མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་རྭ་རྒྱ་ཤེས་རིག་ནོར་གླིང་སྒོ་བརྒྱབ་པའི་རྒྱུ་རྐྱེན་དང་ཤུགས་རྐྱེན་ཞེས་པའི་དཔྱད་གླེང་ཞིག་འཚོགས།

བོད་ཀྱི་དུས་བབ།
༢༠༢༤/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་དུ་ལག་ལེན་བསྟར་མུས་ཡིན་པའི་རིག་གཞུང་བཙན་བསྒྱུར་གྱི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་དགག་བྱ་ཡོད་སྐོར་སོགས་གསུངས་སོང་། 

རྭ་རྒྱ་ཤེས་རིག་ནོར་གླིང་སྒོ་བརྒྱབ་པའི་རྒྱུ་རྐྱེན་དང་ཤུགས་རྐྱེན་ཞེས་པའི་དཔྱད་གླེང་སྐབས། ༢༠༢༤།༧།༢༩ བོད་ཀྱི་དུས་བབ་ཀྱི་པར།

དེ་རིང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག རྒྱ་ནག་གཞུང་གིས་རྭ་རྒྱ་ཤེས་རིག་ནོར་གླིང་སྒོ་བརྒྱབ་པའི་རྒྱུ་རྐྱེན་དང་ཤུགས་རྐྱེན་ཞེས་པའི་དཔྱད་གླེང་གི་ལས་རིམ་ཞིག་སྐོང་འཚོག་གནང་ཡོད་ཅིང་། གླེང་མོལ་ལས་རིམ་དེའི་ཁྲོད་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས།  བོད་ཀྱི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པདྨ་མཚོ་ལགས། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས།  བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་། གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་འཐུས་མི་སོགས་ཕེབས་འདུག 

སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་མང་པོ་ཞིག་དར་སྤེལ་གཏོང་གིན་ཡོད་པའི་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་ལ། ལྷག་པར་འཛུགས་སྐྲུན་གྱི་ལས་གཞི་མང་དག་སྤེལ་མུས་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་ཀྱང་། ད་ལན་རྒྱ་ནག་གཞུང་གིས་བཙན་ཐབས་ཀྱིས་རྭ་རྒྱ་ཤེས་རིག་ནོར་གླིང་སྒོ་བརྒྱབ་པ་དེས། རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱས་པ་བཞིན་ལག་ལེན་བསྟར་གྱི་མེད་པའི་དཔེ་མཚོན་གསལ་པོ་ཞིག་མཚོན་ཡོད་པའི་སྐོར་དང་།  སྤྱིར་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་དང་གྲྭ་ཚང་ཚུད་པའི་སྲོལ་རྒྱུན་རིག་གནས་ཀྱི་བསྟི་གནས་མང་པོ་ཞིག་སྒོ་བརྒྱབ་བཅུག་པའི་གནད་དོན་མང་པོ་ཞིག་བྱུང་དང་འབྱུང་མུས་ཡིན་པའི་ཁར།  ཉེ་བའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་བོད་ནང་གི་སྒེར་བཙུགས་སློབ་གྲྭ་བཙན་གྱིས་སྒོ་བརྒྱབ་ཏུ་བཅུག་པ་དང་། བོད་ཕྲུག་རྣམས་ཕ་མ་དང་རྒྱང་དུ་བཀྱེད་བཅུག་ནས་རྒྱ་ནག་གཞུང་གི་གཏན་སྡོད་སློབ་གྲྭར་བཅུག་སྟེ། བོད་ཡུལ་རྒྱ་ཡུལ་དང་བོད་ཕྲུག་རྒྱ་ལ་བསྒྱུར་ཐབས་ཀྱི་སྲིད་ཇུས་སྣ་མང་འཐེན་མུས་ཡིན་པས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་རིག་གཞུང་བཙན་བསྒྱུར་གྱི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་དགག་བྱ་ཡོད་སྐོར་སོགས་གསུངས་སོང་། 

ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་པདྨ་ལགས་ཀྱིས། རྒན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་གསར་འཛུགས་མཛད་པའི་གངས་ལྗོངས་ཤེས་རིག་སློབ་གླིང་ནི་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་གི་སྐྱེད་ཚལ་ཡངས་པོ་ཞིག་ཡིན་པའི་ཁར།  བཙན་བྱོལ་བོད་མིའི་ཡར་ཐོན་གྱི་ཤེས་ཡོན་སྲིད་ཇུས་བཞིན། གངས་ལྗོངས་ཤེས་རིག་ནོར་གླིང་གི་ཤེས་ཡོན་སྲིད་ཇུས་དེའང་ཚད་ལྡན་དང་བོད་ཀྱི་རོང་འབྲོང་མང་ཚོགས་ཀྱི་སློབ་མ་རྣམས་ལ་ཆེས་འཚམ་པའི་ཤེས་ཡོན་སྲིད་ཇུས་ཚད་ལྡན་ཞིག་ཡིན་པ་མ་ཟད། ད་བར་རྭ་རྒྱ་ཤེས་རིག་ནོར་གླིང་གིས་བོད་ནང་གི་རོང་འབྲོག་མང་ཚོགས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་ཐད་ལ་གོམ་ཁ་ཆེན་པོ་སྤོས་ཡོད་སྐོར་སོགས་བརྗོད་སོང་། 

གཞན་ཡང་། གཏམ་བཤད་ལས་རིམ་དེའི་ཐོག་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་འདྲ་མིན་དུ་གནའ་ནས་བཅའ་སྡོད་སློབ་གྲྭ་སོགས་ནས། དུས་ཡུན་རིང་པོར་རྒྱ་ནག་གཞུང་གིས་ཐབས་ཇུས་མཁས་པོས་བོད་ཡིག་དང་བོད་ཀྱི་རིག་གཞུང་རྨེག་མེད་གཏོང་ཐབས་ཀྱི་སྲིད་ཇུས་གདིང་མུས་ཡིན་པའི་སྐོར་དང་། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་པདྨ་མཚོ་ལགས་ཀྱིས་རྭ་རྒྱ་ཤེས་རིག་ནོར་གླིང་བཙན་གྱིས་སྒོ་བརྒྱབ་བཅུག་དགོས་པའི་རྒྱུ་རྐྱེན་དང་སློབ་གྲྭ་དེའི་བོད་ཀྱི་སྐད་ཡིག་ལ་བཅངས་པའི་རིན་ཐང་སོགས་ཀྱི་སྐོར། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་ཀྱིས། ཁོང་ཉིད་རྭ་རྒྱ་ཤེས་རིག་ནོར་གླིང་དུ་ཡོད་པའི་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་སོགས་འབྲེལ་བའི་སྐོར་ལ་གཏམ་བཤད། དེ་བཞིན་བོད་མི་མང་སྤྱི་འཐུས་ཁག་ཅིག་གཙོས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་ཀྱི་འཐུས་མི་དང་། ཉམས་ཞིབ་པ་སོགས་ཀྱིས་བསམ་ཚུལ་བཤད་རེས་སོགས་གནང་སོང་། 

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་ཕྱི་ལོ་ ༡༩༩༤ ཟླ་ ༨ པར་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་ཟེར་བས་ཆོག་མཆན་སྤྲད་དེ་དངོས་སུ་བཙུགས་ཤིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་སྒེར་བཙུགས་སློབ་གྲྭ་དེ་ཡིན་འདུག ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༤ ཚེས་ ༡༤ ཉིན་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་དེ་ཆེད་ལས་མཐོ་འབྲིང་དུ་བསྒྱུར། ཕྱི་ལོ་ ༢༠༠༢ ལོར་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་ཞེས་པའི་མིང་ཡང་འཇིགས་མེད་རྒྱལ་མཚན་ཕན་བདེ་སློབ་གྲྭ་ཞེས་པར་བཅོས། ཕྱི་ལོ་ ༢༠༠༣ ལོར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ཟེར་བས་དམངས་ཁྲོད་དོ་དམ་རྩ་འཛུགས་ཀྱི་དམངས་ཕན་ལས་ཁུངས་སུ་བདམས། ཕྱི་ལོ་ ༢༠༠༦ ལོའི་ཟླ་ ༣ ཚེས་ ༧ ཉིན་ཀྲུང་ཧྭ་ཆེད་ལས་སློབ་གསོ་སྡེ་ཁག་གིས་ཀྲུང་ཧྭ་ཆེད་ལས་སློབ་གསོའི་མཚོ་སྔོན་ཚོད་ལྟའི་སློབ་གྲྭ་རུ་བསྒྱུར། སློབ་གླིང་དེ་ནི་བོད་ཡུལ་ན་ཆེས་མིང་དུ་གྲགས་པའི་བོད་ཡིག་ཆེད་སྦྱོང་གི་སློབ་གྲྭ་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༡ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese