མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་ཅན་གྱི་ལྷན་ཁང་འགན་འཛིན་གཉིས་ནས་ལས་ཁུར་དམ་འབུལ་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་དང་སྤྱི་ཁྱབ་རྩིས་ཞིབ་པ་གཉིས་ཀྱིས་ལས་ཁུར་དམ་བཅའ་ཕུལ།

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་དང་སྤྱི་ཁྱབ་རྩིས་ཞིབ་པ་གཉིས་ཀྱིས་ལས་ཁུར་དམ་བཅའ་ཕུལ། བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༨།༣༠

དེ་རིང་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚོགས་གཙོས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས། སྤྱི་འཐུས་རྒྱུན་ལས་སོགས་ཀྱི་ཚོགས་བཞུགས་ཐོག བཀའ་ཟུར་ཀརྨ་ཡེ་ཤེས་ལགས་དང་། ལྷག་པ་རྒྱལ་མཚན་ལགས་གཉིས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རང་དབང་ཅན་གྱི་སྡེ་ཚན་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་རྩིས་ཞིབ་ལྷན་ཁང་གི་འགན་འཛིན་གྱི་ལས་ཁུར་དམ་བཅའ་ཕུལ་སོང་།

སྐབས་དེར་བཀའ་ཟུར་ཀརྨ་ཡེ་ཤེས་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཚོགས་གཙོ་མཆོག་གི་དྲུང་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་ལས་ཁུར་ཞུས་ཚར་བ་ཡིན། སྤྱིར་བཏང་ལས་བྱེད་འདེམས་བསྐོ་ལྷན་ཁང་དེ་ལྷན་ཁང་གལ་ཆེ་བ་ཞིག་རེད་ལ། དེའི་ནང་ནས་རང་དབང་ཅན་གྱི་སྡེ་ཚན་ཞིག་ཆགས་ཡོད་པའི་ཁྲོད། སྲི་ཞུའི་ལས་བྱེད་པ་རྣམས་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྒལ་ཚིགས་ལྟ་བུ་ཞིག་ཆགས་བསྡད་ཡོད་པས། ད་ལྟ་བོད་མིའི་སྒྲིག་འཛུགས་སུ་སྲི་ཞུའི་ལས་བྱེད་ཀྱི་ཞབས་ཕྱི་ཞུ་བའི་གོ་སྐབས་ཤིག་རག་པ་རེད། གལ་ཆེ་ཤོས་ཤིག་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ལས་བྱེད་འདེམས་ལྷན་ཀྱི་སྒྲིག་གཞི་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་གཏན་འབེབས་བྱས་པའི་ལས་བྱེད་བླང་དོར་སྒྲིག་གཞི་ཡིན་པས། སྒྲིག་གཞི་དེ་གཉིས་གཙོ་བོར་བཟུང་ནས་སྲི་ཞུ་ལས་བྱེད་རྣམས་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུ་དང་། བོད་གཉན་འཕྲང་ཆེ་བའི་དུས་སྐབས་དང་ལྷག་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་མཐོ་བོར་ཕེབས་ཡོད་པས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ལས་ཀ་བྱ་རྒྱུ་ནི་ང་ཚོ་ཚང་མའི་འོས་འགན་ཡིན་སྟབས། ངས་སྲི་ཞུ་བ་ལས་བྱེད་ཀྱི་བདེ་སྡུག་ལ་བལྟ་རྒྱུ་དང་ནུས་པ་གོང་མཐོར་གཏོང་ཐབས། སྒྲིག་གཞིའི་དགོངས་དོན་ཧུར་ཐག་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་བརྗོད་སོང་།

ལྷག་པ་རྒྱལ་མཚན་ལགས་ཀྱིས། མ་འོངས་པའི་རྩིས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་དེ། མ་འོངས་པར་རྒྱུན་དུ་དོན་གཉེར་གྱིན་འདི་དང་འདི་བྱོས་ཟེར་ནས་ཧ་གོ་ནས་འགྲོ་སྟངས་ཤིག་ཡོང་གི་ཡོད་པ་ལས།  ད་ལྟ་འདི་ནས་ཐད་ཀར་འདི་དང་འདི་བྱེད་ཀྱི་ཡིན་ཟེར་ནས་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ལས་ཀ་བྱེད་ཀྱིན་བྱེད་ཀྱིན་གནས་སྟངས་ཤིག་ཆགས་ཡོང་གིན་ཡོད་པས་དེ་ལྟར་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

བཀའ་ཟུར་ཀརྨ་ཡེ་ཤེས་ལགས་ཀྱིས་ཅན་རྡི་སྒར་པཎ་ཇབ་གཙུག་ལག་སློབ་གཉེར་ཁང་ནས་ཆེད་སྦྱོང་རིག་གནས་རབ་འབྱམས་པ་དང་ཉེ་བའི་གཙུག་ལག་རབ་འབྱམས་པའི་ (B.A. (Hons.), B.Ed.)སློབ་གཉེར་གནང་། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡ ནས་ ༢༠༠༡ ཟླ་ ༨ ཚེས་ ༣༡ བར་ལོ་ངོ་དྲུག་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་སྐབས་གཉིས་རིང་བྱས།  ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༡༨ ནས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣༡ བར་ལོ་ངོ་བརྒྱད་ལྷག་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་བྱས། སྐབས་གཉིས་ལ་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་དུ་བདམས་ཐོན་བྱུང་སྟེ། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༦ བར་ལོ་ངོ་ལྔའི་རིང་དཔལ་འབྱོར་བཀའ་བློན་གྱི་ལས་འཁུར་ཞུས།

ལྷག་པ་རྒྱལ་མཚན་ལགས་ཀྱིས་ཕྱི་ལོ་ ༡༩༨༥ ནས་ ༡༩༩༡ བར་རྩིས་ཞིབ་ལས་ཁུངས་ནང་རྩིས་ཞིབ་པའི་ལས་ཁུར་ཞུས། ༡༩༩༡ ནས་ ༡༩༩༦ བར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནང་རྩིས་པ་དང་ལས་ཁུངས་དོ་དམ་པའི་ལས་ཁུར་ཞུས། ༡༩༩༦ ནས་ ༢༠༠༠ བར་ཆོད་གན་ཐོག་བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༠ ཟླ་བ་ ༥ པ་ནས་ ༡༡ བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་རྩིས་དཔོན་གྱི་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༢ ཟླ་ ༢ ནས་ ༢༠༠༤ ཟླ་ ༣ བར་བོད་གཞུང་ནང་སྲིད་ལྷན་ཁང་གི་བཀའ་དགོངས་བཞིན་ཆོད་གན་ཐོག་རྩིས་དཔོན་གྱི་ལས་ཁུར་ཞུས། ཕྱི་ལོ་ ༢༠༡༤ ནས་བཟུང་བོད་ཕྲུག་ཁྱིམ་སྡེའི་ནང་ལས་ཞུགས་ཀྱིས་བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལས་ཁུར་ཞུ་བཞིན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese