མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ལྷན་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པ་འབྲས་ལྗོངས་སུ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེའི་ནང་ཉིན་ལྔའི་རིང་གི་འཚོག་བཞིན་པའི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པའི་སྟེང་གྲོས་གཞི་དོན་ཚན་དགུའི་ཐོག་བགྲོ་གླེང་གནང་གིན་ཡོད་འདུག

གཞོན་ལྷན་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པ་འབྲས་ལྗོངས་སུ་འཚོགས་བཞིན་འདུག པར་འབྲེལ་ཡོད་ནས་མཁོ་སྤྲོད་བྱས ༢༠༢༤།༠༨།༠༦

ཁ་སང་ཕྱི་ཟླ་ ༨ ཚེས་ ༦ ནས་ ༡༠ བར་ཉིན་གྲངས་ལྔའི་རིང་རྒྱ་གར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ། སྒང་ཏོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པ་འཚོག་བཞིན་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་གྲོང་གསེབ་འཛུགས་སྐྲུན་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་ལྕམ་སྐུ་བྷོ་ཊི་ཡ་ཆུང་ཆུང་ལགས། དམིགས་བསལ་སྐུ་མགྲོན་འཕགས་བོད་མཛའ་འབྲེལ་ཚོགས་པའི་དབུས་རྒྱུན་འབུམ་རམས་པ་རུ་ཌི་རཱ་ཕུལ་ཌི་ཡེལ་ (Prof Rudra Poudyel)ལགས། འབྲས་ལྗོངས་ཆབ་སྲིད་དྲུང་འཕར་ཟུར་བ་ཚེ་རིང་དབང་ཕྱུག་ལེབ་ཆ་ལགས། རྒྱ་གར་བྱང་ཤར་ཁུལ་གྱི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་པདྨ་དབང་གྲགས་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས། སྒང་ཏོག་ས་གནས་མགོ་འཛིན་ལགས་དང་ས་གནས་གཞོན་ནུ་ཚོགས་གཙོ་བཅས་ས་གནས་ཁག་ ༣༧ ནས་ཚོགས་བཅར་བ་ཁྱོན་གྲངས་ ༢༡༠ ལྷག་མཉམ་ཞུགས་གནང་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཚོགས་འདུའི་སྐོར་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་དྲིས་པར་ཁོང་གིས། ཐེངས་འདིའི་ཚོགས་འདུ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིའི་དགོངས་དོན་གཞིར་བཟུང་ཐོག ལོ་རེའི་མཚམས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་དང་། ལོ་གསུམ་རེ་མཚམས་སུ་གཞོན་ལྷན་གྱི་ཚོགས་ཆེན་རེ་འཚོག་དགོས་པའི་དགོངས་དོན་བཞིན་སྐོང་འཚོགས་བྱེད་མུས་ཡིན་པ་ཞིག་ཡིན། ད་ལན་གྱི་ཚོགས་འདུའི་ནང་ཟླ་བ་གསུམ་གྱི་སྔོན་ནས་ས་གནས་ཁག་ཏུ་བཏང་ཟིན་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དགོངས་དོན་བཞིན་གྲོས་གཞི་དོན་ཚན་དགུའི་ཐོག་ཉིན་གྲངས་ལྔའི་རིང་བགྲོ་གླེང་བྱ་རྒྱུ་ཡིན་པ་མ་ཟད། ལྷན་ཚོགས་ཀྱི་ཉིན་མཐའ་མར་གྲོས་གཞི་ཁག་ལ་གྲོས་ཆོད་གཏན་འབེབས་བྱ་འཆར་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

དབུ་འབྱེད་མཛད་སྒོ་ཐོག་འབྲས་ལྗོངས་གྲོང་གསེབ་འཛུགས་སྐྲུན་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་བྷོ་ཊི་ཡ་ཆུང་ཆུང་ལགས་ཀྱིས། སྒང་ཏོག་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་འབྲས་ལྗོངས་མངའ་སྡེའི་ནང་སྤྱི་ཚོགས་ལ་ཕན་ཐོགས་པའི་ལས་འགུལ་འདྲ་མིན་ཞིག་སྤེལ་དང་སྤེལ་མུས་ཡིན་པར་འབྲས་ལྗོངས་གཞུང་མང་གཉིས་ཀྱིས་བསྟོད་བསྔགས་ཞུ་བཞིན་ཡོད། བོད་མི་རྣམས་ས་གནས་འདྲ་མིན་དུ་གནས་སྡོད་བྱེད་བཞིན་ཡོད་ཀྱང་། ས་གནས་དེར་གནས་པའི་ཡུལ་མི་རྣམས་ལའང་ཕན་ཐོགས་ཆེ་བའི་ལས་ཀ་བྱེད་མུས་ཡིན་པ་དེ་དོན་དངོས་ཀྱི་བོད་ཀྱི་རིག་གཞུང་རེད། བོད་པའི་གཞོན་སྐྱེས་རྣམས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་སླད་མུ་མཐུད་དུ་ལས་འགུལ་སྤེལ་ཐུབ་ཚེ། ཉིན་གཅིག་བོད་དོན་བདེན་མཐའ་གསལ་རྒྱུ་རེད། ཅེས་བརྗོད་འདུག

དེ་བཞིན་འབྲས་ལྗོངས་མངའ་སྡེའི་ཆབ་སྲིད་དྲུང་ཆེ་ཟུར་བ་ལེབ་ཆ་ཚེ་རིང་དབང་ཕྱུག་ལགས་ཀྱིས། ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་བོད་དང་འབྲས་ལྗོངས་བར་ལོ་རྒྱུས་ཀྱི་ཐོག་འབྲེལ་ལམ་ཟབ་མོ་ཡོད་པ་མ་ཟད། དེང་སྐབས་ཀྱང་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པི་རིམ་སིང་རྟ་མང་མཆོག་གིས་ཀྱང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་ཆེན་པོ་དང་བོད་མི་རྣམས་ལ་བརྩེ་བ་ཆེན་པོ་ཡོད་པ་རེད། ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགུང་ལོ་ ༨༩ བཞེས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་ཆེད་དུ་བཞུགས་སྒར་དྷ་རམ་ས་ལར་སྐུ་མགྲོན་དུ་གདན་ཞུ་གནང་བར་འབྲས་ལྗོངས་མི་མང་ཡོངས་ཀྱིས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེ་བཞིན་གོ་སྐབས་འདི་བརྒྱུད་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་སྐབས་སུ་རྒྱ་གར་མངའ་སྡེའི་འདྲ་མི་ནང་ཡོད་པའི་འབྲས་ལྗོངས་ཀྱི་སློབ་ཕྲུག་མང་པོར་རོགས་སྐྱོར་མཐུན་སྦྱོར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།  ཉེ་ཆར་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་ལེབ་ཆ་སྐུ་ཞབས་རྡོ་རྗེ་ཚེ་རིང་ལགས་ཀྱིས་རྒྱ་གར་དབུས་གཞུང་གིས་རྒྱ་ནག་གི་མཐའ་མཚམས་ཞེས་པའི་ཚབ་ཏུ་བོད་ཀྱི་མཐའ་མཚམས་ཞེས་འདོགས་དགོས་པའི་ཁར། རྒྱ་གར་བྱང་རྒྱུད་ཀྱི་ལ་དྭགས་དང་། ཨ་རུ་ན་ཅལ་མངའ་སྡེ་ནས་འབྲས་ལྗོངས་བར་སྤྱི་ལེ་ ༡༤༠༠ ལྷག་ཡོད་པའི་ས་ཁུལ་དེ་དག་ནི་བོད་ཀྱི་མཐའ་མཚམས་སུ་ཁེལ་ཡོད་པས། རྒྱ་གར་དབུས་གཞུང་དང་དམག་མིའི་སྒྲིག་འཛུགས། མཐའ་མཚམས་དམག་མི་དང་། མཐའ་མཚམས་ལམ་བཟོ་ལྷན་ཚོགས་ཚུད་པའི་ཚོགས་སྡེ་ཁག་གིས་གཞུང་འབྲེལ་ཐོག་ནས་མཐའ་མཚམས་དེ་དག་ལ་བོད་ཀྱི་མཐའ་མཚམས་ཞེས་ངོས་འཛིན་གསལ་བོ་དགོས་རྒྱུ་ཧ་ཅང་གལ་ཆེན་རེད་ཅེས་བརྗོད་ཡོད་པ་དེ་བདེན་པ་རེད། ཅེས་བརྗོད་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པའི་ཐོག ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཐད་གཞོན་ལྷན་ནས་དམིགས་བསལ་འགན་འཁུར་ཞུ་ཕྱོགས་དང་།  ཕྱི་ལོ་ ༢༠༢༥ ལོར་རྒྱ་གཞུང་གིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་འཛིན་བཟུང་བཙོན་འཇུག་བྱས་ཏེ་ལོ་ངོ་ ༣༠ འཁོར་གྱི་ཡོད་སྟབས་གཞོན་ལྷན་དབུས་ས་གཉིས་ནས་དམིགས་བསལ་ལས་འགུལ་སྤེལ་ཕྱོགས། རྒྱ་གཞུང་གིས་སྡུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་ཀྱི་སྐད་ཡིག་གཙོས་པའི་མི་རིགས་རྩ་མེད་གཏོང་བའི་ཛ་དྲག་གི་གནས་སྟངས་ལ་འགོག་རྒོལ་བྱེད་ཕྱོགས། བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྒྱལ་སྤྱིའི་ནང་གོ་རྟོགས་སྤེལ་ཕྱོགས་དང༌།  དེ་བཞིན་རྒྱལ་སྤྱིའི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་ཏུ་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ལྷག་གནང་ཐབས་ལས་འགུལ་སྤེལ་ཕྱོགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༣ པའི་གྲོས་ཆོད་ཁག་ཞིབ་བཤེར་དང་འབྲེལ། ཕྱག་ལེན་འཁེལ་བསྡད་མཇུག་སྐྱོང་ཞུ་ཕྱོགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་སྒྲིག་འཛུགས་སྲ་བརྟན་དང་། ལས་དོན་བྱེད་ཕྱོགས། དེ་བཞིན་ནང་ཁུལ་འབྲེལ་ལམ་ཡར་རྒྱས་ཚགས་ཚུད་གོང་འཕེལ་གཏོང་ཕྱོགས་སོགས་གྲོས་གཞི་དོན་ཚན་དགུའི་ཐོག་བགྲོ་གླེང་གནང་བཞིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese