མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རིག་བཀའ་བློན་མཆོག་གིས་དགེ་རྒན་ཉིན་མོར་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གི་ཐུགས་རེ་མཛད་པ་བཞིན་བོད་པའི་སློབ་ཕྲུག་རྣམས་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་གང་ལེགས་ཐོག་ཡ་རབས་སྤྱོད་བཟང་ལྡན་པ་ཡོང་རྒྱུའི་རེ་འདུན་ཡོད་སྐོར་གསུངས།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་རིང་ཕྱི་ཚེས་ ༥ ཉིན་རྒྱ་གར་རྒྱལ་ཡོངས་ཀྱི་དགེ་རྒན་ཉིན་མོའི་དུས་དྲན་སྲུང་གཙི་དང་བསྟུན། བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས་བོད་པའི་སློབ་གྲྭ་ཁག་གི་དགེ་ལས་ཚང་མར་འཚམས་འདྲིའི་གསུང་འཕྲིན་ཞིག་གནང་འདུག

ཤེས་རིག་བཀའ་བློན་མཆོག་གི་འཚམས་འཕྲིན་ནང་། རྒྱ་གར་གྱི་སྲིད་འཛིན་དམ་པ་ཨབ་དོལ་ཀ་ལཱམ་ (Dr. Abdul Kalam) མཆོག་གིས། དགེ་རྒན་གྱིས་སློབ་ཕྲུག་ཚོའི་གཤིས་རྒྱུད་དང་། འཇོན་ཐང་། མ་འོངས་མདུན་ལམ་བཅས་ལ་གང་ཅིའི་ཐོག་ནས་གསོ་སྐྱོང་བྱེད་ཀྱི་ཡོད་པས། དགེ་རྒན་གྱི་ཆེད་ལས་ནི་ལས་རིགས་བཟང་པོ་ཞིག་ཡིན། གལ་ཏེ་མི་མང་གིས་ང་ལ་དགེ་རྒན་ཡག་པོ་གཅིག་ཡིན་པར་དྲན་གསོ་བྱེད་ཀྱི་ཡོད་ཚེ། དེ་ནི་ཕྲན་ལ་ཆེ་བསྟོད་ཆེ་ཤོས་དེ་ཡིན། ཞེས་གསུངས་པ་ལ་གཞིགས་ན། ཁོང་གིས་སྲིད་འཛིན་གྱི་མཚན་གནས་ལས་དགེ་རྒན་གྱི་མཚན་གནས་རྩ་ཆེ་བར་བརྩིས་གནང་ཡོད། དེ་འདྲ་སོང་ཙང་དགེ་རྒན་རྣམ་པས་སོ་སོའི་ཆེད་ལས་ལ་དགའ་སྤོབས་སྐྱེ་འོས་པ་ཞིག་ཡིན་ལ། ཆེད་ལས་འདི་ཉིད་ལ་མུ་མཐུད་ཆེ་མཐོང་ཡོང་སླད་དགེ་རྒན་ཚང་མས་ལྷག་བསམ་རྣམ་དག་གིས་སོ་སོའི་རྣམ་དཔྱོད་དང་ཀུན་སྤྱོད་གཉིས་ཀ་བེད་སྤྱོད་ཚད་ལྡན་གཏོང་གལ་ཆེ། ཞེས་གསུངས་འདུག

བཀའ་བློན་མཆོག་ནས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྙིང་རྗེའི་ནུས་སྟོབས་ཞེས་པའི་ཕྱག་དེབ་ཏུ། ངའི་ཉམས་མྱོང་ལ་དགེ་རྒན་ཡག་པོ་ཙམ་མ་ཟད་བྱམས་བརྩེའི་ཐོག་ནས་སློབ་ཁྲིད་གནང་ཚེ་སློབ་ཚན་དེ་དག་ཀྱང་ཧ་ཅང་ཡག་པོ་ཤེས་ཀྱི་ཡོད། གང་ལྟར་སློབ་ཚན་ཡག་པོ་ཤེས་དང་མི་ཤེས་དེ་དགེ་རྒན་གྱི་བྱམས་བརྩེ་ལ་རག་ལུས་ཡོད། ཅེས་གསུངས་ཡོད། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་དགེ་ལས་ཚང་མས་ད་བར་དུ་བོད་ཕྲུག་ཚོའི་ཤེས་ཡོན་ཆེད་དུ་སྐུ་ལས་ཧ་ཅང་བསྐྱོན་ཡོད། སྤྱི་ཚོགས་ལ་འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་ཆེ་ཤོས་དང་། བོད་མིའི་འཐབ་རྩོད་ལའང་མེད་དུ་མི་རུང་བའི་དགོས་མཁོ་ཆེ་ཤོས་ནི་ཤེས་ཡོན་ཡིན་སྟབས། མ་འོངས་བོད་ཀྱི་སོན་རྩ་རྣམས་བོད་རིགས་ཚད་ལྡན་ཞིག་དང་། ཤེས་ཡོན་ལྡན་པ། བསམ་བློ་ཡག་པོ་གཏོང་ཤེས་པ། ལེགས་ཉེས་དབྱེ་འབྱེད་ཐུབ་པ། སོ་སོའི་ལུང་པ་ལ་ཤ་ཞེན་དང་བརྩེ་དུང་ཡོད་པ། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་ཞུ་མཁན་འབའ་ཞིག་གསོ་སྐྱོང་གནང་རྒྱུར་དགེ་རྒན་རྣམ་པར་འགན་ཡོད་པ་བཞིན། དེ་རིང་དགེ་རྒན་ཉིན་མོར་དམ་བཅའ་བཞེས་ནས་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

དེ་བཞིན་བཀའ་བློན་མཆོག་ནས། འདི་ལོ་༧གོང་ས་མཆོག་བོད་ལུགས་ཐོག་དགུང་ལོ་ ༩༠ ཕེབས་ཡོད་པས། བཀའ་བཞིན་སྒྲུབ་པ་བླ་མའི་མཆོད་པ་ཡིན་སྟབས། ༧མགོན་པོ་མཆོག་གིས་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་སྐུ་ཚེ་ཧྲིལ་པོ་ཐུགས་འགན་བཞེས་དང་བཞེས་མུས་ཡོད་ལ། ང་ཚོ་རྩམ་ཟན་པ་ཡོངས་དང་། ལྷག་པར་དུ་བོད་མི་རིགས་ཀྱི་སོན་རྩ་གསོ་སྐྱོང་གནང་མཁན་དགེ་རྒན་ལས་བྱེད་ཡོངས་ནས་ཐུགས་བསྐྱེད་དམ་བཅའ་དེ་དག་མཐིལ་ཕྱིན་པ་མཁྱེན་རྒྱུ་དང་། ངེས་པ་བརྙེད་པའི་ཐོག་ནས་ཉིན་རེའི་མི་ཚེ་ནང་ཕྱག་བསྟར་གང་ལེགས་གནང་རྗེས། སོ་སོའི་སློབ་ཕྲུག་དང་སློབ་ཕྲུག་གི་ཕ་མ་རྣམས་ལའང་དེ་ལྟར་བྱེད་དགོས་པའི་ལམ་སྟོན་དང་སྐུལ་མ་གནང་རྒྱུར་འབད་བརྩོན་གནང་རོགས། དེ་ལྟར་བྱུང་ཚེ་ ༧མགོན་པོ་མཆོག་གིས་འཛམ་གླིང་ཡོངས་ལ་གནད་དོན་འདི་དག་ཐོག་ལ་བཀའ་སློབ་ལམ་སྟོན་གང་སྩལ་བ་བཞིན། ང་ཚོ་བོད་རིགས་ཡོངས་ཀྱི་ངོས་ནས་ཀྱང་འཛམ་གླིང་གི་མི་མང་ལ་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་ངེས་རེད། དེ་ལྟར་གནང་ཚེ་རྩ་བའི་བླ་མའི་བཀའ་དྲིན་ཕྲན་བུ་འཇལ་ཐུབ། ཅེས་གསུངས་འདུག

མཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ངོ་སྤྲོད་དང་བསྟུན། ང་ཚོས་མ་འོངས་བོད་ཀྱི་སོན་རྩ་དེ་དག་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལག་བསྟར་བྱེད་ཐུབ་མཁན་ཞིག་ཏུ་གསོ་སྐྱོང་གནང་དགོས་པ་དང་། དེ་བཞིན་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སློབ་གྲྭའི་ནང་སྲོལ་རྒྱུན་གྱི་ཤེས་ཡོན་ལ་བརྩི་མཐོང་དང་། སྲོལ་རྒྱུན་གྱི་སློབ་ཚན་བོད་ཀྱི་སྐད་ཡིག་དང་། རིགས་ལམ། ནང་ཆོས། དེ་བཞིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བཅས་སློབ་ཁྲིད་གནང་གི་ཡོད་པ་དེ་དག་སྤུས་ཚད་ལྡན་པ་སློབ་རྒྱུ་དང་། དགེ་ལས་ཡོངས་ནས་སློབ་ཚན་འདི་དག་གལ་ཆེར་བརྩིས་པ་ཙམ་མ་ཟད་ངེས་ཤེས་བརྙེད་པའི་ཐོག་ནས་སློབ་ཁྲིད་གནང་རྒྱུ་གལ་ཆེན་པོ་ཡིན། མཐའ་དོན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པའི་སྨོན་འདུན་ཤུགས་དྲག་དང་། དེ་བཞིན་༸གོང་ས་མཆོག་གིས་ཐུགས་རེ་མཛད་པ་བཞིན་བོད་པའི་སློབ་གྲྭ་ཁག་ནས་གསོ་སྐྱོང་བྱུང་བའི་སློབ་ཕྲུག་ཚང་མ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་གང་ལེགས་ཐོག་ཡ་རབས་སྤྱོད་བཟང་ལྡན་པ་ཡོང་རྒྱུའི་རེ་བ་དང་སྨོན་འདུན་ཞུ། ཞེས་གསུངས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese