མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་ཉིན་རྒྱབ་ཀྱི་གྲོས་ཚོགས་འཚོགས་ཐུབ་མ་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་ཀྱི་སྤྱི་འཐུས་གྲོས་ཚོགས་ནང་སྤྱི་འཐུས་ཉེར་གསུམ་གྱིས་ཆ་ཤས་བླངས་པ་དང་སྤྱི་འཐུས་ཉེར་གཉིས་ཀྱིས་ཆ་ཤས་བླངས་མེད་སྟབས་གྲུབ་ཆ་མ་ཚང་བའི་དབང་གིས་ཉིན་རྒྱབ་ནས་གྲོས་ཚོགས་འཚོགས་མ་སོང་།

གྲོས་ཚོགས་ལས་ཉིན་བཞི་པའི་ཉིན་རྒྱབ་ནས་འཚོགས་ཐུབ་མེད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༤།༩།༡༤

དེ་རིང་གཞི་རིམ་མི་མང་རེ་འབོད་ཚོགས་པས་གྲོས་ཚོགས་ར་བའི་མདུན་ཐང་དུ་ཁྲིམས་ཞིབ་ཁང་བསྐྱར་གསོ་དགོས་ཞེས་འབོད་ཚིག་བསྒྲགས་ནས་ཞི་རྒོལ་བྱས་ཏེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་བོ་ཐུག་དགོས་པའི་རེ་སྐུལ་ཞུས་རྗེས། བདེ་སྲུང་བཀའ་བློན་མཆོག་གི་རེ་སྐུལ་བཞིན་མི་མང་དག་ཕྱིར་འཐེན་བྱས་ཡོད་ཀྱང་། ཉིན་རྒྱབ་ཀྱི་ཚོགས་ཐུན་དེ་གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་ནས་འཚོགས་ཐུབ་མེད་པ་རེད། དེ་རིང་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བཞི་པའི་ཚོགས་ཐུན་གཉིས་པའི་སྟེང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ད་ལྟ་གྲོས་ཚོགས་ཀྱི་གྲུབ་ཆ་ལོན་གྱི་མི་འདུག འཚོགས་ཐུབ་པའི་གནས་བབ་ག་དུས་བསླེབས་ན། ཚོགས་མི་ཚང་མ་ལ་འབྲེལ་བ་ཞུ་ཡི་ཡིན། ཞེས་གསུངས་སོང་།

གནད་དོན་དེའི་ཐད་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གནད་དོན་དེ་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་དང་། ཁྲིམས་ཞིབ་པ་བསྐོ་དགོས་པ་དེ་ཚང་མ་ང་ཚོའི་ལས་འགན་ཡིན་ཡང་། དེའི་ཆ་རྐྱེན་དང་གནད་དོན་ཁ་ཤས་ཤིག་གི་ཐོག་ནས་འགྲོ་མ་ཐུབ་པ་ཞིག་ཆགས་ཡོད། ད་ལན་བཅའ་ཁྲིམས་བསྐྱར་བཅོས་འཁུར་ཡོད་ལབ་ཀྱི་ཡོད་རེད་དེ། ད་ལྟ་གྲོས་ཚོགས་སུ་བསླེབ་རྒྱུ་རེད། ཡིན་ན་ཡང་། གཞི་རིམ་མི་མང་གིས་རེ་འབོད་དང་ཞི་བའི་ལས་ཀ་ཡིན་གསུང་གི་ཡོད་ནའང་། དེ་རིང་ཚང་མས་གཟིགས་ཡོད་པའི་རྣམ་པ་འདི་རེད། དངོས་གནས་བྱས་ན་ལས་འགུལ་སྤེལ་མཁན་རྣམས་མར་བཞུགས་དགོས་པ་དང་། ཁོང་ཅག་གིས་ཡི་གེ་རྣམས་ང་ཚོའི་ལག་ཏུ་སྤྲད་ཡོད་པ་དེར་ལྟ་རྟོག་བྱ་དགོས་ཀྱི་ཡོད་རེད། ཡིན་ཡང་། ཉིན་མ་གསུམ་གྱི་ལས་རིམ་ལ་བལྟས་ནས། གཞི་རིམ་མི་མང་ལ་བདག་པོ་རྒྱག་གི་མི་འདུག་ཟེར་ནས་དེ་རིང་འདིར་ཤོར་ཡོང་གི་ཡོད་པས། བདེ་སྲུང་བཀའ་བློན་དང་དྲུང་ཆེ། བདེ་སྲུང་ལས་བྱེད་ལྷན་སྐད་ཆ་བཤད་སྐབས། ཁོང་ཚོར་ཡུལ་ཁྲིམས་ཀྱི་ཐོག་ནས་དབང་ཆ་སྤྲད་ཡོད་ཟེར་བ་ལས། བདེ་སྲུང་གིས་དབང་ཆ་སྤྲད་པ་མིན་པས་བདེ་སྲུང་ལས་ཁུངས་ཀྱིས་འགན་ཁུར་ཐུབ་ཀྱི་མི་འདུག་གསུང་གི་ཡོད་པས། བདེ་སྲུང་ལས་ཁུངས་ཀྱིས་འགན་ཁུར་ཐུབ་ཀྱི་མེད་པ་ཡིན་ན། ང་ཚོ་གྲོས་ཚོགས་ལ་ཡོང་ཐུབ་ཀྱི་མེད་པའི་གནས་སྟངས་ལ་བསླེབས་ཡོད། ཅེས་བརྗོད་སོང་། 

གཞི་རིམ་མི་མང་རེ་འབོད་ཚོགས་པའི་ཚོགས་གཙོ་བསྟན་འཛིན་གཡང་དཀར་ལགས་ཀྱིས། གཞི་རིམ་མི་མང་གི་ལས་འགུལ་བ་རྣམས་ཀྱིས་ཉིན་གྲངས་བཞིའི་རིང་ཡ་རབས་བཟང་སྤྱོད་དང་ལྡན་པའི་ཐོག་ནས་བཞུགས་ཡོད་པས། ན་ནིང་ལོར་གཞི་རིམ་མི་མང་སྣང་མེད་དུ་བཞག་ཡོད་ཀྱང་།  ད་ལོ་བོད་མི་སྤྱི་འཐུས་ལྷན་ཚོགས་སུ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྐོར་གྱི་ལས་རིམ་ཞིག་ཡོད་སྟབས། མི་མང་རྣམས་མུ་མཐུད་བཟང་སྤྱོད་ཐོག་བཞུགས་རོགས་གནང་ཞེས་བཤད་ན་མི་མང་དག་སེམས་བདེ་བ་ཡོང་གི་རེད། འོན་ཀྱང་། གོང་ནས་ཉིན་གྲངས་བཞིའི་རིང་ཨ་ལན་བརྡ་ལན་གང་ཡང་མ་སྤྲད་སྟབས། མི་མང་གཅིག་རྗེས་གཉིས་མཐུད་ཀྱིས་གྲོས་ཚོགས་མདུན་ཐང་དུ་ཕེབས་དགོས་པ་ཞིག་ཆགས་འདུག ཅེས་དང་། ད་ནངས་ཚོགས་གཙོ་མཆོག་གིས་ལས་རིམ་གཙོ་སྐྱོང་གནང་གི་ཡོད་སྟབས། བདེ་སྲུང་ལས་ཁུངས་བཀའ་བློན་དང་ཚོགས་གཞོན། ས་གནས་སྐོར་སྲུང་ལས་བྱེད་སོགས་ཐུག་འཕྲད་ཀྱིས། ཚོགས་གཙོ་སྦྲེལ་པོས་གཞི་རིམ་མི་མང་ལ་ཐུག་འཕྲད་བྱ་རྒྱུའི་ཁས་ལེན་གནང་ཡོད་གསུངས་པ་ལྟར་མི་མང་ཞི་བའི་ངང་ནས་ཕྱིར་ལོག་བྱས་ཡོད་སྐོར་སོགས་བརྗོད་སོང་། 

ཉིན་རྒྱབ་ལས་རིམ་སྐབས་མདོ་སྨད་སྤྱི་འཐུས་བདུན་དང་།  ཕྱོགས་བཞུགས་ཕྱི་རྒྱལ་སྤྱི་འཐུས་ལྔ། དབུས་གཙང་སྤྱི་འཐུས་བཅུ་བཅས་སྤྱི་འཐུས་གྲངས་ཉེར་གསུམ་གྱིས་མཉམ་ཞུགས་བྱས་ཡོད་ཀྱང་། ཆོས་བརྒྱུད་སྤྱི་འཐུས་དགུ་དང་མདོ་སྟོད་སྤྱི་འཐུས་བཅུ། དེ་བཞིན་མདོ་སྨད་སྤྱི་འཐུས་གསུམ་ནས་དགོངས་པ་ཞུས་ཏེ་བསླེབས་མེད་པ་སོགས་ཀྱི་དབང་གིས་གྲོས་ཚོགས་ཀྱི་གྲུབ་ཆ་ཚང་མེད་པ་རེད་ལ། གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། མདོ་སྨད་སྤྱི་འཐུས་གཉིས་ཀྱིས་རེས་གཟའ་ཟླ་བའི་བར་དང་སྤྱི་འཐུས་གཅིག་གིས་ཚོགས་དུས་ཧྲིལ་པོར་དགོངས་པ་ཞུས་ཡོད་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

སྐར་མ ༥༢ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 2 སྔོན།

    བློ་གཟུ་བོར་གནས་ནས་བཤད་ན། སྤྱོ་འཐུས་ཀྱི་ཚོགས་གཙོ་ཚོགས་གཞོན་གཉིས་ནས་འགན་འཁུར་མི་འདུག་ མི་མང་གི་འགོ་བྱེད་ལ་ཐུག་འཕྲད་གནང་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese