མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་སྤྱི་ཟུར་དང་སུད་སི་དོན་ཟུར་ཆུང་བདག་ཀོ་རན་ལགས་སུ་མྱ་ངན་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སོགས་ནས་བོད་མི་མང་སྤྱི་ཟུར་དང་སུད་སི་དོན་ཟུར་ཆུང་བདག་ཀོ་རན་ལགས་སུ་མྱ་ངན་དང་རྗེས་ལུས་ནང་མི་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུས་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོར་ནོར་ཝེ་རྒྱལ་ས་ཨོས་ལོའི་སྨན་ཁང་དུ། བོད་མི་མང་སྤྱི་ཟུར་དང་སུད་སིའི་སྐུ་ཚབ་དོན་གཅོད་ཟུར་པ་ཆུང་བདག་ཀོ་རན་ལགས་དགུང་གྲངས་ ༧༤ ཐོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སོགས་ནས་ཆུང་བདག་ཀོ་རན་ལགས་སུ་མྱ་ངན་དང་སྦྲགས་རྗེས་ལུས་ནང་མི་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུས་འདུག

དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་བྱས་རྗེས་ཅན་གྱི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་བ་དང་། ཕྱི་འབྲེལ་སྐུ་ཚབ་ལྕམ་ཆུང་བདག་ཀོ་རན་ལགས་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༠ ཉིན་དགུང་གྲངས་ ༧༤ ཐོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན། ལྕམ་ཆུང་བདག་ཀོ་རན་ལགས་ནི་མིག་དཔེར་འོས་པའི་དབུ་ཁྲིད་དང་། སེམས་ཤུགས་ལྡན་པའི་ཕྱི་འབྲེལ་སྐུ་ཚབ་ཅིག་ཡིན་པ་མ་ཟད། བོད་དོན་ཐོག་ཧུར་བརྩོན་ཆེ་བའི་འཐབ་རྩོད་པ་ཞིག་ཀྱང་ཡིན་པ་རེད། ཁོང་གིས་སུད་སི་སྐུ་ཚབ་དོན་གཅོད་དང་། བོད་མི་མང་སྤྱི་འཐུས་ཀྱི་ལས་ཁུར་བཞེས་ཡོད་པའི་ཁར། ནོར་ཝེ་རུ་ནོར་ཝེ་བོད་རིགས་ཚོགས་པ་སོགས་ཀྱི་ནང་ཕྱག་ལས་གནང་སྟེ། བོད་དོན་འཐབ་རྩོད་ལ་ཞབས་ཞུ་ཡུན་རིང་བསྒྲུབས་ཡོད། ང་ཚོས་ཚེ་འདས་ལྕམ་ཆུང་བདག་ཀོ་རན་ལགས་ཀྱི་ལྟོས་བཅས་ནང་མི་ལྷན་རྒྱས་དང་གྲོགས་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་བཅས་མྱ་ངན་ཞུ་རྒྱུ་དང་ཆབས་ཅིག ཁོང་གིས་སེམས་ཤུགས་དང་བློས་གཏོང་ལྡན་པའི་ངང་བོད་ཀྱི་རང་དབང་འཐབ་རྩོད་ལ་ཞབས་ཞུ་བསྒྲུབས་ཏེ། མི་ཚེ་དོན་སྙིང་ལྡན་པའི་ངང་བཟང་མཐའ་འཁྱོལ་བར་གུས་བཀུར་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

དེ་འབྲེལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྒེར་གྱི་ཨེག་སི་སྤྱི་ཚོགས་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། སྐུ་ཚེ་ཧྲིལ་པོར་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་རྩོད་ལེན་ལ་གཞོལ་མཁན་གྱི་བོད་མི་མང་སྤྱི་ཟུར་དང་སུད་སྐུ་ཚབ་དོན་ཟུར་ཆུང་བདག་ཀོ་རན་ལགས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་མྱ་ངན་ཆེན་པོ་ཞུ་ཡི་ཡོད། ཁོང་གིས་བོད་དོན་ལ་ཐུགས་ཁུར་ཆེན་པོས་ཞབས་འདེགས་ཞུས་པ་དང་། ལྷག་པར་བོད་མིའི་ཤེས་ཡོན་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐད་ཐུགས་བརྩོན་ལྷོད་མེད་གནང་བ་དེ་དག་ནམ་ཡང་བརྗེད་དཀའ། ཁོང་གིས་བཞག་པའི་མཛད་རྗེས་ཀྱིས་མ་འོངས་པའི་མི་རབས་རྣམས་ལ་སྐུལ་ལྕག་ཐེབས་ངེས་ཡིན། ཁོང་གི་ཁྱིམ་མི་དང་གྲོགས་པོ་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུ་ཡི་ཡོད། ཅེས་གསུངས་འདུག

སྤྱིར་ཚེ་འདས་ཆུང་བདག་ཀོ་རན་ལགས་ནི། ཕྱི་ལོ་ ༡༩༥༠ ལོར་བོད་ཕག་རི་ཡུལ་དུ་འཁྲུངས་ཤིང་། ཀ་ལོན་སྦུག་གི་ཨིན་ཇིའི་སློབ་གྲྭ་སེནཊ་ཇོ་སབ་དང་། སྡེ་ར་ལྡུན་གྱི་ (UCNL) སློབ་གྲྭར་འགྲིམས་རྗེས། ཕྱི་ལོ་ ༡༩༦༧ ནས་ ༡༩༦༨ བར་བཞུགས་སྒར་དྷ་རམ་ས་ལའི་བོད་མིའི་སློབ་གྲྭར་དང་བླངས་ཞབས་ཞུ་གནང་།  ཕྱི་ལོ་ ༡༩༦༨ ནས་ ༡༩༦༩ བར་རྡོ་རྗེ་གླིང་བསུ་ན་མདའ་མཉམ་འབྲེལ་འགན་འཛིན་གྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༦༩ ལོར་དམ་པ་ཁོང་ལ་སློབ་ཡོན་ཐོབ་སྟེ། ནོར་ཝེ་རྒྱལ་ས་ཨོས་ལོ་ནང་ལོ་གསུམ་རིང་སྨན་ཞབས་མའི་སློབ་སྦྱོང་དང་། ལོ་གཅིག་མཁལ་མའི་གསོ་བཅོས་ཀྱི་ཆེད་ལས་མཁས་སློབ་སྦྱོང་གནང་མཐར་ཨོས་ལོ་གཙུག་ལག་སློབ་གཉེར་ཁང་གི་སྨན་ཁང་ནང་ལོ་ངོ་ ༡༩ རིང་སྨན་ཞབས་མའི་ཕྱག་ལས་གནང་། དེར་ཕྱག་ལས་གནང་ཡུན་རིང་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱི་ནང་ཕྱག་ལས་གནང་སྟེ་བོད་དོན་འཐབ་རྩོད་ཐོག་ཞབས་ཞུ་བསྒྲུབས། ལྷག་པར་ཕྱི་ལོ་ ༡༩༨༨ ལོར་ནོར་ཝེ་བོད་རིགས་ཚོགས་པ་གསར་འཛུགས་སྐབས་ཐུགས་འགན་བཞེས་མཁན་གཙོ་གྲས་ཤིག་ཡིན་པ་དང་། ཕྱི་ལོ་ ༡༩༨༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོར་ཝེའི་ཞི་བདེ་གཟེངས་རྟགས་འབུལ་བཞེས་མ་གནང་གོང་། དབྱིན་ཡུལ་སྐུ་ཚབ་དོན་ཁང་ནས་དམ་པ་ཁོང་ནོ་སྦེལ་ཚོགས་ཆུང་དང་དབྱིན་ཡུལ་དོན་གཅོད་གཉིས་བར་གཞུང་འབྲེལ་མཐུད་པར་བསྐོ་བཞག་གནང་བ་ལྟར། ལས་དོན་འཐུས་ཤོར་མེད་པ་བསྒྲུབས། ཕྱི་ལོ་ ༡༩༩༦ ལོར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ཐོག་མ་གསར་འཛུགས་གནང་སྐབས་འགན་གཙོ་གྲས་བཞེས་ཡོད་པ་མ་ཟད། ལོ་མང་རིང་འགན་འཛིན་ལྷན་ཚོགས་ནང་ཕྱག་ལས་ཀྱང་གནང་ཡོད་པ་རེད།

ཕྱི་ལོ་ ༡༩༩༥ ནས་ ༢༠༠༡ བར་སུད་སིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གིས་ཕྱག་ལས་རྒྱ་ཆེར་གནང་། ཕྱི་ལོ་ ༢༠༠༡ ནས་བཟུང་ལོ་མང་རིང་ནོར་ཝེ་བོད་རིགས་ཚོགས་པའི་འཛིན་སྐྱོང་འགན་འཛིན་དང་། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ཐུགས་འགན་བཞེས་ཡོད་པ་མ་ཟད། སུད་སི་ནང་ཡུ་རོབ་བོད་རིགས་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་གོ་སྒྲིག་ཞུས་ཡོད། ཁོང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སླད་དུ་ཕྱག་ལས་རྒྱ་ཆེར་གནང་བར་བརྟེན་ཕྱི་ལོ་ ༢༠༠༨ ལོར་ (Norwegian PEN’s Ossietzky) ཞེས་པའི་གཟེངས་རྟགས་དེ་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་སྐབས་ ༡༥ པའི་ཡུ་རོབ་བོད་མི་མང་སྤྱི་འཐུས་སུ་འོས་འདེམས་བྱུང་ཡོད་ནའང་། ཕྱིས་སུ་གཟུགས་གཞི་བདེ་མིན་རྐྱེན་པས་སྤྱི་འཐུས་ནས་དགོངས་པ་ཞུ་དགོས་བྱུང་འདུག

གསར་འགོད་པ། དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༩ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༡༠ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese