མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་བཙན་རྒྱལ་བའི་ཆབ་སྲིད་རྩེད་མོ་ཞེས་པའི་དབྱིན་དེབ་སྐོར་ལ་གཏམ་བཤད།

བོད་ཀྱི་དུས་བབ།
༢༠༢༤/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་བཙན་རྒྱལ་བའི་ཆབ་སྲིད་རྩེད་མོ་ཞེས་པའི་དབྱིན་དེབ་རྩོམ་པ་པོ་རྒྱ་གར་གྱི་གཞུང་ཚབ་ཟུར་པ་སྐུ་ཞབས་དྷི་ལི་པ་སིངྷ་ལགས་ཀྱིས་ལོ་རྒྱུས་དང་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་ཐོག་ཤེས་རྟོགས་བྱུང་ཚེ་རྒྱ་གར་མི་མང་ལ་ཕན་ཐོགས་འབྱུང་ངེས་ཡིན་སྐོར་བརྗོད་སོང་།

རྒྱ་གར་གྱི་གཞུང་ཚབ་ཟུར་པ་སྐུ་ཞབས་དྷི་ལི་པ་སིངྷ་ལགས་ཀྱིས་བོད་ནང་བཙན་རྒྱལ་བའི་ཆབ་སྲིད་རྩེད་མོ་ཞེས་པའི་ཐོག་གཏམ་བཤད་གནང་བཞིན་པ། དུས་བབ་ཀྱི་པར། ༢༠༢༤།༠༨།༡༤

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཉམས་ཞིབ་ཁང་གི་ཚོགས་ཁང་ནང་དུ་རྒྱ་གར་གྱི་གཞུང་ཚབ་ཟུར་པ་སྐུ་ཞབས་དྷི་ལི་པ་སིངྷ་(Dilip Sinha) ལགས་ཀྱིས་བརྩམས་པའི་བོད་ནང་བཙན་རྒྱལ་བའི་ཆབ་སྲིད་རྩེད་མོ་(Imperial games in Tibet)ཞེས་པའི་དབྱིན་དེབ་དེའི་སྐོར་ལ་གཏམ་བཤད་ཅིག་གནང་སོང་།

འདི་གའི་གསར་འགོད་པས་རྩོམ་པ་པོ་ཁོང་ལ་དེབ་དེ་འབྲི་དགོས་དོན་གཙོ་བོ་གང་ཡིན་སྐོར་དྲིས་པར་ཁོང་གིས། རྒྱ་གར་གྱི་ཆབ་སྲིད་དང་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་སྐོར་རྒྱལ་སྤྱིའི་གནད་དོན་ཐོག་ཤེས་རྟོགས་བྱུང་དགོས་པ་གལ་ཆེན་པོ་རེད། ང་ཚོས་བགྲོ་གླེང་བྱས་ཡོད་པ་བཞིན་བོད་ཀྱི་གནད་དོན་ཡང་ལྷག་བསྡད་ཡོད། ཕྱི་ལོ་༡༩༥༠ ནང་རྒྱ་གར་བྱང་ཤར་ཁུལ་ཧ་ཅང་ཞི་བདེའི་མཐའ་མཚམས་ཤིག་ཡིན་ཡང་། གློ་བུར་དུ་རྒྱ་གར་མཐའ་མཚམས་ཛ་དྲག་གནས་སྟངས་ཤིག་ཏུ་གྱུར་བ་རེད། ལོ་རྒྱུས་ཐོག་ནས་བོད་དང་རྒྱ་གར་གཉིས་རིག་གཞུང་གི་ཐོག་ནས་འབྲེལ་ལམ་ཤུགས་ཆེན་པོ་བྱུང་ཡོད་ཀྱང་། ད་ལྟ་མཐའ་མཚམས་ཀྱི་རྙོག་གླེང་གནད་དོན་རྒྱུན་མཐུད་ནས་འབྱུང་གི་ཡོད་སྟབས། ལོ་རྒྱུས་དང་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་ཐོག་ཤེས་རྟོགས་བྱུང་ཚེ་རྒྱ་གར་མི་མང་ལ་ཕན་ཐོགས་འབྱུང་ངེས་རེད། ཅེས་བརྗོད་སོང་།

ཡང་འདི་གའི་གསར་འགོད་པས་རྩོམ་པ་པོ་ཁོང་ལ་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། མན་ཇུས་སྲིད་དབང་འཛིན་སྐབས་བོད་ནི་རང་བཙན་རྒྱལ་ཁབ་ཅིག་རེད། དེའི་རྗེས་སུ་བོད་ནང་སོག་པོའི་དབང་ཤུགས་བསླེབས་པ་རེད། མན་ཇུའི་སྲིད་དབང་མཇུག་རྫོགས་རྗེས་ཀྱང་བོད་ནི་རང་བཙན་རྒྱལ་ཁབ་ཅིག་རེད། ཡིན་ནའང་། དབྱིན་ཇི་གཞུང་གིས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་བྱས་མེད་པ་མ་ཟད། རྒྱ་ནག་ལ་མིང་ཙམ་གྱི་བདག་དབང་ཡོད་པ་(Suzerainty of China)ཞིག་ཡིན་སྐོར་བཤད་ཡོད་པར་བརྟེན། རྒྱལ་སྤྱིའི་ཐོག་ཆབ་སྲིད་དེ་གཞིར་བཟུང་འགྲོ་བཞིན་ཡོད་པ་རེད། ཅེས་བརྗོད་སོང་།

རྒྱ་གར་གྱི་གཞུང་ཚབ་ཟུར་པ་སྐུ་ཞབས་དྷི་ལི་པ་སིངྷ་ལགས་ཀྱིས་བོད་ནང་བཙན་རྒྱལ་བའི་ཆབ་སྲིད་རྩེད་མོ་ཞེས་པའི་ཐོག་གཏམ་བཤད་གནང་བཞིན་པ། དུས་བབ་ཀྱི་པར། ༢༠༢༤།༠༨།༡༤

ཐེངས་འདིའི་གཏམ་བཤད་ཀྱི་གལ་གནད་སྐོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་གནང་བའི་གཏམ་བཤད་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། སྐུ་ཞབས་ཞབས་དྷི་ལི་པ་སིངྷ་ལགས་ནི་རྒྱ་གར་གྱི་གཞུང་ཚབ་ཟུར་པ་རེད། དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་གར་གྱི་གཞུང་ཚབ་གནང་མྱོང་མཁན་ཞིག་རེད། ལྷག་པར་དུ་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ཐོག་བོད་ནང་གི་བཙན་རྒྱལ་བའི་ཆབ་སྲིད་ཀྱི་རྩེད་མོ་ཞེས་པའི་དེབ་འདི་བྲིས་ཡོད། དེའི་ནང་ཕྱི་ལོ་ ༡༧༠༠ ནས་བཟུང་བོད་ཀྱི་ཆབ་སྲིད་ཐོག་རྒྱལ་སྤྱིའི་རྩེད་མོ་རྩེ་སྟངས་དང་དེའི་ཤུགས་རྐྱེན་སྐོར་བྲིས་ཡོད་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེབ་འདི་རྒྱ་གར་བ་ཞིག་དང་གཞུང་ཞབས་ཟུར་པ་ཞིག་གིས་བྲིས་པ་ཡིན་པས་དོ་སྣང་མང་པོ་ཡོང་གི་ཡོད་པར་བརྟེན། ང་ཚོས་གོ་སྐབས་འདི་བཟུང་སྟེ་ཁོང་གི་ཕྱག་དེབ་ཁྱབ་སྤེལ་བྱེད་ཀྱི་ཡོད། དེབ་འདི་བརྒྱུད་ནས་རྒྱ་གར་ནང་ལོགས་སུ་བོད་ཀྱི་ལོ་རྒྱུས་གནས་བབ་དང་བོད་དོན་ཁྱབ་སྤེལ་ཆེ་རུ་འགྲོ་བའི་ཁེ་ཕན་ཡོང་གི་རེད། ཅེས་འགྲེལ་བརྗོད་གནང་སོང་།

དེབ་དེའི་གལ་གནད་སྐོར་ལ་ཁོང་གིས། བོད་རང་བཙན་མ་ཤོར་བའི་བར་དུ་ཨུ་རུ་སུ་དང་དབྱིན་ཇི་སོགས་རྒྱལ་ཁབ་ཁག་གིས་བོད་ཀྱི་ཆབ་སྲིད་ཐོག་རྩེད་མོ་ཇི་ལྟར་རྩེས་པ་དང་། བོད་དེ་རྒྱལ་སྤྱིའི་སྤྱི་ཚོགས་གང་གི་ཕྱོགས་སུའང་མེད་པའི་བར་ནས་ཇི་ལྟར་ལྷག་པའི་སྐོར། འཛམ་གླིང་གི་རྒྱལ་ཁབ་ཁག་ལ་རང་བཙན་ཐོབ་པའི་སྐབས་སུ་བོད་ཀྱི་རང་བཙན་ཇི་ལྟར་ཤོར་བའི་ཕྱི་ནང་གི་རྒྱུ་རྐྱེན་སྐོར་བཤད་ཡོད་ཅིང་། དམིགས་བསལ་ཕྱི་རྐྱེན་ཐད་གཙོ་བོ་ཅི་ཞིག་བྱུང་ཡོད་མེད་སྐོར་བྲིས་འདུག ཁོང་གི་དེབ་ཀྱི་མཇུག་ཏུ་བཙན་བྱོལ་ནང་གི་བོད་མི་ཚོས་བོད་དོན་ཐོག་བློ་སྤོབས་ཆེན་པོ་བྱ་དགོས་པ་དང་། ཨ་རི་དང་རྒྱ་གར་གཉིས་ཀྱིས་གཞུང་འབྲེལ་ཐོག་ནས་བོད་དོན་རྒྱབ་སྐྱོར་བྱེད་པར་གསལ་ཁ་བཟོ་དགོས་པ་བསྟན་ཡོད། དེས་རྒྱ་གར་གཞུང་ཕྱོགས་ལ་ཤུགས་རྐྱེན་འགྲོ་སྲིད་པ་ཞིག་རེད། ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༣ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese