མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་དུ་གཞིས་སྤོར་གྱི་ལས་གཞི་སླར་གསོ་ཐུབ་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཆབ་སྲིད་བཙོན་པ་དང་འབྲེལ་ཡོད། འབྲེལ་ཆགས་རྣམས་ཨོ་གླིང་དུ་གཏོང་བའི་ལས་གཞི་སླར་གསོ་ཐུབ་ནས་གང་མགྱོགས་ལས་དོན་གཉེར་ཐབས་གནང་རྒྱུ་ཡིན་སྐོར་སོགས་བརྗོད་སོང་། 

བདེ་སྲུང་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམ་སདང་བགྲོ་གླེང་གསལ་བཤད་སྐབས། བོད་མི་མང་སྤྱི་འཐུས་ལྷན ཚོགས་ཀྱི་ཐད་གཏོང་ནས་བླངས། ༢༠༢༤།༩།༡༧

དེ་རིང་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་དྲུག་པའི་ཉིན། དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ ༢༠༢༣ དང་༢༠༢༤ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་། འཛིན་སྐྱོང་བཀའ་ཤག་གི་ལན་འདེབས་གསལ་བཤད་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭ་དང་། ཆབ་སྲིད་བཙོན་པ་དང་། འབྲེལ་ཡོད། འབྲེལ་ཆགས་ཀྱི་ཨོ་གླིང་གཞིས་སྤོར་ལས་གཞི་སོགས་ཀྱི་ཐད་ལ་གླེང་སློང་གནང་སོང་། 

སྐབས་དེར་བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་དང་། རིག་འཛིན་ལྷུན་འགྲུབ་ལགས། མི་འགྱུར་རྡོ་རྗེ་ལགས། དེ་བཞིན་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་སོགས་ཀྱིས་བདེ་སྲུང་ལས་ཁུངས་དང་། རྒྱ་གར་དབུས་ས་གཉིས་སོགས་ཀྱིས་མུ་མཐུད་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཐད་ལ་ཞབས་འདེགས་དང་སྲི་ཞུ་བསྒྲུབ་དགོས་པའི་སྐོར་དང་། དེང་གི་ཆར་སྤྱི་ཚོགས་དྲ་ལམ་ཁག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མངོན་སུམ་འཛེམ་མེད་ཀྱི་ཐོག་ནས་མཚན་སྨད་ཞུ་མཁན་དེ་དག་རྒྱལ་ཁབ་སོ་སོའི་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་རྟོག་ཞིབ་དང་འཐེར་འདོན་བྱ་དགོས་པའི་སྐོར་ལ་གླེང་སློང་ཤུགས་ཆེན་གནང་བ་མ་ཟད། བདེ་སྲུང་ལས་ཁུངས་ངོས་ནས་མཚན་སྨད་ཞུ་མཁན་རྩད་གཅོད་གནང་སྟེ། འབྲེལ་ཡོད་སྐུ་ཚབ་དོན་གཅོད་ཁང་ལ་བཀོད་མངགས་གནང་ཟིན་ཞིང་། འདས་པའི་ལོ་ཤས་རིང་འགག་པའི་ཨོ་གླིང་གཞིས་སྤོར་གྱི་ལས་གཞི་དེ་སླར་གསོ་ཐུབ་པ་དང་འབྲེལ། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས།  ཨོ་གླིང་གི་གཞིས་སྤོར་དེ་དང་འབྲེལ་ནས་ཨོ་གླིང་གཞུང་ལ་ཐུགས་རྗེ་ཞུ་རྒྱུ་དང་། ལས་གཞི་དེ་འགག་ནས་གང་ཙམ་ཕྱིན་ཡོད་ཀྱང་། བོད་མི་རྣམས་ཀྱིས་འདས་པའི་ལས་དོན་ལ་བསྔགས་བརྗོད་བྱས་པ་ལས་རྙོག་གྲ་གང་ཡང་བཟོས་མེད་སྟབས། ཨོ་གླིང་གཞུང་གིས་བོད་མི་རྣམས་ལ་བསྔགས་བརྗོད་བྱས་ཡོད་པའི་ཁར། བདེ་སྲུང་ལས་ཁུངས་ཀྱིས་མུ་མཐུད་དུ་ལས་གཞི་དེ་གང་མགྱོགས་མགོ་བཙུགས་ཐུབ་སླད། ཕྱི་འབྲེལ་ལས་ཁུངས་དང་དོན་གཅོད་སོགས་ཕན་ཚུན་འབྲེལ་བ་གནང་མུས་ཡིན་པས། གནད་དོན་དེའི་ཐད་ཡོངས་གྲགས་ཀྱི་ཐོག་ནས་གླེང་སློང་ཤུགས་ཆེན་གནང་རྒྱུ་མིན། ཞེས་གསུངས་སོང་། 

གནད་དོན་དེའི་ཐད་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ནས་གཟིགས་ཞིབ་ཀྱིས་དོགས་འདྲི་ཁག་ལ་གསལ་བཤད་གནང་བའི་ཁྲོད། བདེ་སྲུང་ལས་ཁུངས་ནས་ངོས་བཞེས་ཟིན་པའི་ཆབ་སྲིད་བཙོན་ཟུར། འབྲེལ་ཡོད། འབྲེལ་ཆགས་རྣམས་ལ་ཕན་ཐོགས་ཆེ་བའི་ཨོ་གླིང་གཞིས་སྤོའི་ལས་གཞི་དེ་དག་ཨོ་གླིང་གཞུང་གི་སྤྱི་ཡོངས་གཞིས་སྤོ་ཁྲིམས་ཡིག་དང་དེ་འབྲེལ་ལས་དོན་བྱེད་ཕྱོགས་ཁག་ཅིག་ལ་འགྱུར་བ་ཕྱིན་པར་བརྟེན། འདི་གའི་བོད་མིའི་གཞིས་སྤོའི་ལས་གཞི་ལའང་དོ་ཕོག་ཤུགས་ཆེར་སོང་ཡོད་པས། ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་འགན་རྐང་བཞེས་ཐོག་ཕྱོགས་ཡོངས་ནས་ཐབས་འཚོལ་དང་འབད་བརྩོན་ཞུ་འབྲས་སུ་ཉེ་ལམ་ཨོ་གླིང་གཞུང་གི་དགོངས་པ་ཆེ་བཞེས་ཀྱིས་ལས་གཞི་འདི་ཉིད་སླར་གསོ་བྱུང་ཡོད་སྐོར་འབྲེལ་ཡོད་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་སྙན་གསན་བྱུང༌། ཞེས་འཁོད་འདུག 

བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་ལྟར་ན། ཕྱི་ལོ་ ༢༠༡༤ ནས ༢༠༢༤ བར་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཡོད། འབྲེལ་ཆགས་སོགས་ཀྱི་སྙན་ཞུ་འབུལ་མཁན་གྲངས་ ༡༩༦༧ བྱུང་བའི་ཁྲོད། ཞིབ་འཇུག་བྱས་ཟིན་པའི་གྲངས་ ༡༤༩༢ དང་ཞིབ་འཇུག་བྱ་རྒྱུ་ལྷག་པའི་སྙན་ཞུ་གྲངས་ ༣༧༥ ཡོད་འདུག་ལ། འདས་པའི་ལོ་ཤས་གོང་ནས་རྒྱན་ཐོབ་ཟིན་ནའང་ཨོ་གླིང་དུ་བསྐྱོད་མ་ཐུབ་པའི་མི་གྲངས་ ༡༣ ཡོད་འདུག དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་ལས་བསྡོམས་ལ་གཟིགས་ཞིབ་གནང་རྗེས་དོགས་འདྲི་ཁག་ལ་བདེ་སྲུང་ལས་ཁུངས་ནས་ལན་འདེབས་བྱས་པའི་ཁྲོད། བདེ་སྲུང་ལས་ཁུངས་ནས་བོད་མི་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཡོད། འབྲེལ་ཆགས་ངོས་བཞེས་ཀྱིས་ཨོ་གླིང་དུ་གཞུང་འབྲེལ་ཆེད་གཏོང་གནང་ཟིན་པའི་ཁོངས་ནས་བོད་དུ་ཕྱིར་ལོག་གནང་མཁན་ཤེས་རྟོགས་བྱུང་བ་གྲངས་ ༡ ཡོད། གནས་ཚུལ་འདིའི་རིགས་སྒེར་གྱི་ཁེ་ཕན་ལ་མ་ལྟོས་པར་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་མིན་བོད་དུ་ཕྱིར་ལོག་གནང་མཁན་དོ་བདག་སོ་སོ་ནས་དགོངས་དཔྱད་གནང་དགོས་པ་ཞིག་ཡིན། ཞེས་གསལ་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༩ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༡༠ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese