མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མོན་ཡུལ་མི་མང་ནས་༧གོང་ས་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་སྲུང་གཙི་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

མོན་ཡུལ་མི་མང་ནས་༧གོང་ས་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་སྲུང་གཙིའི་མཛད་སྒོའི་ཐོག་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ཤར་བསྐྱོད་བྱས་ཚེ་དོན་དམ་གྱི་བརྟན་བཞུགས་ཆགས་ཀྱི་ཡོད། ཅེས་གསུངས་སོང་།

མོན་ཡུལ་མི་མང་ནས་༧གོང་ས་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་སྲུང་གཙི་ཞུས་སོང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤

དེ་རིང་ཕྱི་ཚེས་ ༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མོན་ཡུལ་ལྷ་སྡེ་མི་སྡེ་ཡོངས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་སྲུང་གཙིའི་མཛད་སྒོ་ཞིག་འཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོ་བྱས་པའི་ལྷན་ཁང་གི་དྲུང་ཆེ་རྣམས་དང་། མོན་ཡུལ་གྱི་དད་ལྡན་མི་མང་། དེ་བཞིན་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་འཛོམས་འདུག

མོན་གྱི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་སྐུའི་གོ་སྟོན་སྲུང་གཙིའི་མཛད་སྒོ་དང་འབྲེལ་བའི་ཐད་མོན་གྱི་བརྟན་བཞུགས་བསྟར་འབུལ་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་ལགས་ཀྱིས་ངོ་སྤྲོད་གནང་བའི་ནང་། དེ་རིང་གི་ཉིན་མོ་འདི་མོན་ཡུལ་གྱི་ལྷ་སྡེ་མི་སྡེ་ཡོངས་ལ་ཧ་ཅང་གི་གོ་སྐབས་དང་སྐལ་བ་བཟང་པོ་ཞིག་ཆགས་ཡོད་བསམ་གྱི་འདུག་སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་བོད་ལུགས་ཀྱི་དགུང་ལོ་དགུ་བཅུ་ཐམ་པར་ཕེབས་པ་དང་། དེའི་ཚེ་བསྟན་པ་དང་འགྲོ་བའི་དོན་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བ་རེད། ལྷག་པར་དུ་མོན་ལྟ་བུ་ཞིག་ལ་མཚོན་ན། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡  ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་དང་མོན་གྱི་ས་མཚམས་སུ་ཆིབས་བསྒྱུར་བསྐྱངས་ནས་ད་ཆ་མི་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་འཁོར་གྱི་ཡོད། སྐབས་དེར་མགོན་པོ་གང་ཉིད་ཀྱི་ཕེབས་ལམ་དུ་རླངས་འཁོར་མེད་པར་ཆིབས་རྟར་ཕེབས་དགོས་ཁེལ་བས། སྐུ་ངལ་དེ་འདྲ་ཞིག་ཡོད་རེད་དེ། མོན་དེ་༧རྒྱལ་བ་སྐུ་ཕྲེང་གོང་མ་རིམ་བྱོན་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་དང་།  ལྷག་པར་༧རྒྱལ་མཆོག་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མོན་ཡུལ་དུ་སྐུ་བལྟམས་པའི་ཐུགས་བཞེད་ཀྱི་ཐོག་ནས། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ལོ་རྒྱུས་ལྡན་པའི་རྟ་དབང་དགའ་ལྡན་ལྷ་རྩེ་རྣམ་རྒྱལ་དགོན་དུ་གསུང་ཆོས་དང་པོ་བསྩལ་གནང་མཛད་དེ་མི་ལོ་དྲུག་ཅུ་རེ་ལྡ་ཧྲིལ་པོ་འཁོར་བ་ནི་ཧ་ཅང་སྐལ་བཟང་གི་དུས་ཚིགས་ཤིག་ཆགས་བསྡད་ཡོད་ལ། ༧རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་འཁྲུངས་ནས་མི་ལོ་ ༣༤༡ ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་སྐལ་བཟང་གི་དུས་འདིར། མོན་ཡུལ་གྱི་འགྲོ་བ་ཡོངས་ལ་བརྟན་བཞུགས་བསྟར་འབུལ་དང་ཆོས་འགྲེལ་གསོལ་སྩལ་གནང་བ་འདི། མོན་ཡུལ་གྱི་ལྷ་སྡེ་མི་སྡེ་ཡོངས་ལ་སྤྱན་རས་གཟིགས་ཀྱི་རྗེས་འཇུག་པའི་བྱིན་རླབས་ཤིག་རེད་བསམ་གྱི་ཡོད། ཅེས་གསུངས་སོང་།

༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤

༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་ནས། མོན་གྱི་ཡུལ་འདི་མཚོན་ན་ཐོག་མར་ལོ་རྒྱུས་ཐོག་ནས་བོད་ཀྱི་ཆོས་རྒྱལ་ཚོའི་གཟིགས་རྟོག་གི་འོག་ནས་ཆོས་དང་རིག་གཞུང་། རིགས་རྒྱུད་སོགས་གཅིག་གྱུར་གྱི་ཐོག་ནས་འཚོ་བསྡད་པ་ཞིག་ཆགས་འདུག ལྷག་པར་༧གོང་ས་ལྔ་པ་ཆེན་པོ་མཆོག་གིས་བོད་བསྟན་སྲིད་ཀྱི་མངའ་དབང་བསྒྱུར་བ་ནས་བཟུང་། ༧གོང་ས་ལྔ་པ་ཆེན་པོ་མཆོག་གི་མཐུན་འགྱུར་འོག་སློབ་མ་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་མོན་ཡུལ་ལ་ཆེད་དུ་གཟིགས་རྟོག་གནང་ཆེད་དུ་བཏང་ནས། ཆོས་སྲིད་གཉིས་ཀྱི་ཐོག་ནས་གཟིགས་རྟོག་དང་། ལྷག་པར་མོན་རྟ་དབང་དགའ་ལྡན་ལྷ་རྩེ་རྣམ་རྒྱལ་ཕྱག་བཏབ་ཏུ་བཅུག་སྟེ། ༧གོང་ས་ལྔ་པ་ཆེན་པོ་མཆོག་གི་སྐུ་ཕྲེང་རྗེས་མ་དེ་མོན་ཡུལ་དུ་འཁྲུངས་རྒྱུའི་ཐུགས་དགོངས་བཞིན། ༧རྒྱལ་དབང་སྐུ་ཕྲེང་དྲུག་པ་མོན་ཡུལ་དུ་སྐུ་བལྟམས་ཏེ་མོན་ནས་ཕེབས་པ་ཞིག་ཆགས་ཡོད་པ་རེད། ཅེས་དང་། ༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་གིས་ཕྱི་ནང་གསང་གསུམ་གྱི་མཛད་པ་རྒྱ་ཆེར་བསྐྱངས་པའི་ཁྲོད། སྙན་ངག་གི་གསུང་རྩོམ་གཅིག་པུ་བོད་ཀྱི་རིག་གཞུང་གཅིག་པའི་ཡུལ་ལུང་དང་། ལྷག་པར་རྒྱ་ནག་དང་འཛམ་གླིང་ཡོངས་སུ་ཁྱབ་མུས་ཡིན་པའི་ཁར། ༧གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་དུ་ཕེབས་སྐབས། མོན་ཡུལ་དུ་ཐོག་མར་ཕེབས་པ་སོགས་མོན་དང་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་བར་དམིགས་བསལ་གྱི་འབྲེལ་བ་དང་དམ་ཚིག་གཡོ་བ་མེད་པ་ཞིག་ཡོད་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། དེ་རིང་མོན་ཡུལ་ལྷ་སྡེ་མི་སྡེ་ཡོངས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་གོ་སྐབས་དང་བསྟུན། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་དབུས། སྐུ་མགྲོན་གཙོ་བོ་སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཚང་མར་བཀའ་ཤག་སྐབས་བཅུ་དྲུག་པ་དང་སྒེར་གྱི་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་དུས་ཚོད་རྐྱེན་གྱིས་གཏམ་བཤད་རིང་པོ་བཤད་པའི་གོ་སྐབས་མེད་པར་བརྟེན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལུགས་ལྟར་ད་ལོ་དགུང་ལོ་ ༩༠ ལ་ཕེབས་ཡོད་ཅིང་། ལོ་རྗེས་མར་ཕྱི་ལུགས་ལྟར་དགུང་ལོ་ ༩༠ ལ་ཕེབས་ཀྱི་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རྗེས་འཇུག་པ་ཡོངས་ཀྱིས་རྒྱུན་དུ་༧གོང་ས་མཆོག་ནས་བཀའ་གང་གནང་བཞིན་ཡོད་པར་ཐུགས་སྣང་བྱས་ཏེ། དེ་དག་གི་ཐོག་ཏུ་ཉམས་ལེན་བྱེད་དགོས་པ་གལ་ཆེན་པོ་རེད། དེ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རེད་མ་གཏོགས། ༧གོང་ས་མཆོག་ལ་སྐྱབས་སུ་མཆི་ཟེར་ནས་ལས་ཀ་གོ་ལོག་བྱས་བསྡད་ཚེ་ཏག་ཏག་བསྡད་ཀྱི་མེད་པ་རེད། དེ་དོན་དག་གཙོ་བོ་ཆགས་ཡོད། ཅེས་གསུངས་སོང་།

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས། རྩ་བའི་བོད་དང་མོན་ཡུལ་གཉིས་བར་གྱི་འབྲེལ་ལམ་དམ་ཟབ་ཡོད་ཅིང་། དེའང་ཆོས་དང་རིག་གཞུང་གཅིག་གྱུར་གྱི་འབྲེལ་ལམ་ཞིག་ཆགས་ཡོད། ལྷག་པར་དུ་དེ་རིང་མོན་གྱི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་མ་སྐུལ་དང་བླངས་ཆེན་པོའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཏེ། དེ་རིང་ང་ཚོ་ཚང་མར་༧གོང་ས་མཆོག་གི་གསེར་ཞལ་མཇལ་བའི་སྐལ་བ་བྱུང་བ་རེད། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་མོན་ཡུལ་བར་དམ་ཚིག་གཙང་མ་ཡོད་པ་ལ་དམིགས་ཏེ་ཡིད་སྨོན་སྐྱེས་དགོས་པ་ཞིག་ཆགས་སོང་། དེ་རིང་གི་གོ་སྐབས་འདི་བརྒྱུད་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་འབྲེལ་ཡོད་ཚང་མར་བོད་མི་མང་གི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལུགས་ལྟར་ན་དགུང་ལོ་ ༩༠ ལ་ཕེབས་ཡོད་ཅིང་། དུས་སྐབས་འདིའི་རིང་སྟབས་མ་ལེགས་པ་ཞིག་ལ་བོད་ཀྱི་ས་ཤོར་ཏེ་བཙན་བྱོལ་བ་ཞིག་ཆགས་ཡོད་ཀྱང་། ༧གོང་ས་མཆོག་གི་ཐུགས་བརྩོན་ཆེན་པོ་མཛད་དེ་སྤྱིར་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་། སྒོས་སུ་བོད་ཀྱི་རྩ་དོན། དེ་བཞིན་ཧི་མ་ལ་ཡ་དང་བོད་བར་གྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་ཐོག་མཛད་པ་འཕྲིན་ལས་བསྐྱངས་ཡོད། བོད་ཀྱི་རྩ་དོན་ཐོག་འཛམ་གླིང་གི་རྒྱབ་སྐྱོར་ཚད་མཐོ་པོ་ཐོབ་ཡོད་པ་ནི་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཀྱི་བཀའ་དྲིན་ཆགས་ཡོད། ཁོང་གི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་མོན་གྱི་མང་ཚོགས་ལ་དཔེ་བལྟས་ཏེ། བོད་ཀྱི་མང་ཚོགས་ཀྱིས་༧གོང་ས་མཆོག་གི་མཛད་པ་དང་སྐུ་ཚེ་བརྟན་པར་གསོལ་འདེབས་ཞུ་རྒྱུ་དང་། གནམ་དཀར་གྱི་དགེ་བ་དུས་ནས་དུས་སུ་བསྒྲུབ་པར་འབོད་སྐུལ་ཞུ་རྒྱུ་ཡིན།  ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ནི་བོད་ཀྱི་ཆོས་དང་རིག་གཞུང་ཐོག་རྒྱབ་སྐྱོར་ཡོད་པ་ཙམ་མ་ཟད། བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་ཧ་ལས་པའི་རྒྱབ་སྐྱོར་བྱས་ཡོད་ལ། བོད་དོན་ཐོག་ཡིད་ཆེས་བྱེད་ཆོག་པའི་གནད་ཡོད་མི་སྣ་ཞིག་ཆགས་ཡོད། ཉིན་འགའི་སྔོན་ནས་དྷ་རམ་ས་ལར་ཕེབས་ཏེ་བཀའ་མོལ་བྱུང་ཡོད། དེ་རིང་དངོས་སུ་འདིར་ཕེབས་ཏེ་གསུང་བཤད་གནང་བ་ང་ཚོས་སེམས་སུ་བཞག་ནས་ལག་བསྟར་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ནས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། ཉིན་ཤས་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྣེ་ལེན་ཡག་པོ་ཞུས་པས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་ངོ་བོ་དང་རིག་གཞུང་སོགས་མཚོན་པའི་འགྲེམ་སྟོན་ཁང་དུ་བཅར་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་། ཅེས་དང་། དེ་རིང་བརྟན་བཞུགས་ཕུལ་བ་ཙམ་མིན་པར་མི་དམངས་ཀྱིས་ཀྱང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་སླད་གསོལ་བ་སྨོན་ལམ་འདེབས་དགོས།  ནང་ཆོས་འདི་ཉིད་ཆོས་གཅིག་པུའི་སྐད་ཆ་ཞིག་གཏན་ནས་མིན་པར་འགྲོ་བ་མིའི་རིགས་ཀྱི་རྒྱུན་ལྡན་གྱི་འགྲོ་ལུགས་དང་མཉམ་དུ་བསྡུས་ཡོད་པས། ཧི་མ་ཡ་ལའི་རི་རྒྱུད་ཀྱི་མི་རིགས་རྣམས་ཀྱིས་ནང་ཆོས་ཉམས་སུ་བླངས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་མོས་བྱས་ཏེ་རྩ་བའི་བླ་མར་བརྩི་ཡི་ཡོད་པར་བརྟེན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ཉན་པ་གཅིག་པུ་མིན་པར། ཁོང་གི་བཀའ་དགོངས་བཞིན་ཤར་བསྐྱོད་བྱས་པ་ཡིན་ན། དེ་ནི་དོན་དམ་གྱི་བརྟན་བཞུགས་ཆགས་ཀྱི་ཡོད།  ཅེས་གསུངས་སོང་།

སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤

མཇུག་ཏུ་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས། དེ་རིང་འདིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མོན་ཡུལ་མི་མང་གིས་བརྟན་བཞུགས་བསྟར་འབུལ་ཞུ་བའི་དགའ་སྟོན་འཚོགས་པ་རེད། ལྷག་དོན་ཉེ་ལམ་༧གོང་ས་མཆོག་གི་ཞབས་པུས་འཕྲོད་བཞེས་ལེགས་གྲུབ་བྱུང་ནས་རྒྱ་གར་དུ་ཕེབས་པའི་རྗེས་ཀྱི་མཛད་ཆེན་ཞིག་ཆགས་ཡོད། དེའང་མ་སྒྲིག་ལྷུན་འགྲིག་ཐོག་མོན་ཡུལ་གྱི་ལྷ་སྡེ་མི་སྡེ་ཡོངས་ལ་བརྟན་བཞུགས་བསྟར་འབུལ་གྱི་གོ་སྐབས་ཐོབ་པ་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཙོས་མོན་ཡུལ་མི་མང་ཆིག་སྟོང་ལྷག་ཕེབས་ཏེ། བརྟན་བཞུགས་བསྟར་འབུལ་ཧ་ཅང་ཡག་པོ་བྱུང་སོང་། མོན་ཡུལ་མི་མང་ཡོངས་སུ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དེ་རིང་༧གོང་ས་མཆོག་གིས་ཐོག་མར་བཙན་བྱོལ་དུ་ཕེབས་པའི་སྐབས་ནས་མོན་ཡུལ་མི་མང་དད་གུས་ཆེན་པོ་དང་། དུས་རྟག་ཏུ་ཐུགས་བརྩེ་བའི་བསྐྱངས་རྒྱུ་ཡིན་པའི་བཀའ་སློབ་ཕེབས་པར་མོན་ཡུལ་མི་མང་གི་བསོད་ནམས་ཀྱི་བགོ་སྐལ་ཆགས་ཡོད། ༧གོང་ས་རྒྱལ་དབང་རིམ་བྱོན་ཐོག་བོད་དང་མོན་ཡུལ་གྱི་བར་ཡོད་པའི་འབྲེལ་ལམ་བཟང་པོ་ཇི་སྲིད་སྐལ་བ་ནམ་གནས་བར་གནས་པ་དང་། དེ་བཞིན་ཚང་མས་༧གོང་ས་མཆོག་གི་སྐུ་ཚེ་མཛད་འཕྲིན་དང་ཐུགས་དགོངས་ལྷུན་གྱི་འགྲུབ་པའི་ཐུགས་སྨོན་གནང་རོགས། ཅེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༡ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese