མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདུན་ཕྲག་གཅིག་རིང་ལ་དྭགས་གར་གིལ་དུ་བོད་ཡིག་འབྲི་ཀློག་གི་ཟབ་སྦྱོང་འཚོག་གི་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ནས་བདུན་ཕྲག་གཅིག་རིང་ལ་དྭགས་གར་གིལ་རྫོང་དུ་གཞོན་སྐྱེས་གཙོ་བོར་གྱུར་བའི་ཡུལ་མི་ ༡༠༠ ཙམ་ལ་བོད་ཡིག་འབྲི་ཀློག་གི་ཟབ་སྦྱོང་ཐེངས་གསུམ་པ་དེ་འཚོག་བཞིན་འདུག

ལ་དྭགས་གར་གིལ་རྫོང་དུ་བོད་ཡིག་འབྲི་ཀློག་གི་ཟབ་སྦྱོང་འཚོག་བཞིན་པ། ༢༠༢༤།༠༨།༡༧-༢༣ བོད་ཀྱི་དུས་བབ་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༢༣ བར་ཉིན་གྲངས་བདུན་རིང་ལ་དྭགས་གར་གིལ་རྫོང་བཟོ་དང་ཤེས་རིག སྐད་ཡིག་གི་ལས་སྡེ་དང་། ཧི་མ་ལ་ཡའི་རིག་གཞུང་རྒྱུན་འཛིན་ཁང་གཉིས་ཀྱི་གོ་སྒྲིག་འོག གར་གིལ་གྱི་ཡུལ་མི་རྣམས་ལ་ཡི་གེ་ཀློག་རྩལ་དང་འབྲི་རྩལ་གྱི་ཟབ་སྦྱོང་ཞིག་འཚོག་བཞིན་འདུག་ལ། ཐེངས་འདིའི་ཟབ་སྦྱོང་ནང་གར་གིལ་གྱི་ཡུལ་མི་ ༡༠༠ ཙམ་མཉམ་ཞུགས་བྱས་འདུག་ལ། མང་ཆེ་བ་གཞོན་སྐྱེས་རེད་འདུག

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་ཧི་མ་ལ་ཡའི་རིག་གཞུང་རྒྱུན་འཛིན་ཁང་གི་འགན་འཛིན་དགེ་བཤེས་དཀོན་མཆོག་དབང་འདུས་ལགས་ཀྱིས། ལ་དྭགས་སུ་གླེ་རྫོང་དང་གར་གིལ་རྫོང་གཉིས་ཡོད། གར་གིལ་རྫོང་ཁོངས་ནང་མང་ཤོས་ཁ་ཆེ་ཆོས་ལུགས་དང་ཤཱིན་ཆོས་ལུགས་ལ་དད་པ་བྱེད་མཁན་ཆགས་ཡོད། སྤྱིར་ཡུལ་མི་རྣམས་ཀྱི་སྐད་ཀྱི་སྒྲ་གདངས་ནི་བོད་ཡིག་གི་རྨང་གཞི་བཞིན་སྒྲ་གདངས་ཧ་ཅང་གསལ་བོ་ཡོད། དཔེར་ན། དྲི་མ་ལ་དི་རི་མ་དང་། གྲི་ལ་གི་རི། འབྲི་ལ་འབི་རི་སོགས་སྒྲ་གདངས་ཧ་ཅང་གསལ་བོ་ཡོད། ཁོང་ཚོས་ཡི་གེ་སློབ་རྒྱུའང་ཧ་ཅང་ལས་སླ་བོ་རེད། ད་ལྟ་བར་ཁོང་ཚོའི་སྐད་ལ་ཉམས་ཆག་བྱུང་མེད་ཀྱང་། ཡིག་ཐོག་གི་སློབ་སྦྱོང་སྤྲོད་རྒྱུ་ཏོག་ཙམ་འཐུས་ཤོར་ཕྱིན་འདུག ད་ལན་ཁོང་ཚོས་རེ་སྐུལ་ཞུས་པ་བཞིན་ཡུལ་མི་བརྒྱ་ཙམ་ལ་ཟབ་སྦྱོང་སྤྲོད་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང།

ཡང་ཁོང་གིས། ཐེངས་འདིའི་ཟབ་སྦྱོང་གི་རྨང་གཞི་ཡག་པོ་ཆགས་པ་ཡིན་ཚེ། མ་འོངས་པར་མཉམ་ཞུགས་གནང་མཁན་ཁྲོད་ཀྱི་སློབ་སྦྱོང་ཡག་པོ་ཐོན་པ་རྣམས་གཞི་རིམ་གོང་མའི་སློབ་སྦྱོང་ཆེད་གླེ་དང་དྷ་རམ་ས་ལར་གཏོང་འཆར་ཡོད། གཙོ་བོ་ཁོང་ཚོས་བོད་ཡིག་སློབ་སྦྱོང་ཐོག་དོ་སྣང་ཡོང་དགོས་པ་རེད། སྔོན་མ་བོད་ཡིག་ཟེར་དུས་ཁོང་ཚོའི་བསམ་བློའི་ནང་དུ་ནང་ཆོས་གཅིག་པོ་འཁོར་འདུག ཡི་གེ་དང་ཆོས་ལུགས་གཉིས་ལོགས་ཀ་བྱས་ཏེ་ལོ་ཁ་ཤས་རིང་སློབ་སྦྱོང་བྱས་པ་རེད། ཁ་ཆེ་ཆོས་ལུགས་ཀྱི་གཞུང་བོད་ཡིག་ནང་དུ་བསྒྱུར་ཚེ་མི་མང་པོས་ཤེས་ཐུབ་པས་ཡག་པོ་ཡོད་པ་རེད་ཅེས་ལབ་མྱོང་ཡོད། ད་ལྟ་ཁ་ཆེ་ཆོས་དེ་བོད་ཡིག་ནང་དུ་བསྒྱུར་ཡོད་པ་རེད།  དེའི་ཐོག་ནས་བོད་ཡིག་ཐོག་ཏུ་དོ་སྣང་ཤུགས་ཆེན་ཡོང་གི་འདུག  སྦལ་ཏི་སི་ཐན་གྱི་ཡུལ་མི་རྣམས་ལྷ་སར་ཕྱིན་ཏེ་བོད་ཡིག་སྦྱངས་ཡོད་པ་མ་ཟད། ཁོང་ཚོས་ཁྱིམ་དང་ཚོང་ཁང་གི་སྒོ་བྱང་སོགས་ཀྱང་བོད་ཡིག་ཐོག་ནས་བྲིས་ཡོད། དེའི་ཤུགས་རྐྱེན་གྱིས་གར་གིལ་གྱི་ཡུལ་མི་ཚོས་ཀྱང་བོད་ཡིག་ཐོག་དོ་སྣང་བྱུང་འདུག ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་ང་ཚོས་བོད་ཡིག་ཐོག་གོ་རྟོགས་སྤེལ་བའི་ལས་འགུལ་མགོ་བརྩམས་པ་རེད། ད་ལན་ལས་འགུལ་ཐེངས་གསུམ་པ་དེ་ཆགས་ཡོད། མ་འོངས་པར་ཁོང་ཚོས་བོད་ཡིག་སློབ་སྦྱོང་ཡག་པོ་ཐོན་ཚེ་ཚགས་པར་པར་སྐྲུན་བྱ་རྒྱུ་ཡིན་ལ། ཁོང་ཚོར་སྙན་ངག་གྱེར་འདོན་བྱེད་པའི་ལས་འགུལ་དེ་འདྲ་འདུག  ཡིན་ནའང་བོད་ཡིག་ཐོག་ཕབ་མ་ཐུབ་པར་ཨར་བྷི་ནང་འབྲི་བཞིན་འདུག ད་ལན་ང་ཚོས་བོད་ཡིག་ནང་དུ་འབྲི་ཐུབ་པ་ངོ་སྤྲོད་ཞུས་ཡོད། ཁོང་ཚོའི་སྐད་ཀྱི་སྒྲ་གདངས་དག་པོ་ཡོད་པས་ལམ་སེང་འབྲི་ཐུབ་པ་མ་ཟད་ཚད་ཀྱང་མཐོན་པོ་ཆགས་ཀྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་ཟབ་སྦྱོང་སྐོར་ལ་གར་གིལ་རྫོང་གི་རིག་གཞུང་སྡེ་ཚན་གྱི་དྲུང་གཞོན་ན་ཟིར་ཧུ་སེན་ལགས་ཀྱིས། བོད་ཡིག་ནི་ང་ཚོའི་ཕ་སྐད་རེད། སྟབས་མ་ལེགས་པ་ཞིག་ལ་ང་ཚོས་སྐད་བཤད་ཀྱི་ཡོད་པ་མ་གཏོགས་ཡི་གེ་འབྲི་ཤེས་ཀྱི་ཡོད་པ་མ་རེད། ང་ཚོས་དབྱིན་སྐད་དང་། ཨ་རབ་སྐད་སོགས་སློབ་སྦྱོང་བྱས་ཏེ་ཤེས་ཀྱི་ཡོད་པ་རེད། དེས་ན་རང་ཉིད་ཀྱི་སྐད་ཡིག་འབྲི་ཀློག་མི་སྦྱོང་བའི་རྒྱུ་མཚན་མེད་པ་རེད། སྐད་ཡིག་ལ་ཆོས་ལུགས་དང་ལུང་ཚན་གྱི་སྐད་ཆ་གང་ཡང་ཡོད་པ་མ་རེད། རྒྱ་གར་བྷི་ཧར་མངའ་སྡེའི་ནང་དུ་ཧིན་དྷིའི་སྐད་ཡིག་ཐོག་ནས་ཤེས་ཡོན་སྦྱོང་གི་ཡོད་ཅིང་། རྒྱ་གར་ལྷོ་ཕྱོགས་སུ་ཏཱ་མིལ་སྐད་ཡིག་སོགས་ཀྱི་ཐོག་ནས་སློབ་སྦྱོང་བྱེད་ཀྱི་ཡོད། དེ་བཞིན་འཇར་མན་དུ་འཇར་མན་སྐད་ཡིག་ཐོག་སྦྱོང་བཞིན་ཡོད། མ་འོངས་པའི་གར་གིལ་གྱི་མི་རབས་གསར་པའི་ཆེད་དུ་རང་ཉིད་ཀྱི་སྐད་ཡིག་ཟབ་སྦྱོང་ཞིག་སྤྲད་ན་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་གནང་བྱུང་།

གར་གིལ་ནི་ལ་དྭགས་རང་སྐྱོང་མངའ་སྡེའི་ནང་གི་རྒྱལ་ས་གཉིས་པ་དེ་ཡིན་ཞིང་། ཕྱི་ལོ་ ༡༩༧༩ ལོར་ཇཱ་མུ་དང་ཀ་ཤི་མུར་མངའ་སྡེའི་ཁོངས་ཀྱི་རྫོང་ཞིག་ཏུ་ཆགས་ཡོད་འདུག རྒྱུན་སྤྱོད་སྐད་ཡིག་ནི་ལ་དྭགས་སྐད་དང་ཨུར་ཌུ། པར་གེ། ཨར་བྷི་སོགས་ཡིན་འདུག་ལ། ཝེ་ཀེ་རིག་མཛོད་ཀྱི་ཕྱི་ལོ་ ༢༠༡༡ ལོའི་གྲངས་ཐོ་ལྟར་ན། རྫོང་ཡོངས་སུ་མི་འབོར་ ༡༦༣༣༨ ལྷག་ཡོད་པའི་ཁྲོད་བརྒྱ་ཆ་ ༩༢ ཤཱིན་ཁ་ཆེ་ཆོས་ལུགས་པ་དང་། བརྒྱ་ཆ་ ༧།༨ ཙམ་ནང་པ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༧ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༨ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese