མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིག་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་གསར་འཛུགས་བྱས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བའི་དུས་དྲན་དང་བསྟུན་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་བརྗོད་བྱ་སྣ་མང་ཅན་གྱི་ཕྱག་དེབ་ ༡༤༦ ལྷག་ལྗགས་རྩོམ་མཛད་ཡོད་པར་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིག་གཟེངས་རྟགས་ཕུལ་སོང་།

རྒྱལ་སྤྱིའི་པིན་རྩོམ་པ་པོའི་མཐུན་ཚོགས་དང་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཐུན་མོང་ངོས་ནས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིག་གཟེངས་རྟགས་ཕུལ་སོང་། ༢༠༢༤།༨།།༢༤ དུས་བབ་ཀྱི་པར།

དེ་རིང་ཞོགས་པའི་ཆུ་ཚོད་ ༩།༣༠ སྟེང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་བཙུགས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བའི་དུས་དྲན་སྲུང་གཙི་གནང་བ་དང་བསྟུན། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་དང་ཕྱི་སྡོད་པེན་རྩོམ་པ་པོའི་མཐུན་ཚོགས་ཐུན་མོང་གི་ཐོག་ནས་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བརྗོད་བྱ་སྣ་མང་གི་ཕྱག་དེབ་ ༡༤༦ ལྷག་ལྗགས་རྩོམ་མཛད་པར་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིག་གཟེངས་རྟགས་ཕུལ་སོང་ལ། ཉིན་རྒྱབ་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་ཞིག་འཚོགས་སོང་།

ཐོག་མར་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་འབུམ་རམས་པ་བསོད་ནམས་རྒྱལ་མཚན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས་ཀིརྟི་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེགས་རྟགས་འབུལ་དགོས་དོན་སྐོར་ལ་ཁོང་གིས། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་རྩོམ་རིག་གི་ཐོག་ལ་མཛད་པ་ཆེ་ཤོས་སྐྱོང་མཁན་ཞིག་ཡིན་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་ཨ་མདོའི་བླ་མ་ཞིག་ལ་༧སྐྱབས་མགོན་རྒྱལ་བ་ཡབ་སྲས་སྐུ་ཕྲེང་ན་རིམ་གྱི་རྣམ་ཐར་གསལ་བསྡད་པ་ཧ་ལམ་ཉུང་ཉུང་རེད། རིན་པོ་ཆེ་མཆོག་ལ་ཆ་མཚོན་པ་ཡིན་ན། ༧སྐྱབས་མགོན་རྒྱལ་བའི་དབང་པོ་ལྔ་པ་ཆེན་པོའི་རྣམ་ཐར་དུ་གུ་ལའི་གོས་བཟང་གི་ནང་ལ་ཡང་ཡང་མཚན་འདོན་གྱི་ཡོད་རེད། དེ་བཞིན་ཉེ་རབས་ཀྱི་ལོ་རྒྱུས་ནང་དུའང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་ན་རིམ་གྱི་མཛད་རྗེས་གཟེངས་སུ་བཏོན་ནས་བྲིས་ཡོད་པ་སོགས་ལོ་རྒྱུས་ཀྱི་གནས་བབ་དྲན་གསོ་བྱས་པའི་ཐོག་ནས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིག་གཟེངས་རྟགས་ཕུལ་གྱི་ཡོད་སྐོར་སོགས་གསུངས་སོང་།

དེའི་རྗེས་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ་ཀླུ་མཚོ་སྐྱིད་ལགས་ཀྱིས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་སྙིང་བསྡུས་ངོ་སྤྲོད་གནང་རྗེས། མཛད་སྒོའི་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས། དེ་རིང་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་བཙུགས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བའི་དུས་དྲན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ང་རང་སྒེར་གྱི་ངོས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིག་གཟེངས་རྟགས་ཕུལ་བར་བསྔགས་བརྗོད་དང་ཐུགས་རྗེ་གནང་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་བོད་རང་དབང་ཡིན་པའི་སྐབས་ནས་བོད་ཀྱི་ཆོས་དང་རིག་གཞུང་འཕེལ་རྒྱས་ཀྱི་ཐོག་ལ་ཐུགས་བཞེས་ཡོད་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་བཙན་འཛུལ་བྱེད་པའི་སྐབས་རྒྱ་ནག་གིས་བོད་ནང་དྲག་གནོན་བྱས་པ་སོགས་ཀྱི་མྱོང་བ་ཡོད་པ། བཙན་བྱོལ་དུ་འབྱོར་ནས་བཙན་བྱོལ་ནང་དུ་རང་མི་རིགས་ཀྱི་རིག་གནས་གཅེས་ཉར་དང་། དམངས་གཙོའི་འཕེལ་རིམ་གྱི་བྱ་གཞག་ནང་མཉམ་ཞུགས་ཀྱི་ཐོག་ནས་སྐུ་ལས་བསྐྱོན་ཡོད་པ་མ་ཟད། རིན་པོ་ཆེ་མཆོག་ལ་གསུང་རྩོམ་ ༡༤༠ ལྷག་ཡོད་པ་སོགས་བོད་ཀྱི་རིག་གནས་ཀྱི་ཐོག་ལ་ཧ་ཅང་ཐུགས་ཁུར་བཞེས་པ་ཡིན་པའི་ཆ་ནས་གཟེངས་རྟགས་ཕུལ་བར་ལེགས་གསོལ་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་དང་། ཆུང་བྱིས་པའི་དུས་ནས་དཔེ་དེབ་ཀློག་རྒྱུའི་གོམས་འདྲིས་དང་སྤྲོ་བ་ཇི་ལྟར་སྤྲོད་དགོས་ཀྱི་ཡོད་པ་དེ་ལ་ཕ་མ་དང་དགེ་རྒན་རྣམས་ནས་ངེས་པར་དུ་དགོངས་པ་བཞེས་དགོས་པ་ཞིག་ཆགས་ཀྱི་འདུག དེ་དང་ཕྱོགས་མཚུངས་ན་གཞོན་ཚོའི་ནང་ལོགས་ལ་རྩོམ་རིག་དང་འབྲེལ་བའི་བགྲོ་གླེང་སོགས་བྱ་རྒྱུའི་མཐུན་རྐྱེན་བསྐྲུན་ཐུབ་ན་ཡག་པོ་འདུག རང་མི་རིགས་ཀྱི་རིག་གནས་ལ་དབྱིངས་དང་དོ་སྣང་། ད་ལྟའི་དུས་ཚོད་ལ་བོད་ཀྱི་ཆག་འཇིག་གི་གནས་སྟངས་ལ་བསམ་ཐུབ་མཁན་གྱི་མི་རབས་ཤིག་དགོས་ཀྱི་ཡོད་སྐོར་དང་། སྤྱི་ཚོགས་འདིའི་ནང་ལ་རྩོམ་པ་པོ་བོད་རིག་པའི་གནས་ལ་དོ་དབྱིངས་གང་མང་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ལ། རང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་ངེས་པར་དུ་བྱ་དགོས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་ལྷན་དུ་སྐུ་མགྲོན་རྣམས་པ་དང་ཕྱི་སྡོད་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་ནས་མཉམ་པར་བསྒྲོན་པ། ༢༠༢༤།༠༨།༢༤ བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་དེབ་ ༢༠༠ ཙམ་བརྩམས་པའི་ཐོག་ནས་རྩོམ་རིག་གི་ཐོག་ལ་མཛད་རྗེས་ཕུལ་དུ་བྱུང་བ་གནང་བའི་མཛད་རྗེས་རྗེས་སུ་དྲན་པའི་མཛད་སྒོ་འཚོགས་པ་ཞིག་དང་། ང་རང་མཛད་སྒོ་འདིར་བཅར་ཐུབ་པ་དང་སྐད་ཆ་ཚིག་ཁ་ཤས་བཤད་རྒྱུའི་གོ་སྐབས་བྱུང་བར་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་འདས་པའི་ལོ་ཉེར་ལྔའི་ནང་རྒྱལ་སྤྱིའི་སྟེང་བོད་ཀྱི་རིག་གཞུང་དང་། སྐད་ཡིག་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་བ་དང་། དུས་ཚོད་གཉན་འཕྲང་ཅན་དེ་འདྲའི་སྐབས་སུ་ཤེས་ཡོན་གྱི་སྒྲིག་འཛུགས་སོགས་བཙུགས་ཏེ་ཚོགས་པ་ཁག་གཞན་དང་འབྲེལ་བ་བཙུགས་ཏེ། ད་ལྟ་བར་དུ་རྒྱུན་གནས་ཐུབ་པར་ཚོགས་མི་ཡོངས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་དང་། དེ་རིང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་ཐུབ་པ་དང་། ཐོག་མར་དེ་འདྲའི་ཀུན་སློང་འཁུར་བར་ཡག་པོ་ཞེ་དྲགས་བྱུང་འདུག སྤྱི་ཚོགས་ནང་ཕྱག་ལས་གནང་མཁན་ཡོང་གི་ཡོད་པ་རེད། དེ་ལ་ངོས་འཛིན་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་བརྩམས་ཆོས་དེ་དག་མི་འདྲ་བ་ཞིག་དང་ཐུགས་ཕན་གསོ་བའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། རིན་པོ་ཆེ་མཆོག་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལོ་རྒྱུས་སོགས་ཀྱི་ཐོག་ལ་ཕྱག་རྗེས་ཆེན་པོ་བཞག་ཐུབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་རིག་གནས་དང་རིག་གཞུང་། ནང་ཆོས་ཀྱི་ཐོག་ལ་ཕྱག་ལས་འབུར་དུ་ཐོན་པ་གནང་ཡོད་པ་དང་། རིན་པོ་ཆེ་མཆོག་གིས་བསྟན་པ་དང་འགྲོ་བའི་དོན་དུ་ཕྱག་ལས་རིམ་པ་གནང་ཡོད་སྐོར་སོགས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་བཙུགས་པའི་དགོས་དམིགས་ནི་རྩོམ་པ་པོ་ཕན་ཚུན་འབྲེལ་བ་བྱ་རྒྱུ་དང་། དཀའ་ངལ་འཕྲད་པའི་སྐབས་གདོང་ལེན་བྱ་དགོས་པ། རྩོམ་པ་པོའི་རང་དབང་རྩོད་ལེན་བྱ་རྒྱུ་སོགས་རེད། དེང་སང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་ཤུགས་ཆེ་ཆུང་ཇི་ཙམ་བྱེད་ཐུབ་ཀྱི་ཡོད་མེད་དེ་རྒྱལ་སྤྱིའི་གནས་ཚུལ་ནང་གོ་རྒྱུ་མེད་པར་བརྟེན། ཞུ་ཐུབ་ཀྱི་མི་འདུག་སྟེ། བྱས་པ་ཡིན་ན་དངོས་གནས་ནུས་པ་འདོན་ཐུབ་རྒྱུའི་སྒྲིག་འཛུགས་ཤིག་ཆགས་ཀྱི་ཡོད་པ་རེད། རྒྱུ་མཚན་ནི་དེའི་ནང་ལོགས་ལ་འཛམ་གླིང་གི་རྩོམ་རིག་མཁས་པ་མང་པོ་ཞིག་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། བོད་པའི་སྤྱི་ཚོགས་ནང་ལོགས་ལ་རྩོམ་འབྲི་མཁན་མང་པོ་འདུག དེབ་བྲིས་ཀྱང་ཀློག་མཁན་དགོས་ཀྱི་ཡོད་པ་རེད། དེབ་མང་པོ་ཡོད་ཀྱང་ཀློག་མཁན་ཉུང་དྲགས་ཀྱི་ཡོད་པ་རེད། དེབ་བྲིས་པ་གཅིག་པུ་མིན་པར་སྤྱི་ཚོགས་ནང་ལོགས་ཀློག་རྒྱུའི་གོམས་གཤིས་ཡོད་ན་ཕན་ཐོགས་ཡོད་རེད་བསམ་གྱི་འདུག ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་བོད་ནས་བཙན་བྱོལ་དུ་ཕེབས་པ་ནས་ད་ལྟ་བར་དུ་བརྗོད་གཞི་མི་འདྲ་བའི་ཐོག་ལ་དེབ་མང་པོ་བརྩམས་ཡོད་སྐོར་དང་། བོད་ནང་གི་བོད་མིའི་གནས་སྟངས་སྐོར་དང་། རྒྱ་ནག་གིས་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱས་ཏེ་སློབ་གྲྭ་ཁག་མང་པོ་སྒོ་བརྒྱབ་པ། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་རེད། བོད་ནང་དུ་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་བཅུག་གི་མེད་པར་བརྟེན། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་འགན་འཁུར་བའི་ཐོག་ནས་རང་གི་སྐད་ཡིག་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་སྲིད་སྐྱོང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་སོགས་ནས་ཕྱག་དཔེ་འགྲེམས་སྟོན་ལ་གཟིགས་བཞིན་པ། ༢༠༢༤།༠༨།༢༤ བོད་མིའི་སྒྲིག་འཛུགས་ཀྱི་པར།

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས། དེ་རིང་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་བཙུགས་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་ང་ལ་གཟེངས་རྟགས་ཤིག་གསོལ་རས་གནང་བར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་ཡི་ཡིན། སྤྱིར་བཏང་ངའི་རྩོམ་ཡིག་ལ་བྱ་དགའ་གནང་འོས་པའི་རྩོམ་གྱི་སྒྱུ་རྩལ་དང་། རྩོམ་གྱི་རང་བཞིན་གསལ་སྟོན་གྱི་རྣམ་པ་དེ་འདྲ་གང་ཡང་མེད་པ་རེད། འོན་ཀྱང་། རིམ་པས་རྩོམ་ཡིག་སྣ་ཁ་མང་པོ་ཞིག་ཡོད་པ་དང་། དེས་བོད་ཕྱི་ནང་གཉིས་ཀ་ལ་ཕན་ཐོགས་ཆེན་པོ་བྱུང་བ་དེ་ལ་རྣམ་པ་ཚོས་ཆེ་མཐོང་གནང་བ་ཞིག་རེད་བསམ་གྱི་འདུག དེར་བརྟེན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། བོད་ཀྱི་རྩོམ་པ་པོ་ཉུང་ཉུང་མ་གཏོགས་མེད་ཀྱང་། རྣམ་པ་ཚོས་རྩོམ་པ་པོ་ཡོད་པ་དེ་དག་གི་འབོད་སྒྲ་ལ་གསན་གྱི་ཡོད་པ་དང་ཐུགས་སྣང་གནང་གི་ཡོད་པར་བརྟེན། བོད་ནང་གི་རྩོམ་པ་པོ་དང་དཀའ་ངལ་འོག་ལ་འཕྲད་བསྡད་པའི་རྩོམ་པ་པོ་དེ་དག་གི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

རྩོམ་ཡིག་གི་ནང་དོན་དང་འབྲེལ་ནས་རིན་པོ་ཆེ་མཆོག་གིས། ང་རང་སྐྱེས་ཐོབ་ཀྱི་དབང་གིས་ཀིརྟི་ཚང་གི་བླ་མ་ཞིག་གི་སྤྲུལ་སྐུ་ལ་སྐྱེས་པ་རེད། དེར་བརྟེན་ཀིརྟི་ཚང་གི་དགོན་མ་ལག་དང་། དེའི་སློབ་ཁྲིད་ལ་ལྟ་རྟོག་བྱ་དགོས་པ་དེ་ངའི་སྐྱེས་ཐོབ་ཀྱི་ལས་འགན་ཞིག་རེད། རྩོམ་ཡིག་ཁག་ཅིག་དེ་དང་འབྲེལ་བ་ཆགས་ཀྱི་ཡོད། བོད་མི་ཞིག་ཡིན་པའི་བོད་སྤྱི་པའི་ལས་འགན་འཁུར་བའི་ཐོག་ནས་ང་ཚོས་སྒྲུབ་དགོས་པའི་ལས་འགན་ག་རེ་ཡིན་པའི་སྐོར་ལ་རྩོམ་ཡིག་ཁག་ཅིག་ཡོད། རྩོམ་ཡིག་ཁག་ཅིག་དམངས་གཙོ་དང་འབྲེལ་བའི་སྐོར་ཆགས་ཀྱི་ཡོད། ཅེས་དང་། ངས་རྩོམ་ཡིག་འདི་བྲིས་པར་བརྟེན་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པ་དང་། ངའི་རྩོམ་ཡིག་དེ་དག་བོད་ནང་ལ་པར་སྐྲུན་བྱེད་མི་ཆོག་པའི་བཙན་བཀའ་བཏང་བ། པར་སྐྲུན་བྱ་རྒྱུའི་དངུལ་པར་ཁང་ལ་སྤྲད་པ་གཞུང་བཞེས་བཏང་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་པ་རེད། ང་དང་འབྲེལ་བ་ཡོད་པའི་སློབ་གྲྭ་ཁག་ཡང་ནས་ཡང་དུ་སྒོ་བརྒྱབ་པ་དང་། གྲྭ་པ་མང་པོ་ཞིག་སྡོད་ས་བརྟེན་ས་མེད་པར་ལུས་པའི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་རེད། ད་ལྟ་བར་དུ་རྩོམ་ཡིག་མང་པོ་བྲིས་པ་དེ་དག་གིས་བོད་ཕྱི་ནང་གཉིས་ཀར་ཕན་ཐོགས་བྱུང་བར་བརྟེན་དགའ་པོ་བྱུང་། བོད་ཆོལ་ཁ་གསུམ་གྱི་རྩོམ་པ་པོས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱ་དགོས་པའི་ཐོག་ལ་འབད་བརྩོན་གནང་སྟེ་རྩོམ་ཡིག་ཡག་པོ་སྤེལ་གནང་འདུག གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པར་རྣམ་པ་ཚོས་ཤུགས་བསྐྱོན་རྒྱུ་དང་། དཀའ་ངལ་ལ་གདོང་ལེན་གནང་ནས་རྩོམ་གྱི་ཐོག་ནས་མི་མང་གི་སེམས་ནང་ལ་ལམ་སྟོན་གནང་རོགས་གནང་། བོད་ནང་དུ་རྩོམ་ཡིག་འབྲི་བ་དང་། རང་སྲོག་བློས་བཏང་བ། ཆབ་སྲིད་ཀྱི་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་དེ་དག་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་ད། བཙོན་འོག་ཏུ་ཡོད་པ་རྣམས་མགྱོགས་ནས་མྱུར་དུ་ཀློད་གྲོལ་ཡོང་བ་དང་། བོད་ནང་དུ་རྩོམ་གྱི་རང་དབང་གང་མགྱོགས་འཐོབ་རྒྱུའི་སྨོན་ལམ་ཡོད། ཅེས་གསུངས་སོང་ལ། རྩོམ་པ་པོ་རྣམས་ཀྱི་བོད་ཆོལ་ཁ་གསུམ་འཆམ་མཐུན་དང་རྡོག་རྩ་གཅིག་ཏུ་སྒྲིལ་བར་རྩོམ་རིག་ལམ་ནས་ནུས་པ་འདོན་དགོས་པ་ལས་ནང་ཁུལ་ཚིག་མཚོན་གཡུག་རེས་བྱས་བསྡད་ན་ཕན་ཐོགས་མེད་སྐོར་སོགས་ཀྱི་བཀའ་སློབ་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༣ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༢༤ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese