་ལམ་གྱི་རྡོའི་དྲྭ་མིག་དེ་དག་མགོན་པོ་ཀླུ་སྒྲུབ་ཀྱིས་བཞེངས། སྔ་རྗེས་བར་གསུམ་དུ་སྦྱིན་པའི་བདག་པོ་རྣམས་ཀྱིས་ཉམས་གསོ་ལན་མང་གནང་། དེང་སྐབས་དེ་ནི་ནང་པའི་གནས་ཆེན་ཁྱད་འཕགས་ཤིག་དང་། འཛམ་གླིང་གི་ཡུལ་སྐོར་བའི་ས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཝིཥྞུ་པཱ་དཱི་ལཱི་(Vishnupad Temple) ནི་ཁྱབ་འཇུག་གི་ཞབས་ཀྱི་ལྷ་ཁང་ཞིག་སྟེ། རྒྱ་གར་གྱི་བྷེ་ཧར་མངའ་སྡེའི་ག་ཡའི་གྲོང་ཁྱེར་ནང་གི་ཧིན་དྷུའི་གནའ་བོའི་ལྷ་ཁང་ཞིག་ཡིན།  ཁྱབ་འཇུག་གིས་བདུད་ག་ཡཱ་སུ་ར་བསད་པའམ་ས་འོག་ཏུ་བཅུག་པའི་གནས་སུ་བཞེངས་པར་གྲགས། ལྷ་ཁང་དེའི་ནང་དུ་ཁྱབ་འཇུག་གི་ཞབས་རྗེས་སེན་ཊི་མི་ཊར ༤༠ ཅན་ཞིག་ཡོད་པའི་རྡོ་ལེབ་ཅིག་བརྐོས་ཡོད། རྡོ་ལེབ་དེ་ནི་ག་ཡཱ་སུ་རའི་བྲང་ཁར་ཞབས་ཀྱིས་བཅགས་ནས་ས་འོག་ཏུ་བཅུག་པའི་རྗེས་ཤུལ་ཡིན་སྐོར་གྲགས། ཁྱབ་འཇུག་གི་ལྷ་ཁང་ནི་ག་ཡའི་གྲོང་ཁྱེར་ནང་གི་དད་ལྡན་པའི་ལྷ་ཁང་གཙོ་བོ་དེ་ཡིན།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese