མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོ་ནང་པར་ཐོབ་ཐང་འདྲ་མཉམ་དགོས་པའི་གནད་དོན་དང་འབྲེལ་བའི་འགན་ཆ་ཚང་གྲོས་ཚོགས་ཀྱིས་ཁུར་དགོས།

བོད་ཀྱི་དུས་བབ།
༢༠༢༤/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་བ་ཇོ་ནང་པར་བཅའ་ཁྲིམས་ཐོག་ནས་ཐོབ་ཐང་འདྲ་མཉམ་དགོས་པའི་བསྐྱར་བཅོས་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་མ་ཐོབ་པར་རྒྱལ་བ་ཇོ་ནང་བའི་རྒྱུན་འཛིན་པ་རྣམས་ལ་བློ་ཕམ་ཆེན་པོ་བྱུང་ཡོད་པ་དང་། སྐབས་རྗེས་མའི་གྲོས་ཚོགས་སྟེང་ཇོ་ནང་པར་ཐོབ་ཐང་འདྲ་མཉམ་ཡོང་བར་དགོངས་པ་ཅི་ནས་ཀྱང་བཞེས་དགོས་པའི་འབོད་སྐུལ་ཞུས་སོང་།

ཇོ་ནང་པར་ཐོབ་ཐང་འདྲ་མཉམ་དགོས་པའི་གནད་དོན་དང་འབྲེལ་བའི་འགན་ཆ་ཚང་གྲོས་ཚོགས་ཀྱིས་ཁུར་དགོས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༤།༩།༡༩

ཁ་སང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༣ དང་ ༢༠༢༤ ལོའི་ལས་བསྡོམས་ཚོགས་དུས་བརྒྱད་པའི་ལས་ཉིན་མཐའ་མའི་ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་སོ་བདུན་པ་སྟེ། དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ལ་ཆོས་བརྒྱུད་གཞན་དང་གཅིག་མཚུངས་ཀྱི་ཐོབ་ཐང་འདྲ་མཉམ་དགོས་པའི་བསྐྱར་བཅོས་ཁྲིམས་འཆར་དེ་བསྐྱར་བཅོས་བྱ་ཐུབ་མེད་པ་དང་བསྟུན། ཁ་སང་དགོང་མོ་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ།  མ་འོངས་པར་ཇོ་ནང་ཆོས་བརྒྱུད་དང་འབྲེལ་བའི་ཛ་དྲག་གི་གནད་དོན་རིགས་བྱུང་ཚེ། དེའི་འགན་དབང་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁུར་དགོས་པའི་འབོད་སྐུལ་ཞུས་སོང་།  

རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཆོས་ལུགས་བར་ལ་དབྱེ་འབྱེད་ཆེན་པོ་བྱས་པས་རྐྱེན་གྱིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཞི་བདེ་དང་ལྷིང་འཇགས་མེད་པར་བཟོས་ཡོད། དེ་ཡང་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཁང་ནས་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱི་དོན་ཚན་སོ་བདུན་པར། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གཤམ་གསལ། ༡ ཀ བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ། ཁ རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་ཆོས་བརྒྱུད་བར་ལ་དབྱེ་འབྱེད་ཆེན་པོ་བྱས་ནས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་། གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་སོགས་ཡོངས་སུ་མེད་པར་བྱས་ཏེ་ཆོས་བརྒྱུད་གཞན་དང་འདྲ་མཉམ་མིན་པ་གསལ་པོར་བཟོས་ཡོད། ཅེས་གསལ་འདུག 

བསྒྲགས་གཏམ་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༧ པའི་ནང་གསེས་ ༡༠/༡༡/༡༢ བཅས་ཀྱི་འོག་གཏན་འབེབས་བྱས་པའི། བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཟེར་བ་དེའི་ནང་དུ་ཐོག་མཐའ་ཀུན་ཏུ་དབྱེ་འབྱེད་བྱས་ཡོད། དཔེར་ན་ཁྲིམས་ཡིག་དེའི་དོན་ཚན་གསུམ་པར། “ཁྲིམས་ཡིག་གི་ཁྱབ་ཚད། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།” ཞེས་དངོས་སུ་དབྱེ་འབྱེད་བྱས་ནས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཁྲིམས་ཡིག་གི་ཁྱབ་ཁོངས་ནས་ཕུད་ཡོད། དེས་ན་དབྱེ་འབྱེད་ཅན་གྱི་བཅའ་ཁྲིམས་དང་། ཁྲིམས་ཡིག་གཉིས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཁ་ལོ་བསྒྱུར་བས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་ཁྲིམས་ལུགས་སུ་གཏན་ལ་ཕབ་པའི་སྤྱི་འཐུས་ཀྱི་འོས་ཆོས་ཡོངས་སུ་ཚང་ཡང་། ཇོ་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་སུ་བཞེངས་མི་ཆོག་པ་མ་ཟད། ཐ་ན་རང་གི་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་རྒྱུའི་ཐོབ་ཐང་ཡང་མེད་པར་བྱས། དེར་བརྟེན་བཙན་བྱོལ་སྤྱི་ཚོགས་ཁྲོད་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་དང་ལྔ་ཟེར་བའི་ཐ་སྙད་འདི་མ་དག་རྒྱུན་འབྱམས་སུ་ཕྱིན། ཞེས་དང་།  ཇོ་ནང་གཞིས་བྱེས་གཉིས་ནས། མི་ལོ་ ༢༧ རིང་གི་གྲོས་ཚོགས་ཚོགས་ཐེངས་ ༥༠ ལྷག་རིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཐོག་ནས་ཇོ་ནང་པར་ཐོབ་ཐང་འདྲ་མཉམ་ཡོང་ཆེད། སྙན་ཞུ་དང་། རེ་འབོད། གསོལ་འདེབས་གྲངས་མེད་ཕུལ་བ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་གྲོས་ཚོགས་སྒོ་འགྲམ་དུ་ཞི་འབོད་དང་། ཟས་བཅད་ཞི་རྒོལ་བྱས་ཀྱང་། བདེན་པ་དང་བརྩེ་བའི་མིག་བཙུམས་ནས་ང་ཚོའི་དཀའ་སྡུག་གི་རེ་འབྲས་ཆུད་ཟོས་སུ་བཏང་། ཕྱི་ལོ་ ༢༠༡༡ ལོར་རིས་མེད་ཆོས་ཚོགས་ཐེངས་ ༡༡ པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་ལྷན་འཛོམས་ཀྱིས། རྒྱལ་བ་ཇོ་ནང་པ་ནི་ཆོས་བརྒྱུད་རང་རྐང་ཚུགས་པ་ཞིག་ལ་ངོས་འཛིན་གྲོས་ཆོད་བྱུང་། ཡིན་ན་ཡང་ཆེས་ཡིད་ཕམ་པ་ཞིག་ལ། ད་དུང་བཅའ་ཁྲིམས་ལ་འགྱུར་བ་བཏང་མེད། ཅེས་གསལ་འདུག 

ཡང་བསྒྲགས་གཏམ་ནང་། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱི་གནས་སྟངས་ནི་ཡ་ང་བ་ཞིག་ཡིན། ད་དུང་འདིར་ཆེད་དུ་བརྗོད་པ་ནི་དཔལ་ལྡན་བཀའ་ཤག་སྐབས་༡༦ པའི་ངོས་ནས་ཆོས་ཚོགས་ཐེངས་ ༡༡ པའི་གྲོས་ཆོད་གཞིར་བཞག་ཐོག་ཇོ་ནང་པ་ལ་འདྲ་མཉམ་གྱི་ཐོབ་ཐང་དགོས་གལ་ཆེ་བར་གཟིགས་ནས། ཁྲིམས་འཆར་གྲོས་ཚོགས་སུ་བསྣམས་ཀྱང་། སྤྱི་འཐུས་ཁག་ཅིག་གིས་ང་ཚོའི་བདེན་པ་དང་འདྲ་མཉམ་གྱི་ཐོབ་ཐང་རྩིས་མེད་དུ་བཏང་བས་གཞིས་བྱེས་ཇོ་ནང་པ་ཡོངས་དང་འཛམ་གླིང་ཡུལ་གྲུ་ཀུན་ན་བཞུགས་པའི་རྒྱབ་སྐྱོར་གནང་མཁན་ཡོངས་ཤིན་ཏུ་བློ་ཕམ་གྱི་གནས་སུ་བསྐྱལ་ཡོད། སྤྱིར་བཏང་བོད་མི་རིགས་གཞིས་བྱེས་གཉིས་སུ་གྱེས་པའི་གནས་སྟངས་ཐབས་སྐྱོ་བོ་འདི་སྙིང་ལ་བཅངས་ནས། འདས་པའི་མི་ལོ་ཉེར་བདུན་རིང་གང་འཇམ་འཇམ་གྱི་ཐབས་ལམ་སྣ་མང་སྤྱད་དེ་ཞུ་འབོད་གྲངས་མང་ཞུས་ཀྱང་། དཔལ་ལྡན་རྒྱལ་བ་ཇོ་ནང་པའི་དངོས་ཡོད་ལོ་རྒྱུས་ཀྱི་བདེན་པ་དང་འདྲ་མཉམ་གྱི་ཐོབ་ཐང་རྩྭ་བཞིན་དུ་དོར་བས། བོད་ཕྱི་ནང་གཉིས་ཀྱིས་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཇོ་ནང་བའི་རྒྱུན་འཛིན་པ་རྣམས་དང་། འབྲེལ་ཡོད་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཡང་ཤིན་ཏུ་ལྕི་བའི་ཡིད་སྐྱོ་ཐེག་དཀའ་བ་བྱུང་ཡོད། མ་འོངས་པར་གནད་དོན་འདི་སྒོ་གང་ཐད་ནས་ཛ་དྲག་ཏུ་སོང་བ་ཡིན་ན། དེའི་འགན་ཆ་ཚང་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་ཁུར་དགོས། ཞེས་གསལ་འདུག 

དེ་བཞིན་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༩ ཚེས ༢༢ ནས་༢༤ བར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་བཞུགས་སྒར་དྷ་ས་སུ་རྱ་གསོལ་མགྲོན་ཁང་དུ་བསྡུས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་སྐབས་ཀྱི་གྲོས་ཆོད་ནང་། ཆོས་ཚོགས་སྔོན་མའི་གྲོས་ཆོད་ནང་། རྒྱལ་བ་ཇོ་ནང་པའི་ཆོས་འབྱུང་སྐོར་ཉམས་ཞིབ་བྱ་རྒྱུ་གསལ་ཡང་། གཅིག་ནས་བཀའ་བརྒྱུད་ཀྱི་སྐུ་ཚབ་གཏོང་ཐབས་མ་བྱུང་བའི་ཆ་ནས་ཞིབ་འཇུག་ཚོགས་ཆུང་ད་བར་ཚུགས་ཐུབ་མེད་པ་དང་། གཉིས་ནས་རྒྱལ་བ་ཇོ་ནང་པ་ནི་ལྟ་གྲུབ་དང་ཆོས་བརྒྱུད་ཀྱི་ཆ་ནས་རང་རྐང་ཚུགས་པ་ཞིག་ཡིན་པར་ཆོས་ཚོགས་འདི་ནས་ངོས་འཛིན་བྱུང་བར་བརྟེན། ཞིབ་འཇུག་ཚོགས་ཆུང་དགོས་གལ་མ་མཆིས། འོན་ཀྱང་ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཐང་གནང་མིན་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་དབང་ཡིན་པ་ལས་ཆོས་ཚོགས་འདིར་འབྲེལ་བ་མེད་པའི་ངོས་འཛིན་བྱུང་། ཞེས་གསལ་འདུག 

ཟླ་འདིའི་ཕྱི་ཚེས་ ༡༡ སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་དང་པོར་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་སྤྱི་འཐུས་རྣམས་ལ་རེ་སྐུལ་སྙན་ཞུ་ཞིག་ཕུལ་ནས། ཚོགས་དུས་དེའི་སྐབས་དཔལ་རྒྱལ་བ་ཇོ་ནང་པའི་གནད་དོན་གླེང་སློང་དང་། ཕྱོགས་ཡོངས་ནས་དཀའ་ངལ་སེལ་ཐུབ་ཐབས་ཀྱི་རེ་བ་ཞིག་བཅངས་ཀྱང་། ཁ་སང་ལས་ཉིན་མཐའ་མའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་སོ་བདུན་པ་སྟེ། དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ལ་ཆོས་བརྒྱུད་གཞན་དང་གཅིག་མཚུངས་ཀྱི་ཐོབ་ཐང་འདྲ་མཉམ་དགོས་པའི་བསྐྱར་བཅོས་ཁྲིམས་འཆར་དེར་སྤྱི་འཐུས་ ༢༡ གི་རྒྱབ་སྐྱོར་ལས་མ་ཐོབ་པར་རྩ་འབོར་གྱི་བརྒྱ་ཆ་གསུམ་ཆ་གཉིས་མ་ལོན་པར་མར་ཟགས་ཡོད་སྟབས། སྤྱི་ཚོགས་དྲ་ལམ་སོགས་སུ་གནད་དོན་དེའི་ཐད་ཡིད་མ་ཚིམས་པའི་རྣམ་འགྱུར་མང་དག་ཅིག་བསྟན་དང་སྟོན་མུས་ཡིན་འདུག 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༡༠ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༡༠ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese