མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཀེ་ར་ལ་མངའ་སྡེའི་མི་མང་ལ་ཐུགས་གསོ་མཛད།

བོད་ཀྱི་དུས་བབ།
༢༠༢༤/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་གྲོང་ཁྱེར་གྱི་ནེའུ་ཡོག་ནས་རྒྱ་གར་གྱི་ཀེ་ར་ལའི་མངའ་སྡེ་མི་མང་ལ་རང་བྱུང་གོད་ཆག་གི་རྐྱེན་གྱིས་དཀའ་ངལ་འཕྲད་བཞིན་པར་ཐུགས་གསོ་མཛད་འདུག

༸གོང་ས་རྒྱལ་བ་རིནཔོ་ཆེ་མཆོག་གིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས། རྒྱ་གར་གྱི་མངའ་སྡེ་ཀེ་ར་ལའི་སྤྱི་ཁྱབ་བློན་ཆེན་པེ་ན་རཱ་ཡི་ཝི་ཇཱེན་ལགས་སུ་ཕྱག་བྲིས་ཤིག་སྩལ་ཏེ། ད་ལྟ་ཀེ་ར་ལའི་ནང་ཆར་དུས་རྐྱེན་གྱིས་ས་རུད་བྱུང་སྟེ་མི་མང་གི་ལུས་སྲོག་དང་རྒྱུ་འབྱོར་བ་སོགས་ལ་གནོད་འཚེའི་དཀའ་ངལ་འཕྲད་བཞིན་པར་ཐུགས་གསོ་མཛད་འདུག

༧མགོན་པོ་གང་ཉིད་མཆོག་གི་གསུང་འཕྲིན་ནང་། ངོས་ཀྱིས་ཁྱེད་རྣམ་པར་སེམས་གསོ་ཞུ་རྒྱུ་ཡིན། དེ་བཞིན་རྐྱེན་ངན་གོད་ཆག་འཕྲད་པའི་ནང་མི་གཉེན་ཉེ་དང་ཤུགས་རྐྱེན་ཐེབས་པའི་མི་ཚང་མར་སྨོན་ལམ་ཞུ་རྒྱུ་ཡིན།  མངའ་སྡེའི་གཞུང་དང་འབྲེལ་ཡོད་ལས་ཁུངས་ཚང་མས་ཤུགས་རྐྱེན་ཐེབས་པའི་མི་མང་ལ་རོགས་སྐྱོར་དང་གུན་གསབ་ཀྱི་མཐུན་རྐྱེན་སྦྱོར་བཞིན་པ་ཤེས་རྟོགས་བྱུང་བས་ངོས་རང་དགའ་པོ་བྱུང་། ངས་ཀེ་ར་ལའི་མི་མང་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་ཆེད་ཏཱ་ལའི་བླ་མ་ཡིད་རྟོན་ཐེབས་རྩ་ཁང་བརྒྱུད་ངལ་སེལ་རོགས་སྐྱོར་དང་མྱུར་སྐྱོབ་ཀྱི་བྱ་བའི་ཐད་ཞལ་འདེབས་ཤིག་རྒྱག་གི་ཡིན། ཞེས་གསུངས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨེག་སི་དྲ་ལམ་བརྒྱུད་ཀེ་ར་ལ་མངའ་སྡེའི་མི་མང་ལ་ཐུགས་གསོ་གནང་བའི་ནང་། ཀེ་ར་ལའི་ནང་ས་རུད་རྐྱེན་གྱིས་མི་རྒྱུ་གཉིས་ལ་གནོད་འཚེ་ཕོག་པར་ང་ཚོས་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ང་ཚོའི་སེམས་ཁྱེད་ཅག་དང་ལྷན་དུ་ཡོད། ང་ཚོས་ད་ལྟ་བོར་བརླག་བྱུང་བའི་མི་རྣམས་བདེ་འཇགས་ངང་མྱུར་སྐྱོབ་ཐུབ་པའི་རེ་བ་དང་སྨོན་ལམ་འདེབས་ཀྱིན་ཡོད་ལ། གོད་ཆག་འདིའི་ཁྲོད་གནོད་སྐྱོན་དང་ཤུགས་རྐྱེན་ཐེབས་པ་ཚང་མ་གང་མགྱོགས་རྒྱུན་ལྡན་ཅན་དུ་འགྱུར་བའི་སྨོན་འདུན་ཞུ། ཞེས་གསུངས་འདུག

ཕྱི་ཟླ་ ༧ ཚེས་ ༣༠ ཉིན་རྒྱ་གར་གྱི་མངའ་སྡེ་ཀེ་ར་ལའི་ནང་བདུན་ཕྲག་གཅིག་ཙམ་རིང་ཆར་ཤུགས་དྲག་པོ་མུ་མཐུད་བབས་རྐྱེན་འོག་ས་རུད་བྱུང་སྟེ། མི་གྲངས་ ༢༨༠ རྐྱེན་འདས་དང་མི་གྲངས་ ༢༠༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། ད་སྔ་བར་མི་གྲངས་ ༡༥༩༢ ལྷག་མྱུར་སྐྱོབ་ཐུབ་ཡོད་པ་དང་། མི་གྲངས་ ༨༠༠༠ ངལ་སེལ་ས་ཁུལ་ ༨༢ ནང་གནས་སྤོར་བྱེད་ཐུབ་ཡོད་འདུག་ལ། ཕྱི་ཚེས་ ༣༡ ཉིན་ཀེ་ར་ལ་མངའ་སྡེ་ཁྱོན་ཡོངས་སུ་རྒྱལ་དར་ཕྱེད་ཀ་མར་འབབ་འཇོག་གིས་རྐྱེན་འདས་སུ་ཕྱིན་པ་དང་གནོད་འཚེ་ཕོག་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་དང་། རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས་རྐྱེན་འདས་སུ་ཕྱིན་པའི་ཤུལ་ལུས་ནང་མིར་ཧིན་སྒོར་འབུམ་ ༢ རེ་དང་གནོད་འཚེ་ཕོག་པའི་མི་རེར་ཧིན་སྒོར་ཁྲི་ ༥ ཡི་གུན་གསབ་སྤྲོད་རྒྱུའི་གསལ་བསྒྲགས་གནང་འདུག་ཅིང་། རྒྱ་གར་དབུས་ནང་སྲིད་མངའ་སྡེ་བློན་ཆེན་ (Nityanand Rai in Rajya Sabha) ལགས་ཀྱིས་ཧིན་སྒོར་ཀ་རོ་ ༡༤༥ ཡིས་ཀེ་ར་ལ་མངའ་སྡེ་གཞུང་ལ་རོགས་སྐྱོར་གནང་རྒྱུ་ཡོངས་བསྒྲགས་བྱས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

ཆུ་ཚོད་ ༢༤ སྔོན་ལ།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese