མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་ཡུལ་དུ་༧སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་གིས་དུས་འཁོར་དབང་ཆེན་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༤/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

དགའ་ལྡན་ཐེག་ཆེན་གླིང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་༧སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་གིས་སོག་ཡུལ་གྱི་རྒྱལ་ས་ཨུ་ལམ་བྷ་དར་གྱི་དགའ་ལྡན་ཐེག་ཆེན་གླིང་དུ་དུས་འཁོར་དབང་ཆེན་གནང་བཞིན་འདུག

༧སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ནས་སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དུ་དུས་འཁོར་དབང་ཆེན་གནང་བཞིན་པ། ༢༠༢༤།༠༨།༡༢-༢༡ བར། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

ཟླ་འདིའི་ཕྱི་ཚེས་ ༡༢ ནས་ ༢༡ བར་ཉིན་གྲངས་བཅུའི་རིང་སོག་ཡུལ་གྱི་རྒྱལ་ས་ཨུ་ལམ་བྷ་དར་གྱི་དགའ་ལྡན་ཐེག་ཆེན་གླིང་དུ། དགའ་ལྡན་ཐེག་ཆེན་གླིང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ༧སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་གིས་དུས་འཁོར་དབང་ཆེན་གྱི་བཀའ་དབང་གནང་བཞིན་ཡོད་ཅིང་། ཐེངས་འདིའི་དུས་འཁོར་དབང་ཆེན་ནང་སོག་ཡུལ་གྱི་དད་ལྡན་སེར་སྐྱ་མི་མང་དང་།  ཨུ་རུ་སུ། སིངྒ་པུར། ཐའེ་ཝན། ཉི་ཧོང་སོགས་་ཕྱོགས་མཐའ་ཁག་ནས་དད་ལྡན་དོན་གཉེར་བ་སྟོང་ཕྲག་མང་པོ་འཛོམས་ཡོད་འདུག ཁ་སང་ཕྱི་ཚེས་ ༡༢ ཉིན་ནས་བཟུང་སོག་ཡུལ་དགའ་ལྡན་གླིང་དུ་དུས་དབང་གི་སྔོན་འགྲོ་གསུང་ཆོས་ལམ་གཙོ་རྣམ་གསུམ་དང་རྒྱལ་སྲས་ལག་ལེན་སོ་བདུན་མ་དབུ་བཙུགས་གནང་ཡོད་ཅིང་། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་དུས་དབང་གི་སྟ་གོན་དང་། ཕྱི་ཚེས་ ༢༡ ཉིན་དུས་འཁོར་དབང་ཆེན་ཡོངས་སུ་འགྲུབ་རྒྱུ་དང་། ཕྱི་ཚེས་ ༢༢ ཉིན་བྱ་དོ་རིན་པ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་འདུག

འདི་གའི་གསར་འགོད་པས་རུ་སོག་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ལ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། སྔོན་མ་སོག་ཡུལ་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་འཁོར་དབང་ཆེན་ཐེངས་གཅིག་བསྩལ་གནང་ཡོད་པ་རེད། ཐེངས་འདིར་བྱ་དོ་རིན་པོ་མཆོག་གིས་ཡུལ་འདིར་དུས་འཁོར་དབང་ཆེན་གནང་བ་ཐེངས་དང་པོ་ཆགས་ཀྱི་ཡོད། ཐེངས་འདིའི་དུས་འཁོར་དབང་ཆེན་ནི་ཕྱི་ལོ་ ༢༠༢༢ ལོར་སོག་ཡུལ་ནང་གི་མ་དགོན་དགའ་ལྡན་ཐེག་ཆེན་གླིང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དུས་འཁོར་དབང་ཆེན་དང་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་གི་གསོལ་འདེབས་ཞུས་པ་ལྟར། དྷ་རམ་ས་ལར་༧གོང་ས་མཆོག་ནས་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་གནང་གྲུབ་ཡོད་པ་དང་། དུས་འཁོར་དབང་ཆེན་འདི་༧གོང་ས་མཆོག་ནས་བཀའ་ཕེབས་པ་ལྟར་བྱ་དོ་རིན་པོ་ཆེ་མཆོག་གིས་གནང་བཞིན་ཡོད་པ་རེད་ཅེས་གསུངས་བྱུང་།

སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དུ་དུས་འཁོར་དབང་ཆེན་ཞུ་རུ་ཡུལ་དེའི་སེར་སྐྱ་མི་མང་དང་ཕྱོགས་ཡོང་དད་ལྡན་དོན་གཉེར་ཅན་སྟོང་ཕྲག་འགའ་འཛོམས་ཡོད་འདུག པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

སོག་ཡུལ་དུ་དུས་འཁོར་དབང་ཆེན་གནང་གལ་ཆེ་བའི་སྐོར་ལ་ཁོང་གིས། འདིར་དུས་འཁོར་དབང་ཆེན་གནང་གལ་ཆེན་པོ་ཆགས་ཡོད། སོག་ཡུལ་ནང་དམར་ཤོག་ཚོགས་པ་བསླེབས་ཏེ་ལོ་སུམ་ཅུ་སོ་གྲངས་འགྲོ་བཞིན་ཡོད་ཀྱང་། སོག་ཡུལ་གྱི་ནང་པའི་དགོན་སྡེ་སོགས་སླར་གསོ་བྱ་རྒྱུ་མང་པོ་ལྷག་བསྡད་ཡོད། ཕྱི་ལོ་ ༡༩༩༠ ནང་ནས་བཟུང་སོག་ཡུལ་དུ་བྱ་དོ་རིན་པོ་ཆེ་མཆོག་གིས་ཆོས་ཕྱོགས་ཀྱི་ཕྱག་ལས་མང་པོ་མཛད་མགོ་ཚུགས་ཡོད་ཅིང་། ཕལ་ཆེར་བྱ་དོ་རིན་པོ་ཆེ་མཆོག་གིས་སོག་ཡུལ་གྱི་གྲོང་གསེབ་ཁག་ཏུ་ཕེབས་མ་མྱོང་ས་ཡོད་ས་མ་རེད། བྱ་དོ་རིན་པོ་ཆེ་མཆོག་གིས་ལོ་མང་པོའི་རིང་སྐུ་ལས་བསྐྱོན་ནས་སོག་ཡུལ་དུ་དབང་ལུང་མན་ངག་སླར་གསོ་མཛད་ཡོད་པར་བརྟེན། སོག་ཡུལ་ནང་ཆོས་ཕྱོགས་ཀྱི་མཛད་པ་ཤུགས་ཆེན་དར་བཞིན་ཡོད་ལ། ཐེངས་འདིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་གནང་བ་བཞིན་དུས་འཁོར་དབང་ཆེན་གནང་བ་མཛད་པ་ཆེན་པོ་ཞིག་རེད། ཅེས་གསུངས་བྱུང་།

སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་གི་སྐོར་ལ་ཁོང་གིས། དུས་རབས་ཤིག་གི་གོང་དུ་སོག་ཡུལ་གྱི་མ་དགོན་དགའ་ལྡན་ཐེག་ཆེན་གླིང་དུ་མཚམས་པ་མང་པོ་ཡོད་འདུག དེ་བཞིན་མཚན་ཉིད་དང་།  དུས་འཁོར། རྩིས་ཀྱི་གྲྭ་ཚང་སོགས་སློབ་སྦྱོང་བྱེད་སའི་ཁྱབ་ཁོངས་དང་ཡན་ལག་མང་པོ་ཡོད་ཀྱང་། ད་ལྟའི་ཆར་རྒྱུད་པ་གྲྭ་ཚང་དང་། དུས་འཁོར་གྲྭ་ཚང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་དང་། རྗེ་བཙུན་པའི་ཡིག་ཆ། པཎ་ཆེན་ཡིག་ཆ་བཅས་སློབ་གཉེར་བྱེད་སའི་གྲྭ་ཚང་གཙོ་བོ་ལྔ་མ་གཏོགས་མི་འདུག དེའི་ཁྲོད་ནས་དུས་འཁོར་གྲྭ་ཚང་གི་ཆོ་ག་ཕྱག་ལེན་གྱི་ལུགས་སྲོལ་སོགས་གང་འཚམ་སྲུང་སྐྱོབ་བྱས་ཐུབ་ཡོད་པ་མ་ཟད། སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་ནས་རྒྱ་གར་གྱི་བཞུགས་སྒར་དྷ་རམ་ས་ལའི་རྣམ་རྒྱལ་གྲྭ་ཚང་དུ་སློབ་གཉེར་བྱེད་མཁན་བྱུང་ཡོད་པ་རེད་ལ། དེ་བཞིན་དྷ་ས་རྣམ་རྒྱལ་གྲྭ་ཚང་ནས་དགེ་བཤེས་རྒྱ་མཚོ་ལགས་སོག་ཡུལ་དུ་ཕེབས་ཏེ་དུས་འཁོར་གྱི་ཆོ་གའི་འགྲོ་ལུགས་སོགས་ཀྱི་ཐོག་བསླབ་པ་ཆ་ཚང་གནང་ཡོད་པ་རེད་ཅེས་གསུངས་བྱུང་།

སོག་ཡུལ་གྱི་རྒྱལ་ས་ཨུ་ལིམ་བྷ་དར་ཡོད་པའི་དགའ་ལྡན་ཐེག་ཆེན་གླིང་། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

༸སྐྱབས་རྗེ་བྱ་དོ་སྤྲུལ་སྐུ་བསྟན་འཛིན་འབྱུང་གནས་རིན་པོ་ཆེ་མཆོག་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཡོད་ཅིང་། ཕྱི་ལོ་ ༢༠༡༣ ལོ་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དང་མཁན་རིན་པོ་ཆེའི་མཛད་འཁུར་རིམ་པར་བཞེས་ཡོད་འདུག དེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་ཕེབས་པ་ལྟར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་རབས་ལྔ་པར་བསྐོ་གཞག་གནང་འདུག དེ་བཞིན་ལོ་མང་རིང་སོག་ཡུལ་གཙོས་དད་ལྡན་སེར་སྐྱ་མི་མང་ལ་གསུང་ཆོས་དང་དབང་ལུང་གནང་བའི་བསྟན་པའི་ཞབས་འདེགས་རྒྱ་ཆེ་ཞུས་ཡོད་སྟབས། ཕྱི་ལོ་ ༢༠༡༩ ཟླ་ ༧ ནང་བྷུར་ཡ་ཐི་གཞུང་གིས་༧སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ལ་བྷུར་ཡ་ཐའི་གཟེངས་བསྟོད་དང་། ཌི་ཛ་ཡའི་ནང་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་འབུམ་རམས་པའི་མཚན་གནས་ཕུལ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༧ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese