མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་མགོ་འཛིན་གྱི་ནུས་པ་གོང་སྤེལ་གཏོང་ཐབས་ཀྱི་ཟབ་སྦྱོང་ཞིག་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ས་གནས་མགོ་འཛིན་གྱི་ནུས་པ་གོང་སྤེལ་གཏོང་ཐབས་ཀྱི་ཟབ་སྦྱོང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༧སྐུའི་ཡང་སྲིད་ཀྱི་ལས་དོན་བྱེད་ཕྱོགས་དང་གོ་སྟོན་སྲུང་གཙི་བྱེད་ཕྱོགས་སྐོར་ལ་ནན་བརྗོད་གནང་སོང་།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་མགོ་འཛིན་རྣམས་ཀྱི་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ཟབ་སྦྱོང་འཚོག་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༤།༠༨།༢༦

ཁ་སང་ཟླ་འདིའི་ཕྱི་ཚེས་ ༢༦ ནས་ ༢༨ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ཨེ་ཤ་ཡ་ཧེལ་ཐི་རི་སོར་ཊི་(Asia Health Resorts) གསོལ་མགྲོན་ཁང་དུ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གཉིས་ཀྱི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་མགོ་འཛིན་རྣམས་ཀྱི་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། དྷ་སའི་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་དཔལ་ལྡན་ཕུན་ཚོགས་ལགས། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་ཚེ་རིང་སྟོབས་རྒྱལ་ལགས། ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས། ནང་སྲིད་དྲུང་འཕར་བཀྲ་ཤིས་བདེ་སྐྱིད་ལགས། རྒྱ་བལ་འབྲུག་གསུམ་གྱི་ས་གནས་མགོ་འཛིན་དང་ལས་ཚབ་བཅས་ཁྱོན་ཚོགས་བཅར་བ་ ༤༠ ལྷག་མཉམ་ཞུགས་གནང་ཡོད་འདུག

ཐེངས་འདིའི་ཟབ་སྦྱོང་གི་སྐོར་ལ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༡ ནང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ས་གནས་མགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་འཚོགས་པ་རེད། ཟླ་བ་ཁ་ཤས་ཀྱི་ནང་ས་གནས་མགོ་འཛིན་མང་པོ་བརྗེ་བོ་བརྒྱབ་ཡོད་པར་བརྟེན། ས་གནས་མགོ་འཛིན་གསར་བས་ཉིན་རེའི་ཕྱག་ལས་གནང་སྐབས་ཁྲིམས་དང་སྒྲིག་གཞི། ལས་དོན་བྱེད་ཕྱོགས། དགོངས་པ་བཞེས་སྟངས། རྩིས་ཁྲ་རྩིས་ལེན་བྱེད་ཕྱོགས། ས་ཆ་འདེམས་སྒྲིག་བྱེད་སྟངས། འཆར་གཞི་ལ་རྒྱབ་གཉེར་སྤྲོད་ཕྱོགས་ཐོག་བཀའ་ཤག་ནས་ཟབ་སྦྱོང་གནང་གལ་ཆེ་བའི་དགོངས་གཞིའི་ཐོག་འཚོགས་པ་ཞིག་རེད། ཅེས་དང་། ཕྱི་ལོ་ ༡༩༩༥ ནས་ཕྱི་ལོ་ ༢༠༠༡ བར་ས་གནས་མགོ་འཛིན་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་གཞིར་ཐད་ཀར་འབྲེལ་བ་མེད་པ་རེད། ཕལ་ཆེར་རང་མགོ་རང་ཐོན་ལྟ་བུ་རེད། རང་ཉིད་ཀྱིས་དངུལ་འཚོལ་བ་ལས་རོགས་དངུལ་གྱི་ལས་གཞི་རིགས་མེད་པ་རེད། ཕྱི་ལོ་ ༢༠༠༡ ནས་བཟུང་བཀའ་ཤག་སྐབས་བཅུ་གཅིག་དང་བཅུ་གཉིས་སྐབས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་བརྒྱུད་ས་གནས་མགོ་འཛིན་ལ་སྒྲིག་གཞི་དང་འཆར་གཞི་ཁག་ལག་བསྟར་བྱས་པ་རེད། ས་གནས་མགོ་འཛིན་ལས་གནས་ལ་རྒྱུས་མངའ་ཡོད་མེད་ཀྱི་ཐོག་ལས་དོན་བྱེད་ཕྱོགས་ཁྱད་པར་ཏན་ཏན་འགྲོ་བཞིན་འདུག ཅེས་བརྗོད་སོང་།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། སྤྱིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགུང་ལོ་ ༡༡༣ བཞུགས་པའི་བཀའ་གནང་ཡོད་ཅིང་། ང་ཚོས་ཀྱང་བཀའ་ལུང་བཞིན་སྐུ་ཚེ་རིང་པོ་བཞུགས་པའི་སྨོན་ལམ་རྒྱག་དགོས། བླ་མ་སྐུ་ཚེ་རིང་པོ་བརྟན་མིན་བླ་སློབ་ཀྱི་དམ་ཚིག་འབྲེལ་བ་དམ་ཟབ་ཡོད་དགོས། བོད་མིའི་སྒྲིག་འཛུགས་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་གནད་དོན་དང་འབྲེལ་ཏེ་དོན་ཚན་དྲུག་ཅན་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་ཞུས་ཡོད། དོན་ཚན་དྲུག་པ་དེ་ཡང་སྲིད་རྩད་གཅོད་དང་འབྲེལ་བ་རེད། ཡང་སྲིད་རྩད་གཅོད་དང་འབྲེལ་བ་དེ་དགའ་ལྡན་ཕོ་བྲང་ནས་ཐུགས་ཐག་གཅོད་རྒྱུ་མ་གཏོགས། རྒྱ་ནག་གཞུང་དང་ཕྱིའི་རྒྱལ་ཁབ་ཀྱི་ཐེ་ཇུས་བྱེད་མི་ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་ཐེ་ཇུས་བྱེད་མི་ཆོག་ཅེས་གསལ་ཡོད། དེ་དག་དཔོན་རིགས་དང་མི་རིགས་གཞན་པ་ཚོར་མཇལ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དོན་ཚན་དྲུག་ལས་གཞན་གང་ཡང་འགྲེལ་བརྗོད་ཞུ་དགོས་པའི་རྒྱུ་མཚན་མེད།  ད་ལྟའི་དུས་སུ་ཆབ་སྲིད་ཀྱི་གནད་འགག་ཐོག་ནས་བལྟས་པ་ཡིན་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་སྐབས་སུ་རྒྱ་ནག་གཞུང་གིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་ཐོག་གང་ཡང་བྱེད་མི་ཐུབ། ཁོ་ཚོས་ལོ་ཉི་ཤུ་ཙམ་གྱི་སྔོན་ནས་གྲ་སྒྲིག་བྱས་བསྡད་ཡོད་ཀྱང་། ད་ལྟའང་ལག་པ་འཆང་ས་གང་ཡང་རག་མེད། ཁོང་ཚོས་གྲ་སྒྲིག་ཨང་གསར་བྱས་བསྡད་པ་དེ་གཞུང་གཞན་པས་ང་ཚོར་ལབ་ཡོང་གི་ཡོད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་ནས། དེ་བཞིན་བོད་མིའི་སྤྱི་ཚོགས་ནང་ནས་ཀྱང་ད་ལྟའི་ཆར་སྐུའི་ཡང་སྲིད་དང་འབྲེལ་བའི་ཡིག་ཆ་གཅིག་ཡོད་པ་དེ་ཕྱི་ལོ་ ༢༠༡༡ ཟླ་བ་ ༠༩ ནང་གི་ཡིག་ཆ་དེ་རེད། དེ་ཚོར་ཆ་ཚང་གཟིགས་དགོས།  ༧སྐུའི་ཡང་སྲིད་དང་འབྲེལ་བའི་ཡིག་ཆ་དེ་མ་གཏོགས་མེད། གཞན་པ་ཚོས་ག་རེ་བྱེད་ཀྱི་ཡོད་ཀྱང་ང་ཚོར་འབྲེལ་བ་མེད་པ་རེད། ཕྱི་ལོ་ ༢༠༡༡ གི་ཡིག་ཆ་དེའི་ནང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ ༩༠ ཕེབས་པའི་སྐབས་སུ་ཡང་སྲིད་དང་འབྲེལ་བའི་བཀའ་མོལ་གནང་གི་རེད་ཅེས་གསལ་ཡོད། དེ་ཡིན་དུས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ ༩༠ མ་ཕེབས་པའི་སྔོན་ལ་ས་གནས་མགོ་འཛིན་སོ་སོའི་ཁྱབ་ཁོངས་དགོན་པ་དང་། སྒྲིག་འཛུགས་ཁག་ནས་མགོན་པོ་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་གནང་ན། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཐུན་མོང་གི་ལངས་ཕྱོགས་གཅིག་གྱུར་ཡོང་ཐུབ་ལ། གྲོས་ཆོད་ཡིག་ཆ་དེ་དག་ཆོས་རིག་ལས་ཁུངས་ནས་ཕྱོགས་བསྒྲིགས་ཞུ་གི་རེད། ཅེས་གསལ་བཤད་དང་། དེ་ལྟར་རྒྱལ་སྤྱིའི་ནང་པའི་སྤྱི་ཚོགས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་གྲོས་ཆོད་གཏན་འབེབས་གནང་ཐུབ་ན། ༸རྒྱལ་བའི་ཡང་སྲིད་ཐོག་བོད་མིའི་ཕྱོགས་ནས་ཐབས་ཇུས་ལྡན་པའི་ཐོག་ནས་གྲ་སྒྲིག་ཞུ་ཐུབ་རྒྱུ་རེད་ཅེས་ནན་བརྗོད་གནང་སོང་།

དེ་བཞིན་ཕྱི་ལོ་ ༢༠༢༥ ལོར་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་ལོ་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་གྱི་ལོར་སྲུང་གཙི་དང་བསྟུན།  བྱམས་བརྩེའི་ལོ་ཞེས་༸རྒྱལ་བའི་གསང་གསུམ་གྱི་མཛད་པ་འཕྲིན་ལས་དང་འབྲེལ་བའི་ལས་གཞི་སྣ་མང་སྤེལ་འཆར་ཡོད་པ་དང་། ས་གནས་སོ་སོའི་ངོས་ནས་ཀྱང་གོ་སྒྲིག་ཚོགས་ཆུང་བསྐོ་འཛུགས་ཐོག་༸སྐུའི་གོ་སྟོན་སྲུང་གཙི་ཞུ་ཕྱོགས་སྐོར་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༨ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༩ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese