མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་མཚན་སྨད་དང་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་བར་ངོ་རྒོལ་མཐའ་གཅིག་ཏུ་ཡོད།

བོད་ཀྱི་དུས་བབ།
༢༠༢༤/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཚོགས་པ་ཆེ་ཁག་བརྒྱད་ཀྱིས་སེང་གེ་ཟེར་བའི་མི་དེས་༧གོང་ས་མཆོག་ལ་མཚན་སྨད་དང་འཇིགས་སྐུལ་བྱས་པར་བརྟེན་རྒྱ་གར་དུ་འགྲིམ་འགྲུལ་བྱེད་པར་བཀག་སྡོམ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

དྷ་ས་ས་གནས་མགོ་འཛིན་ཚོགས་ཁང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བརྒྱད་ཀྱིས་ངོ་རྒོལ་བསྒྲགས་གཏམ་སྤེལ་བ། དུས་བབ་ཀྱི་པར། ༢༠༢༤།༩།༢༣

ཉེ་ཆར་ཨོ་གླིང་དུ་གནས་སྡོད་སེང་གེ་ཟེར་བའི་བོད་མི་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་དང་༧མགོན་པོ་གང་ཉིད་ཀྱི་སྐུ་སྲོག་ལ་འཇིགས་སྐུལ་བྱས་པར་བརྟེན། དེ་རིང་ཕྱི་ཚེས་ ༢༣ ཉིན་དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བརྒྱད་ཀྱིས་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་སོང་།

བསྒྲགས་གཏམ་དང་འབྲེལ་ནས་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། ཨོ་གླིང་དུ་བོད་པའི་ཚོགས་པ་མང་པོ་ཞིག་ཡོད་པ་དེ་དག་གིས་ལས་འགུལ་དང་ཁྲིམས་གཏུགས་སོགས་བྱེད་སྐབས་ང་ཚོ་ཚོགས་པ་ཁག་བརྒྱད་ཀྱི་ངོས་ནས་མི་རྒྱུ་གཉིས་ཀའི་ཐོག་ནས་མཐུན་འགྱུར་བྱ་རྒྱུ་དང་། གྲོས་ཚོགས་ནང་གླེང་སློང་གནང་བ་ལྟར་བདེ་སྲུང་བཀའ་བློན་གྱིས་བྱ་སྤྱོད་དེ་ཁྲིམས་འགལ་ཡིན་ཞིང་ཁྲིམས་གཏུགས་བྱ་རྒྱུ་ཡིན་པའི་བཀའ་མོལ་གནང་བ་བཞིན་བོད་གཞུང་གཅིག་པུར་འགན་མ་བཞག་པར་ཚོགས་པ་ཁག་བརྒྱད་ཀྱི་མི་མང་ཡོངས་ཀྱིས་མཐུན་འགྱུར་གང་ཐུབ་བྱེད་ཀྱི་ཡིན། ཞེས་བརྗོད་བྱུང་།

རྒྱ་གར་ནང་ཡོང་བར་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་དང་འབྲེལ་ནས་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གཞུང་དང་འབྲེལ་ཡོད་ལས་ཁུངས་ལ་གནད་དོན་དེ་དང་འབྲེལ་ནས་མི་དེ་རྒྱ་གར་ནང་ཡོང་མི་ཆོག་པའི་སྐོར་ལ་སྙན་ཞུ་འབུལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་ཡང་མི་དེ་དང་ཁོའི་འབྲེལ་ཡོད་མི་དེ་དག་རྒྱ་གར་དུ་ཡོང་ཚེ་སྐུ་ཕྱྭ་ལ་ཉེན་ཁ་ཡོད་པ་གསལ་པོ་ཡིན་པར་བརྟེན་མི་དེ་རྒྱ་གར་དུ་འགྲིམ་འགྲུལ་བྱེད་པར་བཀག་སྡོམ་བྱ་དགོས་ཀྱི་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

གནད་དོན་དེ་དང་འབྲེལ་ནས་མང་ཚོགས་ལ་ཞུ་རྒྱུ་གང་ཡོད་མེད་ཐད་ཁོང་གིས། ང་ཚོ་མི་མང་གིས་མི་ངན་དེ་ཚོའི་བྱ་སྤྱོད་ལ་མོས་མཐུན་མེད་པ་དང་རྣམ་འགྱུར་སྟོན་པ་སོགས་ལངས་ཕྱོགས་འཛིན་དགོས་གལ་ཆེ་སྐོར་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་རྒྱུན་ནས་བྱམས་དང་སྙིང་རྗེ། འཚེ་བ་མེད་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་བ་ལྟར། བོད་མི་སེམས་པ་བཟང་པོ་དང་སྙིང་རྗེ་ལྡན་པའི་ཁྱད་ཆོས་དང་མ་བརྒལ་བ་ཞིག་བྱེད་དགོས་ཀྱི་ཡོད་ལ། དེ་ལས་ལྡོག་པའི་བྱ་སྤྱོད་སྤེལ་བ་དེ་ཕན་ལས་གནོད་ཆེ་བ་ཡོད་སྐོར་དང་། ཁོའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས་གལ་ཆེ་སྐོར་སོགས་བརྗོད་བྱུང་།

དེ་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་། དབུས་གཙང་དང་མདོ་སྟོད། མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་བཅས་ཀྱིས་ངོ་རྒོལ་བསྒྲགས་གཏམ་སྤེལ་བའི་ནང་། དང་པོ། ཉེ་ཆར་ཨོ་གླིང་ལྷོ་ཕྱོགས་ས་ཁུལ་ཨ་ཌེལ་ལེ་ཌེ་ (Adelaide) ཞེས་པར་གནས་སྡོད་དངོས་མིང་ལ་སེང་གེ་དང་། དྲ་མིང་གངས་སེང་ཟེར་མཁན་ཞིག་སྙིང་ཁམས་གདོན་གྱིས་བརླན་ཏེ། རང་ཅག་གངས་ཅན་པ་ཡོངས་ཀྱི་དཔྲལ་བའི་མིག་དང༌། ཁོག་པའི་སྙིང་ལྟ་བུ་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་ཚད་ལས་བརྒལ་བའི་མཚན་སྨད་དང༌། ༧མགོན་པོ་གང་གི་སྐུ་སྲོག་ལ་འཇིགས་སྐུལ་བྱས་པ་མ་ཟད། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ལ་དགྲ་བོའི་འདུ་ཤེས་བཟུང་སྟེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཏོར་བཤིག་གཏོང་བའི་བསམ་ངན་སྦྱོར་རྩུབ་ཀྱིས་བརྒྱུད་སྐུལ་བྱས་པར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བརྒྱད་ཀྱི་ཁྱབ་ཁོངས་རྒྱ་ཆེའི་མི་མང་ཡོངས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། གཉིས་པ། སེང་གེ་ཟེར་བས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་སྲོག་ལ་དོ་ཕོག་གཏོང་སེམས་ཀྱིས་སྒྲ་གཟུགས་གཉིས་ཐོག་ནས་མཚན་སྨད་བསམ་ཡུལ་ལས་འདས་པ་བྱས་པར་བརྟེན། ཚོགས་པ་ཁག་བརྒྱད་ཀྱི་ངོས་ནས་མི་དེ་བོད་མི་རིགས་ཀྱི་ཆིག་སྒྲིལ་གཏོར་བཤིག་པ་དང་འཇིགས་སྐུལ་བར་ངོས་འཛིན་ཐོག་གནས་ཡུལ་རྒྱ་གར་གཞུང་དང༌། ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ལ། ཁོས་སྤྱི་ཚོགས་སུ་བཀྲམ་པའི་སྒྲ་གཟུགས་གཉིས་དང༌། ཁོའི་ལོ་རྒྱུས་སོགས་མཁོ་སྤྲོད་ཀྱིས་༧མགོན་པོ་གང་ཉིད་ཀྱི་༧སྐུའི་བདེ་འཇགས་དང་འབྲེལ་བའི་ཐོག རྒྱ་གར་ལ་ཡོང་མི་འཇུག་པའི་འབོད་སྐུལ་ཞུ་རྒྱུ་ཡིན། གསུམ་པ། འཇིགས་སྐུལ་བ་སེང་གེས་༧གོང་ས་མཆོག་ལ་འཇིགས་སྐུལ་བྱས་པའི་བྱ་སྤྱོད་འདི་འཛམ་གླིང་རྒྱལ་སྤྱི་དང༌། གནས་ཡུལ་རྒྱལ་ཁབ་ཀྱིས་འཇིགས་སྐུལ་བར་ངོས་འཛིན་གང་ཡོད་ལྟར། དབུས་བོད་མིའི་སྒྲིག་འཛུགས་གཙོས་འབྲེལ་ཡོད་ནས་ཁྲིམས་གཏུགས་ཞུ་དགོས་པའི་འབོད་སྐུལ་དང༌། ཁྲིམས་གཏུགས་སོགས་ལས་འགུལ་སྤེལ་སྐབས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བརྒྱད་ནས་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་ཡིན། བཞི་པ། མིང་ལ་སེང་གེ་ཟེར་བའི་བཀའ་དྲིན་བསམ་མེད་ཀྱི་མི་དེའི་རྒྱབ་ལྗོངས་རྩད་གཅོད་དང་འབྲེལ་ཡོད་སུ་ཡོད། བདེ་སྲུང་གཙོས་འབྲེལ་ཡོད་ཁག་གིས་སེང་གེ་ཟེར་བའི་མི་དེའི་རྒྱབ་ལྗོངས་དང་འབྲེལ་ཡོད་སུ་ཡིན་མིན་རྩད་གཅོད་ཀྱིས་ཞིབ་དཔྱོད་ནན་འདྲོངས་དང༌། དེ་རིགས་རྒྱ་ཡན་དུ་མི་གཏོང་བར་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༦ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

མཆན། 1

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 2 སྔོན།

    ༈ ཨོས་ཊོལི་ཡར་གནས་སྡོད་བོད་མི་བཀའ་དྲིན་བསམ་ཤེས་མེད་པའི་མི་ངན་སེང་གེ་དང་དྲྭ་མིང་གངས་སེང་ཅན་གྱི་བྱ་ངན་ཚིག་ཁ་ནས་ཀྱང་འདོན་དཀའ་བའི་གནད་དོན་སྐོར་ཚོགས་པ་བརྒྱད་ནས་དམ་དོན་གྱིས་གསུང་བཤད་གནང་འདུག་པར་ཐུགས་རྗེ་ཆེ་གནང་། དེ་བཞིན་ཞུ་འཆར་ཁག་ཀྱང་མགྱོགས་མྱུར་དམ་དོན་གནང་གཤའ།
    དྲྭ་གནས་འདི་མ་མཇལ་གོང་ཨེ་ཤི་ཡ་རླུང་འཕྲིན་ཁང་གི་དྲྭ་མལ་ཐོག་གནས་མཇལ་བྱུང་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་མཚན་འཁོད་མིན་འདུག རང་སེམས་ནང་ད་རེས་གཞོན་ལྷན་མཚན་མཇལ་རྒྱུ་མེད་པ་གང་ཡིན་ནམ། དུས་རྒྱུན་གཞོན་ལྷན་ནི་ལས་དོན་དེ་འདྲའི་ཐོག་འབད་བརྩོན་པ་ཐོག་མའམ་ཆད་དུ་མེད་པའི་རྒྱལ་གཅེས་པ་ཞིག་ཡིན། ཅི་བྱས། མི་བསམ་མེད་ཁོས་རང་བཙན་སྐོར་རྫུན་ཚིག་འགའ་སྨྲས་པ་ལས་ནི་ཡིན་མི་ཤེས་པ་ཞིག་ཡིན་དགོས། གང་ལྟར་ཡང་སེམས་ཚབ་ངང་ལུས། ཡིན་ཀྱང་དྲྭ་འདིའི་ནང་ཚོགས་བརྒྱད་མིང་དང་དེ་ཡང་གཞོན་ལྷན་དང་ཐོག་དེར་འཁོད་པའི་བློ་བདེ།
    ཁོ་བ་དང་ཆོལ་ཁ་གཅིག་པའི་ཡུལ་མི་དང་། བཟའ་མི་བུ་ཕྲུག གྲོགས་གཉེན་སྤུན་ཚོས་ཀྱང་ཁོ་བ་ནོར་བའི་གསལ་བཤད་དམ་ངོ་བརྒོལ་མཚོན་པའི་བྱ་ལམ་བྱུང་ན་དེ་རེས་ཙམ་མིན་པའི་ཕྱི་བྱུང་ཡང་ཕན་ཐོག་དང་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པ་ནི་དེ་བས་ཀྱང་ཆེར་གསལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese