མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་ཡོངས་སུ་གྲུབ་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་རྗེས་འབྱོར་བོད་མི་རྣམས་ལ་ས་ཁང་སྦྱོར་སྤྲོད་དང་གཞིས་ཆགས་ཁག་ཏུ་སྡོད་ཁང་གསར་རྒྱག་གི་ལས་དོན་གཉེར་མུས་ཡིན་འདུག

ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་གཏོང་ནས་བླངས། ༡༢།༩།༢༠༢༤

ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་དང་པོའི་ཚོགས་དུས་བཞི་པ་ནས་དེ་རིང་ཕྱི་ཚེས་ ༡༢ ཀྱི་ཉིན་རྒྱབ་ཆུ་ཚོད་ ༤།༤༡ བར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༣ དང་ ༢༠༢༤ ལོའི་ལས་བསྡོམས་སྙན་སྒྲོན་ཞུས་པར། སྤྱི་འཐུས་རྣམ་པས་དོགས་འདྲི་དགོངས་འཆར་དང་བཀའ་ཤག་ནས་ལན་འདེབས་གསལ་བཤད་གནང་སྐབས། སྤྱི་འཐུས་མི་ཉུང་བ་ཞིག་གིས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་སྤྱི་ཡོངས་ནས་ཡག་པོ་བྱུང་འདུག་པས། ཁ་ཞེ་གཉིས་མེད་ཀྱིས་ཡི་རང་བསྔགས་བརྗོད་ཡོད་སྐོར་གསུངས་སོང་བ་དང་། དེ་རིང་ནང་སྲིད་དང་འབྲེལ་ནས་རྗེས་འབྱོར་ཁ་འཐོར་བོད་མི་རྣམས་ཀྱི་གཞིས་སྤོར་ལས་གཞི་དང་། དྷ་སའི་ས་ཁང་གི་གནད་དོན། དེ་བཞིན་ལ་དྭགས་སུ་སྡོད་ཁང་གསར་རྒྱག་གི་ལས་གཞི་སྤེལ་མུས་ཡིན་པ། གཞིས་སྤོར་ལས་གཞི་དང་འབྲེལ་ནས་ནང་སྲིད་ལས་ཁུངས་ཀྱི་བར་བརྒལ་བཀའ་འཁྲོལ་ལ་སྤྱི་འཐུས་རྒྱུན་ལས་ནས་བཀའ་འཁྲོལ་གནང་མེད་པ་སོགས་ཀྱི་ཐོག་གླེང་སློང་ཤུགས་ཆེན་གནང་སོང་།

དེའི་ཐད་ནང་སྲིད་ཁུངས་ཀྱི་ལས་སྡོམ་ཁྲོད། ༢༠༢༣།༡༢།༢༥ ཉིན་ཕྱོགས་བསྡོམས་ཞུས་ཁོངས་རྗེས་འབྱོར་བོད་མི་ཁྱིམ་ཚང་གྲངས་ ༡༠༢༦ དང་ཁ་འཐོར་བོད་མི་ཁྱིམ་ཚང་གྲངས་ ༧༩༦ བཅས་ཁྱོན་བསྡོམས་ཁྱིམ་ཚང་ ༡༨༢༢ ཐོ་འགོད་བྱུང་ཡོད། དེའི་ཁོངས་ནས་ལྷོ་ཕྱོགས་དང་དབུས་གཞིས་ཆགས་ཁག་ཏུ་ཆ་རྐྱེན་ལྟར་འགྲོ་འདོད་ཡོད་པ་ཁྱིམ་ཚང་ ༧༩༥ དང་། རང་གནས་ས་ཁུལ་བདམས་པ་ཁྱིམ་ཚང་ ༨༨༠ ། ས་གནས་འདམ་ག་མ་བྱས་པ་ཁྱིམ་ཚང་ ༡༤༧ བཅས་ཀྱི་གནས་སྟངས་ཆགས་ཡོད་ཅིང་། ཕྱི་ལོ་ ༢༠༢༣།༦།༦ ཉིན་ནང་སྲིད་དྲུང་ཆེ་དང་དྲུང་འཕར་གཉིས་ནས་ལུགས་བདེ་གཉིས་དང་། མོན་གྷོ། ཀོ་ལི་གྷལ། ཧུན་སུར་བཅས་སུ་ལྟ་སྐོར་གྱིས་གནས་སྟངས་ཞིབ་འཇུག་ལྟ་སྐོར་དང་སྦྲགས་ལུགས་བདེ་གཉིས་ལ་ཞིང་ས་མཁོ་སྒྲུབ་ཞུ་མཁན་ཚོགས་མི་བཞི་ལས་གྲུབ་པའི་ཚོགས་ཆུང་ཞིག་གསར་འཛུགས་ཞུས། དྲུང་ཆེ་དང་དྲུང་འཕར་དྷ་སར་འབྱོར་རྗེས་ ༢༠༢༣།༦།༣༠ ལྷོ་ཕྱོགས་གཞིས་ཆགས་ལྔ་ནས་གཞིས་སྤོ་ལས་གཞིའི་ཆེད་ཞིང་ས་བཤུག་མཁན་ཡོད་ཚེ་གཏན་འབེབས་ལྟར་ལེགས་སྐྱེས་དོད་འབུལ་རྒྱུའི་གསལ་བསྒྲགས་ཞུས་ཏེ་ཁྱོན་བསྡོམས་ཞིང་ས་ཨེ་ཀར་ ༥༧༡་༢༦ འབུལ་འདོད་ཡོད་པའི་ཐོ་གཞུང་འབྱོར་ཁོངས་ནས་རྩིས་ལོའི་ནང་ཞིང་ས་ཨེ་ཀར་ ༢༤༣་༣༦ ལ་ལེགས་སྐྱེས་དོད་ཕུལ་ཏེ་མཁོ་སྒྲུབ་ཞུས་ཡོད། ཅེས་གསལ་འདུག

ནང་སྲིད་ཀྱི་ལས་ཁུངས་ཀྱི་ལས་སྡོམ་བགྲོ་གླེང་སྐབས། སྤྱི་འཐུས་མཁན་པོ་ཀ་བྲག་དངོས་སྒྲུབ་བསོད་ནམས་ལགས་དང་། བློ་བཟང་ཐུབ་བསྟན་ལགས། ཆོས་འཕེལ་ཐུབ་བསྟན་ལགས་སོགས་ཀྱིས་རྗེས་འབྱོར་བོད་མིའི་གཞིས་སྤོར་ལས་གཞིའི་ཐད་ལ་གླེང་སློང་གནང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་རྗེས་འབྱོར་བོད་མིའི་སྡོད་ཁང་གསར་རྒྱག་གི་ལས་གཞི་དང་འབྲེལ་ནས། སྤྱི་འཐུས་ཁག་ཅིག་གིས་སྦེལ་ཀོབ་ལ་རྗེས་འབྱོར་བའི་ས་ཆ་མཁོ་སྒྲུབ་བྱེད་པ་དང་སྤྲད་ཚར་ཡོད་ཚུལ་དང་། འགའ་ཤས་ལ་འབུམ་ ༨ དང་ ༤། ཡང་ན་འབུམ་ ༡༥ སྤྲད་པ་རེད་ཟེར་ནས་གོ་ཡི་འདུག་གསུངས་སོང་། གྲོས་ཚོགས་འདིའི་ནང་ལས་གཞི་འདི་དང་འབྲེལ་ནས་གསལ་བཤད་ཐེངས་མང་ཞུས་པ་ཡིན། ལས་བསྡོམས་དུ་འཁོད་པ་བཞིན་ཟླ་དུས་ཚེས་གྲངས་ག་དུས་ལ་ལས་གཞི་སྤེལ་ཡོད་མེད་དང་། ས་གནས་ལ་ཕྱོགས་སྐྱོད་ག་པར་བྱས་པ་དང་། ས་གནས་ལ་ཚོགས་ཆུང་ག་རེ་བཙུགས་ཡོད་མེད་སོགས་གསལ་ཡོད། ད་ལྟའི་གནས་སྟངས་ལ་ནང་སྲིད་ལས་ཁུངས་ཀྱིས་བར་བརྒལ་བཀའ་ཁྲོལ་བཏང་ཡོད་པ་དེ་ལ་སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོས་གོ་བསྡུར་གནང་ནས་ཐག་མ་ཆོད་པའི་གནས་སྟངས་ཐོག་ལྷག་ཡོད་པ་རེད། ཅེས་གསུངས་སོང་།

ནང་སྲིད་བཀའ་བློན་མཆོག་གིས། ལྷོ་སྤྱི་ཁག་ལྔ་ལ་མང་ཚོགས་ནང་གཏམ་བཤད་དང་གསལ་བསྒྲགས་སྤེལ་རྗེས། ནང་སྲིད་ལས་ཁུངས་ཀྱིས་བོད་ནས་ཕེབས་པའི་རྗེས་འབྱོར་བ་རྣམས་ལ་ས་ཁང་བདག་སྤྲོད་བྱ་རྒྱུའི་ཐད་ལ་ཤུགས་སྣོན་བརྒྱབ་ཡོད་ཀྱང་། ནང་སྲིད་ལས་ཁུངས་ལ་ས་ཆ་མེད་སྟབས་སོ་ནམ་འདེབས་ལས་ཀྱི་ས་ཁོངས་ནས་ད་ལྟ་གཞིས་གྲོང་བདུན་པའི་རྒྱབ་ཀྱི་ས་ཆ་དེ་ཉོ་ཐབས་བྱས་ཀྱང་། དངུལ་སྒོར་འབུམ་ལྔ་ནས་མར་གཅོག་གི་མེད་སྟབས། ས་ཆ་དེ་ཉོ་ཐུབ་མེད་ལ། ལུགས་བདེ་གཉིས་ནས་ཕྱི་རྒྱལ་དུ་ཡོད་མཁན་རྣམས་ཀྱིས་ས་ཆ་ཕྱིར་སློག་བྱས་མེད་པས་ཁུལ་དེ་ནས་ས་ཆ་བགོ་འགྲེམས་བྱེད་ཐུབ་མེད། འོན་ཀྱང་། སྦེལ་ཀོབ་གཞིས་ཆགས་ཀྱི་ཉེ་འགྲམ་དུ་ཆགས་པའི་ཅོ་ཀུར་གཞིས་ཆགས་ཁོངས་ནས་ས་ཆ་སྤྲོད་མཁན་རེ་ཟུང་འབྱུང་གི་ཡོད་སྐོར་དང་། དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་སླད་སྡོད་ཁང་གསར་རྒྱག་གི་ལས་གཞིའི་ཐད། ད་ལྟ་འགྲོ་བཞིན་པའི་ལས་གཞིའི་ནང་མ་ཁྱུ་དང་ཆུ་ཤུལ་གྱི་གྲོང་པ་ ༤༢ ལ་ཁང་པ་རྒྱག་དགོས་པས། གྲོང་པ་རེ་རེའི་མི་ཚང་གི་གནས་སྟངས་ལ་ཞིབ་འཇུག་བྱས་ནས་མི་ཚང་རེ་རེའི་དཔལ་འབྱོར་གྱི་གནས་སྟངས་ལ་དཔག་པའི་བརྒྱ་ཆ་ ༡༠༠ དང་ ༧༥། བརྒྱ་ཆ་ ༥༠ དང་ ༢༥ བཅས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད།  ཁག་ཅིག་གི་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་ཡོད་པས་རྒྱབ་སྐྱོར་བྱ་མི་དགོས་བའང་འདུག ད་ལོ་ཕྱི་ཟླ་ ༧ པའི་ནང་ལ་དྭགས་ལ་སྐོར་སྐྱོད་ཐེངས་གཉིས་པ་དེ་ཕྱིན་པའི་སྐབས། ཁང་པ་རྒྱག་བཞིན་པའི་ལས་གཞི་དེ་དག་ལ་ལྟ་རྟོག་བྱས་པ་ཡིན།  ད་ལྟ་རྒྱག་བཞིན་པའི་ཁྱིམ་ཚང་ ༢༧ ཡོད་པའི་ཁྲོད། ཁྱིམ་ཚང་ ༢༦ གི་ཁང་པ་གསར་རྒྱག་ལ་ནང་སྲིད་ལས་ཁུངས་ཀྱིས་བརྒྱ་ཆ་ ༡༠༠ ཐམ་པ་རོགས་སྐྱོར་གྱིས་ཁྱིམ་མིའི་གྲངས་ཚད་ལ་དཔག་ནས་དངུལ་སྒོར་འབུམ་ ༦ དང་འབུམ་ ༨ འགྲོ་སོང་གཏོང་གི་ཡོད་ལ། ཁྱིམ་ཚང་གཅིག་ལ་བརྒྱ་ཆ་༢༥ ཡིས་རོགས་སྐྱོར་བྱས་ཡོད། ཅེས་དང་། རྗེས་འབྱོར་བོད་མི་རྣམས་ལ་ས་ཁང་སྦྱོར་སྤྲོད་ཀྱི་ལས་གཞིའི་ཁྲོད། ཨོ་ཌི་ཤ་ལ་འགྲོ་མཁན་རྣམས་ཀྱི་ཆེད་དུ་ས་གནས་དེར་ཁྲིད་ནས་ས་བགོས་བྱས་ཏེ་སྡོད་ཁང་གསར་རྒྱག་གི་ལས་དོན་དངོས་སུ་མགོ་འཛུགས་ཐུབ་པ་བྱུང་ཡོད་ཀྱང་། མན་སྤར་ལ་ལས་གཞི་དེ་ལག་བསྟར་བྱ་ཐུབ་མེད་དེ།  མོན་གྷོ་རུ་གཞིས་སྤོར་བ་རྣམས་ལ་ས་བགོ་བྱ་རྒྱུ་ཡིན་པ་མ་ཟད། ས་ཆ་འཕར་མ་ཁ་ཤས་ཀྱང་བླངས་ཡོད།  དྷ་རམ་ས་ལའི་ཁྱིམ་ཚང་ ༢༡༨ ཀྱི་གནས་སྟངས་གང་ལ་གང་འཚམ་སེལ་ཡོད། དེ་ཡང་མངའ་སྡེའི་གྲོང་སྡེ་ལས་ཁུངས་ཀྱིས་གཟིགས་རྟོག་མཐའ་མ་ཕེབས་རྗེས་དཀའ་ངལ་ཕལ་ཆེར་སེལ་ཚར་བ་ལྟ་བུ་ཡིན་སྐོར་སོགས་གསུངས་སོང་།

སྤྱིར་བཀའ་ཤག་སྐབས་བཅུ་དྲུག་པས་རྗེས་འབྱོར་བོད་མི་རྣམས་ལ་ས་ཁང་མཐུན་འགྱུར་དང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གནས་སྡོད་བྱེད་མཁན་ཇེ་ཉུང་དུ་འགྲོ་མུས་ཡིན་པའི་དཀའ་ངལ་སེལ་ཆེད། འདས་ལོ་ནས་ཁ་འཐོར་དང་རྗེས་འབྱོར་བོད་མི་རྣམས་ལ་གཞིས་ཆགས་སུ་སྡོང་ཁང་སྤྲད་རྒྱུའི་ལས་གཞི་ཞིག་བརྩམས་ཏེ།  བདེ་སྐྱིད་གླིང་དགེ་འཕེལ་གླིང་དང་སྦེལ་ཀོབ་ཅོ་ཀུར། ཀོ་ལི་གྷལ་དང་ཧོན་སུར། མོན་གྷོ་གཞིས་ཆགས་སོགས་སུ་སྡོད་ཁང་སྤྲད་རྒྱུའི་ལས་གཞི་སྒྲིག་མུས་ཡིན་འདུག་ལ། དེ་བཞིན་ལ་བྱང་ཁུལ་གྱི་འབྲོག་པ་རྣམས་ལའང་སྡོད་ཁང་གསར་རྒྱག་གི་ལས་གཞི་ཞིག་སྤེལ་མུས་ཡིན་འདུག

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ ༢ པའི་ཚོགས་ཐུན་བཞི་བའི་སྟེང་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་དང་ཞིབ་བཤེར་ལས་རིམ་གྲུབ་མཚམས། དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་ནས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༣ དང་ ༢༠༢༤ ལོའི་ལས་བསྡོམས་སྙན་སྒྲོན་དང་སྤྱི་འཐུས་རྒྱུན་ལས་ཀྱིས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོག་ཞུས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༤ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese