མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཨ་རིའི་གནད་ཡོད་མི་སྣས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པར་སྐྱོན་བརྗོད་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་ར་ཛེ་ཡ་མཆོག་སོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པར་སྐྱོན་བརྗོད་བྱས་འདུག

Brendan Smialowski / Getty

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་ར་ཛེ་ཡ་ (Uzra Zeya ) མཆོག་དང་། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ལྕམ་སྐུ་ཀེ་ལི་ (Kelly Razzouk) ལགས་སོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའེ་ཉིང་ཟེར་བས། ཨ་རིའི་ཆེས་མཐོའི་མི་སྣ་ཁག་གིས་༧མགོན་པོ་གང་ཉིད་ལ་མཇལ་བཅར་ཞུས་པར་མཐའ་གཅིག་ཏུ་དགག་པ་དང་། ཨ་རིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་གཏན་ནས་བྱ་མི་ཉན་ལུགས་བཤད་འདུག

མགྲིན་ཚབ་པ་དེས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། རྒྱ་ནག་གཞུང་གིས་ཨ་རིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ཁབ་དེའི་ནང་ཕེབས་བཅུག་པ་དང་། ཆེས་མཐོའི་མི་སྣ་དག་གིས་མཇལ་ཁ་ཞུས་པར་མཐའ་གཅིག་ཏུ་དགག་པ་བྱེད་ཀྱི་ཡོད། དེ་བཞིན་ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟེར་བ་ཞིག་བསྐོ་གཞག་བྱས་ཏེ་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཡིན་པས། མཐའ་གཅིག་ཏུ་ཚད་མཐོའི་དགག་པ་རྒྱག་གི་ཡོད། ཅེས་དང་། ཨ་རིས་རྒྱ་ནག་ལ་བོད་དོན་ཐད་བཟུང་བའི་སྲིད་ཇུས་དང་། རྒྱ་ནག་གི་ཁེ་ཕན་སོགས་ལ་དམིགས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིར་ཕེབས་སུ་བཅུག་ནས་ཁ་བྲལ་གྱི་ལས་འགུལ་ཟེར་བ་སྤེལ་བཅུག་མི་ཉན་ཚུལ་བཤད་འདུག

སྤྱིར་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡུ་རོབ་རྒྱལ་ཁབ་སུད་སི་ནས་ཨ་རིར་ཞབས་སོར་བདེ་བར་བཀོད་དེ་འདས་པའི་ཟླ་ངོ་གཉིས་མ་ཟིན་ཙམ་རིང་ཞབས་པུས་སྨན་བཅོས་གནང་ནས་སྐུ་ངལ་གསོས་ནས་བཞུགས་ཏེ། ཁ་སང་ཕྱི་ཚེས་ ༢༢ ཉིན་བྱང་ཨ་རིའི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་བཞིན། དད་ལྡན་མང་ཚོགས་བརྒྱ་ཕྲག་མང་པོས་མཚན་དོན་བརྟན་བཞུགས་ཕུལ་ཡོད་ཅིང་། དེ་ནི་༧མགོན་པོ་གང་གི་ཞབས་པུས་སྨན་བཅོས་རྗེས་ཀྱི་མཛད་འཆར་ཐོག་མར་གྱུར། ད་ལྟ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་ཁྲི་སྟོང་མང་པོས་ཨ་རིའི་ལས་ཐོག་སྲིད་འཛིན་སྐུ་ཞབས་བྷའེ་ཌིན་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་རྒྱུའི་རེ་བ་ཆེན་པོ་བཅང་མུས་ཡིན་ཏེ།   ཕྱི་ལོ་ ༢༠༢༠ ལོ་ཁོང་ཉིད་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མིར་བཞེངས་ནས་འོས་བསྡུ་དྲིལ་བསྒྲགས་སྐབས་ཀྱི་ཁས་ལེན་དམ་བཅའ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིའི་ཕོ་བྲང་དཀར་པོར་གདན་དྲངས་ནས་མཇལ་ཁ་ཞུ་རྒྱུ་དེ་ཡིན་ཡང་། འདས་པའི་སྲིད་འཛིན་གྱི་དུས་ཡུན་ནང་མཇལ་ཁ་ཞུས་མེད་པས། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ས་ཁམས་ཆབ་སྲིད་ཀྱི་གནད་དོན་དབྱེ་ཞིབ་པ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཚ་བོ་མཁས་གྲུབ་དོན་གྲུབ་ལགས་ཀྱིས་ཨ་རིའི་རེས་གཟའ་ཉི་མའི་གསར་ཤོག་ (The Sunday Guardian) ཞེས་པར་བཀོད་པའི་རྩོམ་ཡིག་ཅིག་གི་ནང་། སྐུ་ཞབས་བྷའེ་ཌིན་མཆོག་གིས་ད་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་མ་ཞུས་པ་དེས། བྷའེ་ཌིན་སྲིད་གཞུང་གིས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་ཆོས་ལུགས་དད་མོས་རང་དབང་སོགས་ཀྱི་ཐད་ལ་བསྐྱར་བཅོས་བྱ་རྒྱུའི་གོ་སྐབས་དེ་ཤོར་བ་ཡིན་ཞིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པ་དེས། ཨ་རིས་འཛམ་གླིང་ལ་ཆོས་ལུགས་དད་མོས་རང་དབང་དང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་ལངས་ཕྱོགས་བརྟན་པོ་བཟུང་ཡོད་པའི་གསལ་ཁ་སྟོན་ཐུབ། ཅེས་སོགས་བཀོད་འདུག

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོས་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་དང་བྱེད་མུས་ཡིན་ཡང་། ཨ་རིའི་སྲིད་འཛིན་ཞེ་གཉིས་པ་བྷེལ་ཁི་ལིན་ཊོན་མཆོག་གི་སྐབས་ཏེ། ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༣༡ ཉིན་ཨ་རིའི་གཞུང་གི་སྲིད་ཇུས་འཆར་འགོད་ལྷན་ཁང་གི་འགན་འཛིན་སྐུ་ཞབས་གྷེ་རི་གྷོ་རི་ཁི་རེག་ (Gregory Craig) ལགས་ཆེས་ཐོག་མར་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་སྟེ་ཕྱི་ལོ་ ༡༩༩༧ ནས་ ༡༩༩༩ བར་ཕྱག་ལས་གནང་ཞིང་། སྐུ་ཞབས་བྷེལ་ཁི་ལིན་ཊོན་མཆོག་གི་སྲིད་འཛིན་ལས་ཡུན་གཉིས་པའི་སྐབས། ཨ་རིའི་མི་འབོར་དང་སྐྱབས་བཅོལ་གནས་སྤོར་ལས་ཁུངས་ཀྱི་དྲུང་གཞོན་ལྕམ་སྐུ་དམ་པ་ཇུ་ལི་ཡ་ཊ་ཧྥིཌ་ (Julia Taft) ལགས་ཕྱི་ལོ་ ༡༩༩༩ ནས་ ༢༠༠༡ བར་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོས། ཨ་རིའི་སྲིད་འཛིན་ཞེ་གསུམ་པ་རྗོར་ཇི་ཌ་བྷི་ལུ་བྷུ་ཞི་ (George W Bush) སྐབས་སུ་ཨ་རིའི་ཕྱི་འབྲེལ་ལྷན་ཁང་གི་འཛམ་གླིང་ཕྱི་འབྲེལ་ཚན་པའི་དྲུང་ཆེ་གཞོན་པ་ལྕམ་ཕོ་ལཱ་དྷོ་བྷི་རི་ཡན་སི་ཀའེ་ (Paula Dobriansky) ལགས་ཕྱི་ལོ་ ༢༠༠༡ ནས་ ༢༠༠༩ བར་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་། ཨ་རིའི་སྲིད་འཛིན་ཞེ་བཞི་པ་ཨོ་བྷ་མ་མཆོག་གི་སྲིད་འཛིན་ལས་ཡུན་དང་པོར། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ལས་ལྕམ་མཱ་རི་ཡ་ཨོ་ཊི་རོ་ (Maria Otero) ལགས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་སྟེ། ཕྱི་ལོ ༢༠༠༩ ནས་ ༢༠༡༣ བར་ཕྱག་ལས་གནང་ཞིང་། ཁོང་གི་ལས་ཡུན་གཉིས་པའི་སྐབས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ལས་ལྕམ་སཱ་ར་ (Sara Sewall) ལགས་ཕྱི་ལོ་ ༢༠༡༤ ནས་ ༢༠༡༧ བར་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་བྱས་ཡོད།

ཨ་རིའི་སྲིད་འཛིན་ཞེ་ལྔ་པ་ཊོམ་ཕུ་མཆོག་གི་སྲིད་འཛིན་ལས་ཡུན་ལོ་བཞི་ལས་ལོ་གསུམ་ལྷག་རིང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱུང་མེད་ཀྱང་། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༤ ཉིན་ཕྱི་སྲིད་ལྷན་ཁང་གི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ཆེའི་ལས་རོགས་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ (Robert A.Destro) ལགས་བསྐོ་གཞག་གནང་། ཨ་རིའི་སྲིད་འཛིན་ཞེ་དྲུག་པ་རྗོ་བྷའེ་ཌིན་མཆོག་གིས་སྲིད་འཛིན་གྱི་ལས་འཁུར་ཞུས་ཏེ་ལོ་གཅིག་མ་ཟིན་ཙམ་གྱི་མཚམས་ཏེ། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༠ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ལྕམ་ཨུ་ཛི་ར་ཛེ་ཡ་ (Uzra Zeya) ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་ཡོད་ལ། ཁོང་མོ་ནི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བདུན་པར་གྱུར། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༩ ཉིན་བཞུགས་སྒར་དུ་ཆེད་ཕེབས་གནང་སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སོགས་དང་མཇལ་འཕྲད་གནང་སྟེ། བོད་མིའི་ཚོགས་སྡེ་ཁག་ལ་གཟིགས་ཞིབ་གནང་ཡོད་པ་རེད།

དེ་བཞིན་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་གིས་དབུས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་དུ་བཞུགས་སྒར་དྷ་རམ་ས་ལར་ཕེབས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཏེ། ཨ༌རིའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་གཞི་གཏན་འབེབ་བྱུང་བ་སྤྱན་འབུལ་ཞུས་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ས་ཧྲིལ་པོར་བཙན་འཛུལ་བྱས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་མི་འབུམ་གཅིག་ལྷག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་རྗེས། ༧མགོན་པོ་གང་ཉིད་ཀྱིས་སྐུ་ངལ་འཛད་མེད་བསྐྱོན་ཏེ་བཙན་བྱོལ་བོད་མིའི་གཞིས་ཆགས་དང་། སློབ་གྲྭ། དགོན་སྡེ་བཅས་གསར་རྒྱག་གི་རླབས་ཆེན་གྱི་མཛད་པ་བསྐྱངས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༧༣ ལོར་ཆེས་ཐོག་མར་ཉི་ཧོང་དང་ཐའེ་ལེན་ཌི་ལ་ཕེབས།  ཕྱི་ལོ་ ༡༩༧༣ ལོར་ནུབ་ཕྱོགས་སུ་ཐོག་མར་ཕེབས་མགོ་བཙུགས་ནས་ཉིན་གྲངས་དོན་ལྔ་རིང་ཡུ་རོབ་ཀྱི་རྒྱལ་ཁབ་བཅུ་གཉིས་ནང་ཆིབས་བསྒྱུར་བསྐྱངས། ཕྱི་ལོ་ ༡༩༧༩ ཟླ་ ༡༠ ཚེས་ ༣ ཉིན་ཆེས་ཐོག་མར་ཨ་རིར་ཆིབས་བསྒྱུར་བསྐྱངས་རྗེས་ཡུལ་དེར་ཐེངས་མང་ཕེབས།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༠ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༡ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese