མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་མུས་རེད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་སྐབས་ཤེས་རིག་ཁྱབ་ཁོངས་ཀྱི་སློབ་གྲྭ་མང་དག་ཅིག་ཟླ་སྒྲིལ་ཟིན་པ་དང་འགའ་ཤས་ཤིག་ཟླ་སྒྲིལ་གཏོང་མུས་ཡིན་འདུག

ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙན་སྒྲོན་དང་གསལ་བཤད་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་གཏོང་ཡུལ་དངོས་ནས་བླངས་། ༢༠༢༤།༩།༡༤

ཁ་སང་ལས་ཉིན་གསུམ་པའི་ཉིན་རྒྱབ་ནས་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༣ དང་ ༢༠༢༤ ལོའི་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་གསལ་བཤད་སྐབས། ཕྱི་ལོ་ ༢༠༢༣ ལོར་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་དང་བཅུ་པའི་གྲུབ་འབྲས་གཡུར་ཟ་བྱུང་བར་བསྔགས་བརྗོད་གནང་བ་དང་སྦྲགས། ཕྱི་རྒྱལ་གཟའ་མཇུག་སློབ་གྲྭ་ཁག་གི་གལ་གནད་དང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཟླ་སྒྲིལ་གྱི་ལས་དོན་ཐད་སོགས་ལ་གླེང་སློང་གནང་སོང་།

ཤེས་རིག་གི་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་དང་འབྲེལ་ནས་སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་ལགས་དང་། རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས། ཚ་ཁོ་ཚང་ཐུབ་བསྟན་རྒྱ་མཚོ་ལགས། སྨོན་ལམ་མཐར་ཕྱིན་ལགས་སོགས་སྤྱི་འཐུས་ཁག་ཅིག་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་རིགས་ཚོགས་པ་ཁག་གིས་གཉེར་མུས་ཡིན་པའི་གཟའ་མཇུག་སློབ་གྲྭ་ཁག་གིས། ཕྱི་རྒྱལ་ཁག་ཏུ་སྐྱེས་འཚར་བྱེད་མུས་ཡིན་པའི་བོད་ཀྱི་བྱིས་པ་རྣམས་ལ་བོད་ཀྱི་སྐད་ཡིག་གཙོས། བོད་ཀྱི་ཆོས་རིག་སྦྱོང་སྤྲོད་བྱེད་སའི་ཤེས་ཡོན་གྱི་ཁོར་ཡུག་བསྐྲུན་མུས་ཡིན་པ་དེར། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་མཐུན་འགྱུར་རོགས་རམ་དང་། ལྷག་པར་ལྷན་ཁང་གིས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བརྒྱུད། གཟའ་མཇུག་སློབ་གྲྭ་ཡོངས་ལ་སྤྱི་སྙོམས་ཀྱི་བསླབ་གཞི་གཏན་འབེབས་བྱུང་ཚེ་དགེ་མཚན་ཆེན་པོ་ཡོད་པ་མ་ཟད། མུ་མཐུད་བོད་ཀྱི་བྱིས་པ་རྣམས་ཀྱི་ཤེས་ཚད་དང་བསམ་བློ་ལ་གཞིགས་ནས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་སོགས་དང་འབྲེལ་བའི་བྱིས་སྒྲུང་དང་། འགུལ་རིས། དཔེ་དེབ་སོགས་དཔར་སྐྲུན་བྱས་ཏེ། སྦྲགས་གླའི་རིན་བབ་ལ་མ་ལྟོས་པར་གཟའ་མཇུག་སློབ་གྲྭ་ཁག་ལ་ཀློག་དེབ་ཀྱི་མཐུན་རྐྱེན་གང་མང་ཞིག་སྦྱོར་སྤྲོད་བྱ་དགོས་པའི་སྐོར། སེར་བྱེས་གྲྭ་ཚང་གི་དྲ་ཐོག་སློབ་གྲྭ་དང་ས་སྐྱ་བརྩེ་ཆེན་དྲ་ཐོག་སློབ་གྲྭ་གཙོས། ཕྱི་རྒྱལ་གཟའ་མཇུག་སློབ་གྲྭ་ཁག་ཏུ་བོད་མི་མང་དག་ཅིག་གིས་དང་བླངས་ཐོག་ནས་བོད་ཕྲུག་རྣམས་ལ་སློབ་ཁྲིད་གནང་མུས་ཡིན་པར་ཡི་རངས་བསྔགས་བརྗོད་བཅས་གནང་སོང་།

དེ་བཞིན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་བཙན་བྱོལ་གྱི་སློབ་གྲྭ་ཁག་ཏུ་འཛུལ་མཁན་གྱི་སློབ་མའི་གྲངས་ཚད་ཇེ་ཉུང་དུ་འགྲོ་མུས་ཡིན་པ་དང་བསྟུན་བཙན་བྱོལ་སློབ་གྲྭ་ཁག་ཟླ་སྒྲིལ་གཏང་རྒྱུའི་གནས་བབ་གང་འདྲ་ཆགས་ཡོད་མེད་ཀྱི་ཐད་ལ་བཀའ་འདྲི་ཞུས་པ་དང་འབྲེལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཤེས་རིག་ལས་ཁུངས་ཁྱབ་ཁོངས་ཀྱི་སམ་བྷོ་ཊ་སློབ་གྲྭ་རྣམས་ལ་སློབ་ཕྲུག་གྲངས་ ༡༥ ཡོད་ཚེ་ས་གནས་དེ་གར་རང་འཇགས་བཞག་ཡོད། སློབ་ཕྲུག་གྲངས་ ༡༥ འོག་ལས་མེད་པ་རྣམས་ཟླ་སྒྲིལ་གཏོང་དགོས་ཚེ་འགྲོ་སོང་ཆེན་པོ་འདུག ཤེས་ཡོན་སྲིད་ཇུས་ཀྱི་ཐོག་ནས་རྒྱ་གར་བྱང་ཤར་ཁུལ་གྱི་སམ་བྷོ་ཊ་སློབ་གྲྭའི་ཁྱབ་ཁོངས་སུ་ཏེ་ཛུ་འཛིན་རིམ་ ༥ ནས་ ༨ བར་མེའོ་སློབ་གྲྭར་འགྲོ་བཅུག་ཡོད། སོ་ན་ཊར་འཛིན་རིམ་ ༡༠ བར་དུ་ཡོད་ཀྱང་། བོད་པའི་སློབ་ཕྲུག་གྲངས་ ༢༥ ཙམ་ལས་གཞན་རྣམས་ཧི་མ་ཡ་ལའི་རི་རྒྱུད་ཀྱི་སློབ་མ་ཡིན་པས།  འཛིན་རིམ་ ༥ བའི་བར་དེ་གའི་གནས་སྟངས་ཐོག་བཞག་ཡོད། དེ་བཞིན་ཨོ་ཌི་ཤ་རུ་གཞི་རིམ་སློབ་གྲྭ་གཉིས་ཡོད་པ་གཅིག་ཏུ་ཟླ་སྒྲིལ་བཏང་ཡོད། མ་སུ་རི་ཁྱིམ་སྡེ་ཁྱབ་ཁོངས་ཀྱི་ཧ་རི་བ་རུ་གྷོ་རེ་མ་ཧྥེ་སློབ་གྲྭའི་སློབ་ཕྲུག་ཉུང་དུ་ཕྱིན་སྟེ། དེ་གའི་ས་ཆ་ཤེས་ཡོན་དང་འབྲེལ་བའི་ཚོང་བསྒྱུར་བྱེད་མུས་དང་། བདེ་སྐྱིད་གླིང་དང་ར་ཇི་པུར་སློབ་གྲྭར་རང་འཇགས་བཞག་ཡོད། དེ་བཞིན་བོད་ཕྲུག་ཁྱིམ་སྡེ་དེ་གའི་ཁྱབ་ཁོངས་ནས་ཟླ་སྒྲིལ་དང་འབྲེལ་བའི་ལས་གཞི་ཞིག་སྒྲིག་མུས་ཡིན་པ་རེད། མ་འོངས་བར་སམ་བྷོ་ཊ་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་གསུམ་ཀ་མཉམ་དུ་འཛོམས་ཏེ་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་བགྲོ་གླེང་བྱས་ཏེ་ཟླ་སྒྲིལ་གཏོང་བར་བསམ་བློ་གཏོང་བཞིན་ཡོད། ཅེས་དང་། ཡང་ཌལ་ཧོར་གཏན་སློབ་དང་འབྲེལ་ནས། ཌ་ལ་ཧོ་སི་ནང་སྔོན་མ་སློབ་ཕྲུག་གྲངས་བརྒྱད་ཡོད་ཅིང་། ད་ལྟ་སློབ་ཕྲུག་གྲངས་དྲུག་ཆགས་ཡོད་པ་དང་། འཛིན་གྲྭ་ཡང་སྔོན་མའི་ས་གནས་སུ་འཚོག་གི་མེད་པས། སློབ་གྲྭའི་ས་ཆ་དེ་ཤེས་ཡོན་ཐོག་བེད་སྤྱོད་གཏོང་བར་གཏོང་ལེན་སློབ་གྲྭ་དང་། ས་རཱ་མཐོ་སློབ་བཅས་སུ་མཁོ་སྤྲོད་བྱེད་བསམ་ཡོད་ཀྱང་། ཚད་ལྡན་གྱི་གྲོས་ཐག་ཆོད་པ་ཅི་ཡང་བྱུང་མེད་སྐོར་སོགས་གསུངས་སོང་།

འདས་ལོའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་ཀྱི་གྲུབ་འབྲས་དང་འབྲེལ། ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཁྲོད། ཕྱི་ལོ་ ༢༠༢༣ ལོར་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་མིའི་སློབ་གྲྭ་ཁག་གི་གྲུབ་འབྲས་ལས་འཛིན་རིམ་བཅུ་གཉིས་པའི་རྒྱུགས་འཕྲོད་བརྒྱ་ཆ་ ༩༨་༣༩ དང༌། ཆ་སྙོམས་བརྒྱ་ཆ་ ༧༣་༣༡ སོན་ཡོད་པ་དང་། འཛིན་རིམ་བཅུ་པའི་རྒྱུགས་འཕྲོད་བརྒྱ་ཆ་ ༩༥་༧༨ དང༌། ཆ་སྙོམས་བརྒྱ་ཆ་ ༦༡་༧༤ སོན་ཡོད། ཕྱི་ལོ་ ༢༠༢༤ ལོའི་གྲུབ་འབྲས་ཟླ་ ༥ ཚེས་ ༡༣ ཉིན་གསལ་བསྒྲགས་སྤེལ་ཡོད་ཅིང་། འཛིན་རིམ་བཅུ་གཉིས་པའི་རྒྱུགས་འཕྲོད་བརྒྱ་ཆ་ ༩༩་༦༩ དང་། ཆ་སྙོམས་བརྒྱ་ཆ་ ༧༥་༠༡ སོན་ཡོད་པ་དང་། འཛིན་རིམ་བཅུ་པའི་རྒྱུགས་འཕྲོད་བརྒྱ་ཆ་ ༩༧་༡༢ དང༌། ཆ་སྙོམས་བརྒྱ་ཆ་ ༦༣་༣༠ སོན་ཡོད། འདི་ལོའི་ཡིག་རྒྱུགས་གྲུབ་འབྲས་སྔར་ལས་ལེགས་པར་སོན་ཡོད་པ་མ་ཟད། བོད་སློབ་འཛིན་ཚོགས་ནས་རྩིས་ལེན་ཞུས་རྗེས་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རྒྱ་གར་གཞུང་གི་སློབ་གྲྭའི་སྡེ་ཁག་ཀེ་ཝི་ཨེས་ (KVS) དང་རྗེ་ཨན་ཝི་ (JNV) ལས་གྲུབ་འབྲས་འབུར་དུ་ཐོན་ཡོད་པ་གསར་འགྱུར་བརྒྱུད་ལམ་འདྲ་མིན་ནང་ཐོན་ཡོད་པ་ལྟར་ཡིན་པས། གོ་སྐབས་འདི་བརྒྱུད་སློབ་གྲྭའི་འཛིན་སྐྱོང་དང་། དགེ་ལས་རྣམ་པ། དོ་བདག་སློབ་ཕྲུག་བཅས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསལ་འདུག

ཕྱི་ལོ་ ༢༠༡༣ ལོ་ནས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་རྩིས་ལེན་དབུ་འཛུགས་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༡༢ ནང་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་མ་སུ་རི་གཏན་སློབ་དང་། སིམ་ལ་གཏན་སློབ། ཌལ་ཧོར་གཏན་སློབ། རྡོར་གླིང་གཏན་སློབ། ཀ་སྦུག་གཏན་སློབ། ཧར་པུར་ཉིན་སློབ་བཅས་ཤེས་རིག་ལས་ཁུངས་ཀྱིས་རྩིས་བླངས་ཏེ། དབུས་བོད་སློབ་ཁྱབ་ཁོངས་ཀྱི་སློབ་གྲྭ་ཚང་མ་ཤེས་རིག་ལས་ཁུངས་ཁྱབ་ཡོངས་སུ་བླངས་ཟིན་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

སྐར་མ ༥༣ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese