མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ནང་ཡོད་པའི་དད་ལྡན་སེར་སྐྱ་མི་མང་གིས་༧གོང་ས་མཆོག་ལ་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ཀྱི་ཆོས་དང་རིག་གཞུང་གིས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པའི་སེམས་ཤུགས་དང་སྙིང་སྟོབས་བསྐྱེད་དེ་ཧུར་ཐག་བྱེད་དགོས་ཞེས་བཀའ་སློབ་བསྩལ་སོང་།

ཕྱི་ལོ་ ༢༠༢༤ ཟླ་ ༠༨ ཚེས་ ༢༢ ཉིན་ཨ་རིའི་ནིའུ་ཡོག་ཡུག་བྷི་ཨེ་སི་ཨ་རེ་ནཱ་རྩེད་རའི(UBS ARENA) ནང་དུ། བྱང་ཨ་རིའི་བོད་མི་དང་། སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུས།

དེ་རིང་ཨ་རིའི་ཞོགས་པའི་ཆུ་ཚོད་༩ ཐོག་ནིའུ་ཡོག་ཡུག་བྷི་ཨེ་སི་ཨ་རེ་ནཱ་རྩེད་རའི(UBS ARENA) ནང་དུ། བྱང་ཨ་རིའི་བོད་མི་དང་། སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་འདིར་བོད་ཀྱི་མདོ་སྟོད་སྨད་དབུས་གཙང་སོགས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ཀྱི་མི་སྣ་འཛོམས་ཡོད། འདིར་འཛོམས་པ་དེ་རྒྱུ་དངོས་ཐོག་ནས་འཛོམས་ཀྱི་མེད། བོད་རིགས་ཞེས་པའི་བསམ་ཚུལ་གྱི་ཐོག་ནས་ང་ཚོ་ཚང་མ་རྡོག་སྒྲིལ་ནས་ཡོང་གི་ཡོད། ང་ཚོ་བོད་པ་གཅིག་པུ་ཙམ་མིན་པར་བོད་ཀྱི་ཆོས་དང་རིག་གཞུང་ལ་ཤིན་ཏུ་མཁས་པའི་གྲོགས་པོ་མང་པོ་འདུས་ཡོད། བོད་ཀྱི་རིག་གཞུང་དེ་འཛམ་བུ་གླིང་སྤྱི་ལ་མཁོ་བའི་རིག་གཞུང་ཞིག་ཆགས་བསྡད་ཡོད། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པའི་སངས་རྒྱས་པའི་རྗེས་སུ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་རེད། གང་ལྟར་སངས་རྒྱས་བཅོམ་ལྡན་མྱ་ངན་འདས་རྗེས་སངས་རྒྱས་ཀྱི་ཆོས་ལ་སྤུས་དག་པོའི་ཐོག་ཆ་ཚང་བདག་པོ་རྒྱག་མཁན་གཙོ་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་རྣམས་རེད། དེང་སང་ང་ཚོས་མཐོང་ཆོས་སུ་ཡོད་བསྡད་པ་དེ་རེད། དངོས་གནས་དྲང་གནས་བོད་གངས་ཅན་ལྗོངས་ཀྱི་སློབ་གཉེར་དེ་ཚིག་ལ་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དང་དོན་དག་ལ་བསམ་བློ་གཏོང་རྒྱུ་ཡོད་པ།བསླབ་པ་གསུམ་གྱི་ཐོག་ལ་ཉམས་ལེན་བྱ་རྒྱུ་བཅས་ང་ཚོ་བོད་པར་ལོ་ངོ་སྟོང་ཕྲག་རིང་གོམས་ཏེ་སྤུས་དག་ཆགས་ཡོད། ངོས་རང་ལ་ཆ་བཞག་ན་ཆུང་ཆུང་ཡིན་པའི་སྐབས་ནས་བོད་གངས་ཅན་ལྗོངས་ཀྱི་མཁས་དབང་ཡོངས་འཛིན་རྣམ་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དཔེ་ཆ་བལྟས་པ་རེད། ཆུང་དུས་དཔེ་ཆ་བལྟས་པ་དེ་ན་ཚོད་ཏོག་ཙམ་ལོན་པའི་སྐབས་སུ། དེ་དག་དངོས་གནས་ཚིག་བཟང་བ་དང་དོན་རྒྱ་ཆེན་པོ་ཡོད་པ་གཞི་ནས་ངོས་འཛིན་ཡོང་གི་འདུག བོད་གངས་ཅན་ལྗོངས་ཀྱི་དབུས་གཙང་མདོ་སྟོད་སྨད་ཀྱི་ས་ཁུལ་ཚང་མར་སྲོལ་རྒྱུན་ཐོག་སངས་རྒྱས་པའི་ཆོས་ལ་གོམས་གཤིས་དང་སློབ་གཉེར་ཡོད་པ་རེད། བར་སྐབས་རྐྱེན་ངན་མང་པོ་འཕྲད་ཡོད་ཀྱང་གཙོ་བོ་བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་བསམ་འགྱུར་བ་མེད་པར་བསྡད་པ་རེད། ངོས་ལ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་བོད་རྒྱ་ཆེའི་མི་མང་གིས་རེ་བ་བཅོལ་ས་བྱེད་བསྡད་ཡོད། ད་ལྟ་བར་དུ་བོད་རྒྱ་ཆེ་མི་མང་གི་གནས་སྐབས་དང་མཐར་ཐུག་གི་རེ་འདུན་གང་ཡོད་ཀྱང་། ངོས་ཀྱིས་ཁ་ཞེ་གཉིས་མེད་སྟེང་རེ་འདུན་འགྲུབ་ཐུབ་པའི་སྨོན་ལམ་བརྒྱབ་ཡོད་པ་མ་ཟད། ལག་ལེན་གྱི་ཐོག་ནས་ཁ་ཡོད་ལག་ཡོད་ཆགས་ཐུབ་པར་འབད་བརྩོན་བྱས་བསྡད་ཡོད། ངོས་ཀྱིས་ཧུར་ཐག་འབད་ཐག་བྱས་ཡིན། ངོས་ཀྱི་མི་ཚེ་ད་དུང་ཡང་ལོ་བརྒྱ་ལྷག་རིང་བསྡད་ཀྱི་རེད། ངོས་ཀྱིས་བོད་རྒྱ་ཆེ་མི་མང་གི་རེ་འདུན་འགྲུབ་ཐུབ་པ་བྱ་རྒྱུ་ཡིན། ངོས་ཀྱི་རྨི་ལམ་ལ་དཔལ་ལྡན་ལྷ་མོ་ངོས་ཀྱི་མཇིང་པའི་སྟེང་དུ་ཕེབས་ཏེ། ལོ་བརྒྱ་དང་སུམ་ཅུ་སོ་གྲངས་ཤིག་འཚོ་ཡི་རེད་ཅེས་གསུངས་བྱུང་།

ཕྱི་ལོ་ ༢༠༢༤ ཟླ་ ༠༨ ཚེས་ ༢༢ ཉིན་ཨ་རིའི་ནིའུ་ཡོག་ཡུག་བྷི་ཨེ་སི་ཨ་རེ་ནཱ་རྩེད་རའི(UBS ARENA) ནང་དུ། བྱང་ཨ་རིའི་བོད་མི་དང་། སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུས།

ཡང་༧མགོན་པོ་གང་ཉིད་མཆོག་ནས། ད་ལྟ་བོད་ཆོལ་ཁ་གསུམ་གྱི་གཞིས་ལུས་རྒྱ་ཆེ་མི་མང་གི་སེམས་ཤུགས་ཧ་ལས་པ་རེད། བར་སྐབས་རྐྱེན་མང་པོ་འཕྲད་ཡོད་ཀྱང་། ཆོལ་ཁ་གསུམ་གྱི་བོད་རིགས་ཟེར་བ་བློ་ལ་གཡོ་བ་མེད་པར་དད་པ་རྩེ་གཅིག་ཡིན་པ་མངོན་གསལ་དོད་པོ་རེད། འཛམ་བུ་གླིང་དུ་བོད་ཀྱི་གནས་ཚུལ་གསལ་བོ་ཆགས་དུས། ནང་ཆོས་དང་འབྲེལ་བ་མེད་པའི་གྲོགས་པོ་མང་པོ་ཞིག་བོད་ཀྱི་ཆོས་དང་། རིག་གཞུང་། གོམས་གཤིས་སོགས་ལ་དགའ་མོས་བྱེད་བསྡད་ཀྱི་འདུག རྒྱ་མི་གུང་ཁྲན་གྱིས་བོད་པར་མཐོང་ཆུང་ཁྱད་གསོད་བྱས་བསྡད་ཡོད་ཀྱང་། རིམ་བཞིན་དུས་ཚོད་ཕྱིན་པའི་སྐབས་སུ་རྒྱ་རིགས་ནང་གི་དཔོན་རིགས་མང་པོ་ཞིག་གིས་ཀྱང་བོད་ཀྱི་གོམས་གཤིས་ལ་དགའ་མོས་བྱས་བསྡད་ཀྱི་འདུག དེ་ནི་ང་ཚོའི་ལྷག་བསམ་གྱི་སྟོབས་ཤུགས་རེད། ད་ལྟ་བར་དུ་ཚང་མས་ཧུར་ཐག་བྱས་པ་རེད། ད་དུང་ཡང་ཧུར་ཐག་བྱེད་རོགས། ཞེས་གསུངས་སོང་། 

ཡང་མགོན་པོ་གང་ཉིད་མཆོག་ནས། བར་སྐབས་བསྟན་པར་ཧ་ཅང་ཉམས་ཆག་བྱུང་བ་རེད། ཡིན་ནའང་རྐྱེན་ངན་གྲོགས་སུ་ཤར་བ་བཞིན་འཛམ་གླིང་གི་ས་ཆ་གང་སར་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་གསར་པ་ཞིག་བསླེབས་ཡོད་པ་དང་། བོད་མི་རྣམས་ལ་སྙིང་ནས་ཤ་ཚ་དང་རྒྱབ་སྐྱོར་ཡོང་བསྡད་ཀྱི་འདུག ངོས་ཀྱིས་དཔལ་ལྡན་ལྷ་མོའི་ལུང་བསྟན་བཞིན་ཧུར་ཐག་བྱས་ཡིན། ད་དུང་ཡང་ལོ་བཅུ་ཕྲག་ཁ་ཤས་མུ་མཐུད་ནས་འབད་བརྩོན་བྱེད་ཐུབ་ཀྱི་རེད། ཁྱེད་ཚོས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་གིས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པའི་སེམས་ཤུགས་དང་སྙིང་སྟོབས་བསྐྱེད་དེ་ཧུར་ཐག་བྱེད་ཤོག  མགོ་ཁྲིད་མཁན་མདོ་སྨད་པ་ལྷ་མོ་དོན་གྲུབ་རེད། ཚང་མས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག བོད་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་ཀྱིས་དངོས་གནས་དགའ་ཞེན་འགྱུར་བ་མེད་པ་ཧ་ཅང་ཡག་པོ་རེད། བོད་ཀྱི་ཉེ་འདབས་ཀྱི་ལ་དྭགས་སོགས་ནས༧གོང་ས་ཏཱ་ལའི་བླ་མ་ཞེས་སྙིང་ཁོངས་རུས་པའི་གཏིང་ནས་དགའ་མོས་ལ་འགྱུར་བ་མེད་པར་བསྡད་པ་རེད། དགའ་ཞེན་བྱེད་ས་དེ་བོད་ཀྱི་རིག་གཞུང་རེད། བོད་པའི་རིག་གཞུང་ལབ་དུས་སྤྱིར་བཏང་གི་ཡུལ་སྲོལ་གོམས་གཤིས་གཅིག་པུ་མ་རེད། སངས་རྒྱས་ཀྱི་ཆོས་རྒྱ་ཆེ་བ་ཡོད། བཀའ་འགྱུར་པོ་ཏི་བརྒྱ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཙམ་ཡོད་པ་དེ། བོད་པ་ཚོས་མི་རབས་མང་པོར་སྦྱངས་ཏེ་རྒྱུད་དང་འབྲེལ་བ་བྱས་ཡོད། ཕལ་ཆེར་བོད་གངས་ཅན་ལྗོངས་ན་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་རྒྱ་ཆེ་ཤོས་དང་ཟབ་ཤོས་དེ་རེད། བར་སྐབས་རྐྱེན་ངན་མང་པོ་བྱུང་ཡང་། ཕྱོགས་གཅིག་ནས་རྐྱེན་ངན་གྲོགས་ཤར་ལྟར་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་གསར་པ་བསླེབས་ཡོད། བོད་རིགས་རྣམས་ལ་སེམས་ཤུགས་གསར་པ་བསྐྱེད་ཡོད་པ་རེད། བོད་མི་ཚོས་ད་ལྟ་བར་ཧུར་ཐག་འབད་ཐག་བྱས་སོང་། ད་དུང་མུ་མཐུད་བྱེད་རོགས། ང་ཚོས་ངོ་ཤེས་ཆོས་གྲོགས་ཚོས་ཀྱང་ཧུར་ཐག་འབད་ཐག་བྱས་པ་ཡག་པོ་རེད། བོད་པར་སྙིང་ནས་ཤ་ཚ་དང་ཞེན་ཁོག་འགྱུར་བ་མེད་པར་བསྡད་པ་རེད། ངོས་ཀྱིས་གྲོགས་པོ་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་། 

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༠ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༡ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese