མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མོན་ཡུལ་གྱི་མི་མང་ལ་ཆོས་འགྲེལ་བསྩལ།

བོད་ཀྱི་དུས་བབ།
༢༠༢༤/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བྱང་ཆུབ་སེམས་སྒྲུབ་པའི་ལམ་མྱུར་ཤོས་ནི་བླ་མའི་རྣལ་འབྱོར་དང་ཡི་དམ་གྱི་ལྷའི་རྗེས་སུ་འབྲངས་ནས་ཉམས་ལེན་བྱེད་དགོས་སྐོར་གསུངས་སོང་།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མོན་ཡུལ་གྱི་དད་ལྡན་མི་མང་ལ་སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར་གྱི་ཆོས་འགྲེལ་བསྩལ། ༢༠༢༤།༩།༦ དུས་བབ་ཀྱི་པར།

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མོན་ཡུལ་གྱི་དད་ལྡན་མི་མང་ལ་སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར་གྱི་ཆོས་འགྲེལ་བསྩལ་གནང་སོང་བ་དང་། སྐབས་དེར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། ང་རང་ཚོར་རྙེད་པར་དཀའ་བའི་མི་ལུས་རྣམ་པར་དག་པ་ཐོབ། མཇལ་དཀའ་བའི་སངས་རྒྱས་བསྟན་པ་རིན་པོ་ཆེ་དང་མཇལ། འཕྲད་པར་དཀའ་བའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་འཕྲད། རང་གི་ངོས་ནས་ཀྱང་བླང་དོར་གྱི་གནད་འཇལ་བའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཕྲན་བུ་ཡོད་པའི་སྐབས་འདི་ལ། རབ་ཏུ་བྱུང་ན་སྐྱེ་བ་གཏན་གྱི་འདོད་མོས་འགྲུབ་པ་ཞིག་དང་། དེ་ལྟ་བུ་མ་བྱུང་བ་ཡིན་ནའང་། སྐྱེ་བ་ཕྱི་མའི་འདོད་མོས་འགྲུབ་པ་ཞིག་ངེས་པར་དུ་མ་བྱས་པ་ཡིན་ན། ཡིད་བཞིན་ནོར་བུ་ལས་ལྷག་པའི་ལུས་རྟེན་འདི་དོན་མེད་ཆུད་ཟོས་སུ་ཕྱིན་པ་ཡིན་པར་བརྟེན་ཕངས་པོ་ཞེ་དྲགས་རེད། ཅེས་གསུངས་སོང་།

ད་རེས་མི་ལུས་ལན་གཅིག་དེ་ཚེ་སྔོན་མས་བསགས་པའི་འབྲས་བུ་ལ་བརྟེན་ནས་ཐོབ་ཟིན་པས། ཏན་ཏན་ནུས་པ་རྙེད་པ་ཞིག་མ་འབྱུང་བ་ཡིན་ན། ཡང་ཡང་རྙེད་ཀྱི་རེད་བསམ་པ་དེ་ནོར་འཁྲུལ་ཡིན་པ་དང་རྙེད་དཀའ་བ་རེད། རྙེད་དཀའ་བ་མ་ཟད་ད་ལྟ་ཡོད་པ་དེའང་མི་རྟག་པའི་རང་བཞིན་ཡིན་པར་བརྟེན། སྙིང་པོ་ལེན་ཚུལ་དེ་ད་ལྟ་ཉིད་ནས་མ་བླངས་པ་ཡིན་ན། སང་ཉིན་གནངས་ཉིན་གྱི་ངང་ནས་ལས་པ་ཡིན་ན་ཡོང་རྒྱུ་མེད་པ་རེད། ཆོས་ད་ལྟ་ཉིད་ནས་འགྲུབ་དགོས་པ་དང་། ཆོས་དེའང་མཚང་ལ་མ་ནོར་བའི་ལམ་ནས་སྒྲུབ་དགོས་ཀྱི་ཡོད་པ་དང་། ཆོས་ཟེར་བ་དེ་སེམས་ལ་འགྱུར་བ་འགྲོ་བའི་ཐབས་ཤིག་ཡིན་པར་བརྟེན། རང་གི་སེམས་རྒྱུད་ལམ་གྱི་རིམ་པ་ལ་རིམ་བཞིན་བསླབ་ནས་སེམས་རྒྱུད་གོང་ནས་གོང་དུ་འགྲོ་རྒྱུའི་ཐབས་ཤེས་མ་བྱས་པ་གཏན་ནས་མེད་པ་རེད། དེ་ལྟ་བུ་བྱེད་པར་བླ་མའི་དྲུང་ནས་ཚད་མའི་ལུང་ནས་གསུངས་པའི་སངས་རྒྱས་ཀྱི་བསླབ་པ་གསུམ་དང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཆ་ཚང་བ་མ་ནོར་བ་ཞིག་ཉམས་ལེན་བྱ་དགོས་པ་ནི་མེད་དུ་མི་རུང་བ་རེད། ཅེས་སོགས་གསུངས་སོང་།

ཡང་རིན་པོ་ཆེ་མཆོག་གིས། དེ་རིང་འཕགས་པ་སྤྱན་རས་གཟིགས་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབྱེར་མེད་དུ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་གྱི་བཤད་ལུང་མདོར་བསྡུས་ཙམ་ཆོས་འབྲེལ་བྱེད་ཀྱི་ཡོད་སྐོར་དང་། བྱང་ཆུབ་ཀྱི་གོ་འཕང་དང་ཐར་བའི་གོ་འཕང་འགྲུབ་པ། སྐྱེ་བ་ཕྱི་མའི་འདོད་མོས་འགྲུབ་པར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཉམས་ལེན་བྱེད་པ་ཡིན་ན། བླ་མའི་རྣལ་འབྱོར་ལ་མ་བརྟེན་པ་དང་། དགེ་བའི་བཤེས་གཉེན་བསྟེན་ཚུལ་ཚུལ་བཞིན་མ་བརྟེན་པའི་ལམ་གང་ཡང་མེད། བླ་མའི་རྣལ་འབྱོར་དང་ཡི་དམ་སངས་རྒྱས་ཀྱི་རྗེས་སུ་འབྲངས་ནས་ཉམས་ལེན་བྱས་པ་ཡིན་ན། ཐམས་ཅད་མཁྱེན་པའི་གོང་འཕང་ཐོབ་པར་དེ་ལས་མྱུར་བའི་ཐབས་ལམ་ཞིག་མེད་སྐོར་དང་། བླ་མའི་རྣལ་འབྱོར་ཉམས་སུ་ལེན་པའི་སྐབས། རང་རང་གི་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པའི་ཡི་དམ་གྱི་ལྷ་གང་ཡང་རུང་བ་ཞིག་དང་འབྲེལ་ནས་ཉམས་སུ་ལེན་རྒྱུ་དང་། རང་གི་ཡི་དམ་གྱི་ལྷ་གང་ཡིན་པ་དེ་དམིགས་ཀྱིས་བཀར་ནས་དེ་དང་བླ་མ་དང་དབྱེར་མེད་དུ་དགོངས་ནས་ཉམས་སུ་ལེན་ཚུལ་ཡོད་སྐོར་དང་། བོད་ཅེས་པ་འདི་ཆབ་སྲིད་ཀྱི་ཐོག་ནས་བལྟས་ན། ལུང་པ་ཏོག་ཙམ་ཆུང་ཆུང་ཆགས་ཀྱི་ཡོད་ཀྱང་། གངས་ཅན་གྱི་ལྗོངས་ཟེར་བ་དེ་ད་ལྟའི་གནས་སྐབས་སུ་རྒྱ་གར་དང་། འབར་མ། པ་ཀི་སི་ཐན། ཨབ་གྷན། བལ་ཡུལ་བཅས་རྒྱལ་ཁབ་ལྔའི་ནང་ཁྱབ་བསྡད་ཡོད་ཅིང་། དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་བཀོལ་སྤྱོད་བྱེད་མཁན་གྱི་མི་རིགས་ཚང་མ་གངས་ཅན་གྱི་ལྗོངས་ཀྱི་ཁོངས་སུ་གཏོགས་ཤིང་། སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༩ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༩ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese