མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀུ་ལུ་མ་ན་ལི་ཁུལ་དུ་ཆུ་ལོག་དང་རི་ཉིལ་གྱི་དོན་རྐྱེན་འབྱུང་གིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བྱང་རྒྱུད་ཀྱི་ཧི་མ་ཅལ་མངའ་སྡེའི་ཀུ་ལུ་མ་ན་ལི་ཁུལ་དུ་དྲག་ཆར་བབས་པའི་རྐྱེན་གྱིས་ཆུ་ལོག་དང་རི་ཉིལ་བྱུང་སྟེ་མི་མང་སྟོང་ཕྲག་མང་པོའི་འཚོ་གནས་ལ་གནོད་སྐྱོན་ཐེབས་བཞིན་ཡོད་འདུག

པར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཨེག་སི་དྲ་ལམ་ནས་བླངས། པར་དབང་། བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་བཟོ་བྱས།

རྒྱ་གར་བྱང་རྒྱུད་དུ་ཆགས་པའི་ཧི་མ་ཅལ་མངའ་སྡེའི་ནང་ཆར་པ་ཤུགས་ཆེན་བབས་རྐྱེན། ཁ་སང་ཕྱི་ཚེས་ ༡ ཉིན་ཧི་མ་ཅལ་གྱི་རྒྱལ་ས་སིམ་ལ་དང་། ཀུ་ལུ། མན་ཌི་རྫོང་སོགས་སུ་སྤྲིན་པ་འཐོར་ནས། ཆུ་ལོག་བརྒྱུགས་ཏེ་ད་བར་ཉུང་མཐར་མི་གྲངས་ ༥ རྐྱེན་འདས་དང་མི་གྲངས་ ༥༠ ལྷག་བོར་བརླག་ཏུ་གྱུར་བའི་གནས་ཚུལ་འཐོན་མུས་ཡིན་པའི་ཁར། ཁུལ་དེ་དག་གི་ཡུལ་མིའི་ཁང་པ་དང་སྨན་ཁང་། སློབ་གྲྭ་དང་གཞུང་ལམ་སོགས་ལ་གཏོར་སྐྱོན་ཐེབས་མུས་ཡིན་འདུག

དེའི་ཐད་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུ་ཝིན་ཌར་སུ་ཀར་ (Sukhvinder Singh Sukhu) མཆོག་གིས། ཆུ་ལོག་གི་གནོད་འཚེ་ཐེབས་པའི་རྫོང་ཁོངས་དེ་དག་གི་གཞུང་འབྲེལ་མི་སྣ་དག་ལ་རང་བྱུང་ཁོར་ཡུག་གི་དོན་རྐྱེན་ཁྲོད་ཀྱི་གནོད་འཚེ་ཐེབས་ཡུལ་དག་གཙོས། ཕྱོགས་ཡོངས་ནས་གོ་སྒྲིག་དང་དེ་བཞིན་རྒྱ་གར་དམག་མི་སོགས་ནས་རོགས་པ་ཞུས་ཡོད་པ་མ་ཟད། ཡུལ་མི་རྣམས་ཆུ་གཞུང་དང་གཙང་འགྲམ་སོགས་སུ་འགྲོ་མི་ཉན་པའི་དྲན་སྐུལ་ཞུས་ཡོད་སྐོར་སོགས་གསུངས་འདུག་ལ། ད་ལྟ་ཆུ་ལོག་གི་དབང་གིས་རྫོང་དེ་དག་གི་ལམ་ཚུད་པའི་འཛུགས་སྐྲུན་གྱི་ལས་གཞི་དག་གཏོར་སྐྱོན་དང་། མ་ན་ལི་ཁུལ་གྱི་དྲ་ལམ་ཡང་རེ་ཞིག་ཆད་ཡོད་པ་རེད།

དེ་བཞིན་ཧི་མ་ཅལ་གྱི་ཆུ་ལོག་གི་དོན་རྐྱེན་ནང་མི་གྲངས་ ༥༠ ལྷག་བོར་བརླག་ཏུ་ཕྱིན་པའི་ཁྲོད། རྒྱལ་ས་སིམ་ལའི་ཁོངས་ནས་མི་གྲངས་ ༢༠ དང་། རྫོང་ཁོངས་གཞན་གཉིས་ནས་མི་གྲངས་སུམ་ཅུ་ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་འཐོན་མུས་ཡིན་འདུག་ལ། ཆུ་ལོག་དང་རི་ཉུལ་དེ་དག་གིས་ས་མ་ཇི་ཀན་ཌི་ ( Samej Khad) ཆུ་གློག་ས་ཚིགས་དང་། ཅན་དྷི་སྒར་ནས་མ་ན་ལི་བགྲོད་པའི་གཞུང་ལམ་གཙོས། ཁུལ་དེ་ནས་ལ་དྭགས་བགྲོད་པའི་གཞུང་ལམ་དུའང་ས་ཉིལ་བའི་དོན་རྐྱེན་འབྱུང་མུས་ཡིན་འདུག

ལོ་རེའི་ཕྱི་ཟླ་ ༧ པ་ཙམ་ནས་ཟླ་ ༣ ཡས་མས་རིང་རྒྱ་གར་གྱི་མངའ་སྡེ་ཁག་མང་པོ་དང་ལྷག་པར་དུ་བྱང་ཤར་རི་རྒྱུད་ཁུལ་དུ་ཡོད་པའི་མངའ་སྡེ་ཁག་གི་ནང་དུ་ཆར་ཞོད་ཆེ་བའི་རྐྱེན་གྱིས། ཆུ་ལོག་དང་ས་རུད་ཀྱིས་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་ཕོག་གི་ཡོད། འདས་པའི་ལོ་རིམ་པར་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་སམ་གཙོ་བྱས་པའི་མཱ་གྷ་ལ་ཡ་དང་ཨ་རུ་ན་ཅལ། ཀར་ན་ཌ་ཀ་སོགས་སུ་ཆར་ཞོད་ཀྱིས་གནོད་སྐྱོན་ཆེན་པོ་ཐེབས་ཡོད་ལ། རྒྱ་གར་ཨུ་ཏར་ཁན་ནི་རྒྱ་གར་གྱི་མངའ་སྡེའི་ཁྲོད་ནས་ཆར་ཞོད་ཆེ་ཤོས་འབབ་སའི་མངའ་སྡེ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༦ པར་ཨུ་ཏར་ཁན་ནང་དྲག་ཆར་དང་ཆུ་ལོག་གི་གོད་ཆག་ཚབས་ཆེན་བྱུང་བའི་ཁྲོད་དུ་ཉུང་མཐར་མི་གྲངས་ ༥༧༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་ཅིང་། ལོ་དེའི་རང་བྱུང་གོད་ཆག་ནི་ཕྱི་ལོ་ ༢༠༠༤ ལོའི་རྒྱ་གར་ཤར་ཕྱོགས་ཀྱི་མཚོ་རླུང་གོད་ཆག་ (2004 Tsunami) རྗེས་ཀྱི་རང་བྱུང་གནོད་སྐྱོན་ཆེ་ཤོས་དེར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དེ་བཞིན་ད་ལྟ་རྒྱ་གར་གནམ་གཤིས་སྔོན་བརྡའི་ཚན་པར་གཞིགས་ན། འབྱུང་འགྱུར་ཉིན་གྲངས་གསུམ་རིང་ཧི་མ་ཅལ་མངའ་སྡེ་གཙོས་རྒྱ་གར་བྱང་རྒྱུད་ཀྱི་མངའ་སྡེ་ཁག་ཏུ་ཆར་པ་འབབ་རྒྱུ་ཡིན་པ་མ་ཟད། ཨེ་ཤ་ཡའི་ལྷོ་རྒྱུད་རྒྱལ་ཁབ་དག་ཏུའང་ཆར་པ་འབབ་ཉེན་ཡོད་འདུག གཞན་ཡང་། ད་ལྟ་རྒྱ་གར་ཧི་མ་ཅལ་གཞུང་གིས་ཆུ་ལོག་དང་རི་ཉིལ་གྱི་གནོད་འཚེ་ཐེབས་ཁུལ་དུ་མྱུར་སྐྱོབས་དང་། གཞུང་ལམ་སོགས་བསྐྱར་གསོ་ཡི་ལས་དོན་གཉེར་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese