མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རྒྱུས་ནང་བོད་ལ་རྒྱ་ཡིག་གི་ཐ་སྙད་ཐོགས་ཚུལ་ལས་འཕྲོས་ཏེ་གཏམ་བཟང་ཞིག་གླེང་བ།

བོད་ཀྱི་དུས་བབ།
༢༠༢༤/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་མའི་བུ་བསྟན་འཛིན་ཚེ་རིང་།(ཧྥ་རན་སི།)

སྔོན་གླེང་།

འདས་ཟིན་པའི་ཀྱག་ཀྱོག་གི་མི་ལོ་ཁ་ཤས་སྔོན་དུ། རྒྱ་སྐད་དང་རྒྱ་ཡིག་ནི་བོད་རྒྱའི་བཀའ་རྙོག་སེལ་བྱེད་ཀྱི་ལྡེ་མིག་ལྟ་བུ་རེད་ཅེས་རྒན་ལགས་གཅིག་གིས་གསུངས་མྱོང་། ད་ལྟའི་ཆར་དགྲ་བོ་རྒྱ་ནག་གི་ཕྱོགས་སུ་འཐབ་རྩོད་མ་བྱེད་སྔོན་དུ། རྒྱ་ནག་གཞུང་གིས་ང་ཚོའི་ཐོག་འཛིན་པའི་སྲིད་ཇུས་གང་དང་། ལག་བསྟར་ག་འདྲ་བྱེད་བཞིན་པ་སོགས་དཔྱད་ཞིབ་དགོས། ཐ་ན། བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཐབས་སུ་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་ཀྱང་དེ་བས་ཤེས་དགོས། ཕྱོགས་གཉིས་ཀྱི་གནད་དོན་ངེས་པར་དུ་ཉམས་ཞིབ་དང་རྒྱུས་མངའ་བྱ་དགོས་རྒྱུ་ཤིན་ཏུ་གལ་འགངས་ཆེ།  ཁ་རྩང་དེ་རིང་འུ་ཚོའི་སྤྱི་ཚོགས་མཐོ་དམའ་བར་གསུམ་དུ་མང་པོས་རྒྱ་བོད་གཉིས་ཀྱི་ལོ་རྒྱུས་ནང་ཐ་སྙད་ཐོགས་ཚུལ་འཕོ་འགྱུར་བྱུང་སྟངས་སོགས་གང་ཡང་མི་ཤེས་ཀྱང་། མི་ཤེས་པ་འདིའི་ཐོག་སློབ་སྦྱོང་དང་དོགས་དྲི་གང་ཡང་མི་འདྲི་བའི་ངང་ནས་ནག་ཁུང་ལ་མདའ་འཕེན་པ་ལྟར་གོ་བ་ཡང་དག་ཅིག་ར་མི་སྤྲོད་པར་གོ་ལོག་ཆེན་པོ་རྩེད་བཞིན་འདུག་སྙམ། དཔེར་ཆ་མཚོན་ན། ཧན་མི་རིགས་ཀྱི་སྐད་དུ། ( 西藏)xingzangཤིས་གཙང་ཞེ་ན། བོད་པ་མ་རེད་ཟེར། ཁ་ཅིག་གིས། “Tibet is not Xingzang.”ཞེས་ཟེར། ཁ་ཅིག་གིས། ཤིས་གཙང་གི་གོ་དོན་དེ་བོད་མི་རིགས་ལ་མཐོང་ཆུང་དང་ཁྱད་གསོད་རེད་ཅེས་གང་བྱུང་མང་བྱུང་བཤད་བཞིན་པའི་སྣང་ཚུལ་དང་གནས་ཚུལ་ཡོད་སྟབས། གཡས་གཡོན་གྱི་མི་སྣ་ཁ་ཤས་ཤིག་གིས་རེ་འདུན་བྱས་པ་བཞིན་རང་ཉིད་ཀྱིས་བློ་གཟུ་བོར་གནས་པའི་ཐོག་སྒྲ་བཤད་དང་འགྲེལ་བཤད་ཚད་ལྡན་ཞིག་ཞུས་ན་ཅི་མི་རུང་ཨང་། ལེགས་ཕན་ཉེན་འགོག་གི་ཚུལ་དུ་དྲན་གཏམ་གསར་བསྐྱེད་དེ་བཀག་ཀྱང་མི་ཁོགས།

དང་པོ། “Tibet”ཞེས་པའི་བརྡ་ཚིག་ནག་བསུབ་གཏོང་ཐབས་བྱེད་པའི་གནས་སྟངས་དང་རྒྱབ་ལྗོངས།

གུང་ཁྲན་ཏང་དམར་ཤོག་སྲིད་གཞུང་གིས་སྨྱོ་ཧམ་ཆེན་པོའི་ངན་ཇུས་ཀྱིས། Tibetཞེས་པའི་མིང་ཚིག་མེད་པར་བཟོ་ཐབས་བྱེད་བཞིན་པ་ཀུན་ཀྱིས་མཁྱེན་གསལ་ལྟར་རྒྱུ་མཚན་གང་ཡིན་རྩད་གཅོད་དང་འཚོལ་སྙེག་བྱས་པ་དག་བརྗོད་ན། (Tibet)ཞེས་པའི་མཚན་ཐོག་ནས་རྒྱལ་སྤྱིའི་ཆབ་དཔལ་རིག་གསུམ་གྱི་སྡིངས་ཆའི་སྟེང་། བོད་ཀྱི་རིག་གཞུང་ཡར་ངོའི་ཟླ་བཞིན་དར་འཕེལ་གྱི་ལམ་དུ་བསྐྱོད་རྒྱུ་བཀག་འགོག་དང་། ལྷག་པར་དུ་རྒྱལ་སྤྱི་ལ་ས་ཁྱབ་རྡོ་ཁྱབ་ཕྱིན་པའི་གནའ་བོའི་བོད་ཀྱི་རིན་ཐང་འོད་ལྟར་མཚར་བའི་གནའ་རྫས་ཀྱི་མཚན་མཐོང་དང་བདག་དབང་ཡང་བཙན་འཕྲོག་བྱེད་པའི་རྣམ་པ་གསལ་པོར་ཆགས།  དེ་ཡང་འདས་ཟིན་པའི་མི་ལོ་ཁ་ཤས་སྔོན་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས། ཨ་རིའི་གཞུང་ལ་Tibet ཞེས་པའི་ཐ་སྙད་དེ་Xizang དུ་བརྗེ་འགྱུར་དགོས་པའི་གྲོས་གཞི་བཏོན་ཀྱང་། ཨ་རིའི་མང་གཙོའི་གཞུང་གིས་རྒྱ་གཞུང་གི་འདོད་མོས་ལ་ཁས་ལེན་བྱ་རྒྱུ་ཕར་བཞག་སྟེ། བོད་རྒྱའི་གཉིས་དཀའ་རྙོག་སེལ་བའི་ཆེད་དུ་བོད་རྒྱ་ཞི་མོལ་བྱེད་དགོས་པའི་རེ་འདུན་གནང་།  དེ་དེ་བཞིན་ཡོ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་ཏུའང་རྒྱ་གཞུང་གིས་Tibetཀྱི་གནད་དོན་ཐོག་འདྲེ་ལག་རྐྱོང་བཞིན་རྐྱོང་ཞིང་། ཐ་ན། རྒྱལ་སྤྱིའི་ཤེས་ལྡན་པས་དོ་སྣང་བྱེད་སའི་བོད་ཀྱི་རིག་གཞུང་ཡང་། རྒྱ་ནག་དམར་གཞུང་གི་ཡིན་ཁུལ་བྱེད། དཔེར་ན། ཉེ་ཆར་བོད་རིག་པའི་མཁས་པ་མང་པོས་སེམས་འཚབ་བྱེད་པའི་གནད་དོན་ཚབས་ཆེན་ཞིག་ནི། གཅིག་ནི། ཧྥ་རན་སིའི་(འགྲེམས་སྟོན་ཁང་ཀས་བོན་ལེ། Quai Branly )འགྲེམས་སྟོན་ཁང་ནང་ཡོད་པའི་བོད་གནའ་བོའི་ཆོས་ལུགས་བོན་ཀྱི་ནང་རྟེན་དང་། རྗེ་བཙུན་མི་ལ་རལ་པའི་སྐོར། ཞྭ་དམར་པའི་སྐོར་སོགས་ཀྱི་དཀར་ཆག་ཏུ་བོད་Tibet.ཞེས་དབྱིན་ཇིའི་མིང་ཚིག་ཆེན་པོ་ཞིག་བྲིས་ཡོད་པ་དེ་ནག་བསུབ་བཏང་སྟེ། ད་ལོ་”China” Région autonome du Xizang བོད་རང་སྐྱོང་ལྗོངས་ཞེས་བརྗེ་འགྱུར་བྱས་པ་ནི། ས་གནས་ཀྱི་བོད་རིགས་གཙོས་འབྲེལ་ཡོད་ཚང་མ་སེམས་སྡུག་བྱེད་ཡུལ་དུ་གྱུར།

སྟབས་ལེགས་པ་ཞིག་ལ། སྐུ་ཚབ་དོན་གཅོད་དང་ཡོ་རོབ་ཀྱི་སྤྱི་འཐུས་དང་ས་གནས་ཀྱི་བོད་རིགས་ཀྱི་ཚོགས་སྡེ་ཁག་གིས་བོད་མི་ས་ཡ་དྲུག་གི་མགྲིན་ཚབ་བྱས་ཏེ། འགྲེམས་སྟོན་ཁང་གི་བྱ་ལུགས་འདིའི་ཐོག་ངོས་ལེན་མེད་པའི་རྣམ་འགྱུར་དང་ཐབས་བརྒྱ་ཇུས་སྟོང་གི་ལས་འགུལ་སྣ་ཚོགས་འཕེལ་བཞིན་པའི་སྐབས། Musée du Quai Branly ནས་སྐུ་ཞབས་ Clément Tougeron དང་ཧྥ་རན་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་དྲུག་གི་བར་མཇལ་འཕྲད་དང་བསམ་ཚུལ་བརྗེ་ལེན་གྱི་གོ་སྐལ་བྱུང་། འགྲེམས་སྟོན་ཁང་གི་བྱ་ལུགས་འདིས། བོད་ནང་གི་ཆབ་སྲིད་ཀྱི་གནས་བབ་དང་འབྲེལ་བའི་ཐོག་སེམས་འཚབ་བྱུང་བའི་གནད་དོན་ཁག་ལ་དམིགས་ནས་བགྲོ་གླེང་གནང་ཡོད། འགྲེམས་སྟོན་ཁང་གིས་འཐུས་ཤོར་ཕྱིན་པ་ལ་སྙིང་ཐག་པ་ནས་དགོངས་དག་ཞུས་པ་དང་། ཉེ་ཆར་འགྲེམས་སྟོན་ནང་ལྟ་རྟོག་བྱས་ཏེ་མི་འོས་པ་དེ་དག་ངོས་ལེན་ཆ་ཚང་བྱེད་ཀྱིན་ཡོད། འགྲེམས་སྟོན་ཁང་གི་བྱེད་ལུགས་ཀྱིས། བོད་ནང་དངོས་སུ་བྱུང་བཞིན་པའི་གནད་དོན་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་པར་ངོས་འཛིན་བྱེད།  Musée du Quai Branly ཡི་ཚོགས་གཙོ་རྒྱལ་སྤྱིའི་ལས་དོན་གྱི་སློབ་སྟོན་པ་སྐུ་ཞབས་Tougeron ཡིས་ང་ཚོར་གནད་དོན་འདི་དག་གང་མགྱོགས་བསྒྱུར་བཅོས་གཏོང་རྒྱུའི་སྐད་ཆའི་ཐོག་ནས་ཁས་ལེན་གནང་། ཁོང་ཚོས་བདུན་ཕྲག་གསུམ་གྱི་ནང་དུ་འགྲེམས་སྟོན་ཁང་དུ་འགྱུར་བ་གང་ལེགས་ལག་བསྟར་བྱ་རྒྱུ་ཡིན་ཞེས་གསུངས། དེ་ནི་དྲང་བདེན་འཐབ་རྩོད་ཀྱི་གྲུབ་འབྲས་ཤིག་དང་འབྲེལ་ཡོད་ཀུན་ལ་རྣག་ཐོག་ཁབ་གཙགས་ལྟ་བུའི་གཏམ་བཟང་ཞིག་ཡིན་པར་དགའ་སྤྲོས་བརྟས།

གཉིས་ནི། (འགྲེམས་སྟོན་ཁང་རྒུས་མིད།Musée Guimet)ནང་ཡོད་པའི་བོད་པའི་གནའ་རྫས་སྡེ་ཚན་གྱི་སྤྱི་མིང་ལ་སྔར་Tibet ཞེས་པ་དེ། monde himalayen་ཧི་མ་ལ་ཡི་འཇིག་རྟེན་ཞེས་བརྗེ་འགྱུར་བྱས་པ་ནི། རྩམ་པ་དང་གྲོ་ཞིབ་མཉམ་དུ་འདྲེས་པ་ལྟར་བལ་ཡུལ་གྱི་གནའ་རྫས་ཁག་དང་བོད་ཀྱི་གནའ་རྫས་ཁག་དཀར་ཆག་གཅིག་གི་འོག་ཏུ་བཞག་འདུག  གནམ་ས་མགོ་རྟིང་སློག་པ་ལྟ་བུ་འགྲེམས་སྟོན་ཁང་གི་དངོས་རིགས་ལ་ཧོབ་ཏེ་འགྱུར་བ་བཏང་ཚེ། འགྲེམས་སྟོན་ཁང་གི་ཆེད་ལས་ཞིག་བརྟན་ནས་མིན། རྒྱུ་མཚན་གང་ལགས་ཤེ་ན། དེང་རབས་ཀྱི་རྒྱབ་ཁབ་གང་དུའང་འགྲེམས་སྟོན་ཁང་ཚད་ལྡན་ཞིག་ཡིན་ཚེ། མི་རིགས་ཀྱི་ལོ་རྒྱུས་རང་བཞིན་གྱི་རིན་ཐང་ལྡན་པའི་དངོས་པོ་གང་ཞིག་ཡིན་རུང་། དེ་དག་གི་མིང་དང་། ཁྱད་ཆོས། གཟུགས་དབྱིབས། ལོ་ཚིགས་སོགས་སྔར་གཏན་འབེབས་གནང་པ་དེ། དེང་སང་གི་མི་སྣ་སུས་ཀྱང་འགྱུར་བཅོས་བྱེད་མི་ཆོག  །གལ་ཏེ། འགྱུར་ལྡོག་ཕྱིན་སོང་ན། དེ་ནི་ཁང་པའི་ནང་དུ་བཅོས་སྒྲིག་བྱས་པའི་དངོས་པོ་ཤ་སྟག་རེད་མ་གཏོགས་ལོ་རྒྱུས་ཁུངས་ལྡན་གྱི་བཅོས་མིན་གྱི་གནའ་རྫས་མིན། ད་དུང་། དེ་བས་ག་ལ་ཚད། མིང་བྱང་ཏག་ཏག་མི་འབྲི་བའི་རྐྱེན་ཀྱིས། ད་ལྟའི་མི་རབས་གསར་པ་དང་མ་འོངས་པའི་མི་རབས་དེ་དག་གིས་ཀྱང་བསམ་བློའི་ནང་གོ་འཛོལ་ཆེན་པོ་དང་ར་སྤྲོད་ཡང་དག་སོགས་བརྡ་འཕྲོད་མི་ཐུབ་པའི་ཉེན་ཁ་ཡང་འཕྲད་པར་ཐེ་ཚོམ་མེད་ཨང་། མེ་སྟག་ཆུང་དུས་གསོད་དགོས།  །དཀའ་ངལ་ཉུང་དུས་སེལ་དགོས།  །རྣ་བ་རྣམ་གཡེང་ཤོར་ཚེ།  །གྱོང་རྒུད་ཆེན་པོ་བྱུང་ངེས།  །

གཉིས་པ།     ལོ་རྒྱུས་ནང་འཕོ་འགྱུར་བྱུང་པའི་བོད་ལ་ཐོཌ་པའི་རྒྱ་ཡིག་གི་མིང་།

དེ་ཡང་དུས་རབས་བདུན་པར་བོད་ཀྱི་རྒྱལ་པོ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་ནག་ཐང་རྒྱལ་རབས་བར་འབྲེལ་བ་བྱུང་། ཁོང་གིས་བོད་ཡོངས་རྫོགས་སྲིད་དབང་གཅིག་འོག་ཏུ་བསྡུས་ཙང་བོད་ཆེན་པོ་ 大蕃國 618年—842年 ཞེས་ཉན་པའི་མཚན་སྙན་གྲགས། བོད་ཀྱི་མིང་ལ་རྒྱ་སྐད་དུ། ཐུ་བྷོད།(吐蕃)ཞེས་ཟེར། ཐང་གསར་རྙིང་དང་། བཙན་པའི་རྡོ་རིང་གི་ངོགས། ཏུང་ཧོང་གི་ཡིག་རིགས་ལ་སོགས་སུ་ཁྲ་ལྷམ་མེར་མཇལ་བཞིན་ཡོད། གཞིས་བཞུགས་རྒན་དག་སྨྱོན་ལགས་ཀྱིས་དགོངས་པ་བཞིན་གཞིགས་ན། མཐོ་བོད། སྟོད་བོད། མཐོ་བྷོད། བོད་ཆེན་པོ་ལས་སྒྲ་ཕར་སྒྱུར་གནང་པར་བཞེད།  རྒྱ་ཡིག་འདིའི་ཚིག་གི་ནང་དོན་ལ་དཔྱད་ཞིབ་བྱས་ན། ནང་དོན་དེ་ཙམ་བཟང་པོ་མེད་པར་ཞིག་རེད་འདུག་བསམ། དཔེར་ན། སྤྱི་ཟུར་གདུགས་དཀར་ཚིང་གིས། ཐུ་བྷོད་རྒྱ་ཡི་ཚིག་མཛོད་ཆེན་མོ།(辞海)བསྔོགས་སྐབས། ཐུ་བྷོད(吐蕃)་ཅེས་པ་འདི་ང་ཚོ་བོད་མི་ཡོངས་ལ་མཐོང་ཆུང་ཁྱད་གསོད་ཚད་ལས་འདས་པ་བྱས་པའི་འབོད་ཚུལ་ཞིག་ཡིན་པ་ད་གཟོད་ཤེས་བྱུང་། ཐུ་吐ནི་ཕྱི་ལ་སྐྱུགས་པའི་དོན་དང་། བྷོད་蕃་ནི་ཤེས་རིག་དཔལ་ཡོན་དར་རྒྱས་མི་བྱུང་མི་རིགས་ཀླ་ཀློ་སྤྱོད་པ་རྩིང་བོ་ལ་གོ་ཡི་འདུག་ཞེས་སེམས་སྡུག་ཆེན་པོའི་ཐོག  ཐུ་བྷོད་吐蕃་ཆོལ་ཁ་གསུམ་པོར་གོ་ཐུབ་ཀྱང་དེའི་གོ་དོན་ཧ་ཅང་མི་ལེགས་ཙང་རྒྱུན་སྐྱོང་བེད་སྤྱོད་མ་བྱུང་པར་རེད་ཟེར།  འོ་ན། རང་ཉིད་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་ཐོན་ནི། 吐ཞེས་པའི་ཚིག་དོན་ནི། བོད་ཀྱི་ས་གཞི་ལ་གོ། 蕃 ཞེ་ན། ལོ་ཏོག་སྨིན་པའི་དོན། དེ་ཡང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སུ་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་བཟུང་། ས་གཞིར་སྔོ་ལྗང་གི་ལོ་ཏོག་བཏབ་ཏེ་ཐོན་ཁུངས་ལེན་ཤེས་པའི་བཟོ་རིག་གི་རྣམ་དཔྱོད་འཕེལ་བའི་སྣང་ཚུལ་ལ་མིང་དེ་ཐོགས་འདུག་སྙམ། རྒྱུ་མཚན་གང་ལགས་ཤེ་ན། གདོང་དམར་སྲིན་པོ་གདོད་མའི་བོད་མི་ཚོས་རྔོན་པ་དང་ཁྱི་ར་བརྒྱབས་ཏེ་མི་ཚེ་བསྐྱལ། རྔོན་པའི་འཚོ་བ་ལ་འཕོ་འགྱུར་བྱུང་རྗེས་གཡས་གཡོན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྲེལ་བ་བྱུང་འགོ་བཙུགས། དུས་རབས་དགུ་པའི་གཡས་གཡོན་ཙམ་ནས་བོད་ཀྱི་མིང་ལ(雪域高原)ཾཁ་བའི་མཐོ་སྒང་ཞེས་འབོད་སྲོལ་དར། ལྷག་པར་དུ་དུས་ད་ལྟ་ཡང་བོད་དུ་གཞས་ཚིག་དང་སྙན་ངག་ནང་ཚིག་དེ་ཡང་ཡང་བཀོལ་སྤྱོོད་བྱེད། གང་ལྟར་བརྡ་ཚིག་འདི་ཡིས་བོད་སྤྱི་ཡོངས་ལ་གོ་བ་མ་གཏོགས་ས་ཁུལ་བྱེ་བྲག་ཅིག་ལ་ནམ་ཡང་གོ་སྟངས་མེད།དེ་རྗེས་དུས་རབས་བཅུ་བདུན་ཙམ་གྱི་ནང་(བོད་)ལ་རྒྱ་སྐད་ཐོག་ནང་དོན་གང་གི་ཆ་ནས་ཤིས་གཙང་(西藏)་ཞེས་མིང་ཇི་ལྟར་བྱུང་རེད་དམ་ཞེས་དོགས་དྲི་དེ་ཡང་ཡང་དྲིས་དུས། རྒྱ་རིགས་མཁས་དབང་ཧྲེ་ཏའོ་ཡིས་གསུངས་པར་ལྟར་བྱས་ན། གཙང་པ་སྡེ་སྲིད་ཀྱིས་སྲིད་དབང་འཛིན་པའི་སྐབས་སུ། སྐབས་འདི་དུས་བྱུང་པའི་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙང་བཀྲ་ཤིས་ལྷུན་པོ་ནས་རྒྱ་ནག་ལ་གཞུང་འབྲེལ་གྱི་ཕྱག་ཡིག་ཅིག་བསྐུར་པའི་ནང་། ཤིས་གཙང་ཞེས་ཐོག་མར་བྲིས་ཡོད་པའི་དབང་གིས། རིམ་བཞིན་རྒྱ་ནག་ནས་ཀྱང་西藏ཞེས་ལབ་འགོ་བཙུགས་རེད་ཟེར། དཔྱད་བརྗོད་ལ་མཐའ་མེད་དུས་བཤད་སྲོལ་གང་ཡང་ཡོད་ཀྱང་། བཤད་ལུགས་འདི་ལ་གནད་དོན་ཏོག་ཙམ་ཡིད་ཆེས་པ་ཞིག་འདུག་སྙམ། 西ཞེས་ན་ནུབ་ཕྱོགས་ལ་གོ། 藏ཞེས་ན་དབུས་གཙང་གི་གཙང་དེ་སྒྲ་ཕར་བསྒྱུར་བྱས་རེད་ཟེར། ཁ་ཅིག་གིས། ཞིང་འབྲོག་གཉིས་ཀྱི་འཚོ་བ་ལ་བརྟེན་པའི་མི་རིགས་ལ་གོ་ཟེར། (三大藏区)ཞེས་ན་ཆོལ་ཁ་གསུམ་ལ་གོ། Tibetan autonomy region(西藏自治区)བོད་རང་ལྗོངས་ཞེས་བོད་ལ་བཙན་འཛུལ་བྱས་རྗེས། དུམ་བུར་བགོས་ཏེ་དབང་འགྱུར་བྱེད། འགྲེམས་སྟོན་ཁང་གི་ནས་གསེས་བོད་ཀྱི་གནའ་རྫས་དེ་དག་གི་སྤྱི་མིང་ལ་(Région Autonome du Xizang )ཞེས་བྲིས་པ་དེ། དབུས་གཙང་ཁོ་ན་ལ་གོ་མ་ཏོག་བོད་སྤྱི་ཡོངས་ཀྱི་ཚབ་མཚོན་མི་ཐུབ། འོན་ཀྱང་། ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་བོད་ལ་རྒྱ་ཡིག་ཏུ་西藏་ཞེས་པའི་ཡིག་འབྲུ་གཉིས་དེ་ལོངས་སྤྱོད་བྱེད་མཁན་ཤུགས་ཆེའོ།  །

གསུམ་པ།   ཕྱི་རྒྱལ་གྱི་འགྲེམས་སྟོན་ཁང་དུ་བོད་པའི་གནའ་རྫས་ཇི་ལྟར་རག་པར་ཡིན་ནམ།

ས་སྒང་ཡོད་ཚད་སྨན་རྩྭས་བཞད།  ས་གཏིང་ཡོད་ཚད་གཏེར་གྱིས་ཁེངས། ཕ་ས་ཕ་ཡུལ་དགྲ་ལག་ཏུ་ཤོར་བ་ཕངས་སེམས་ཤིན་ཏུ་སྐྱེས། ཕ་མེས་མ་མེས་ཚོས་སྐུ་ལས་ཚད་མེད་བསྐྱོན་ཏེ་གདོང་དམར་ཚང་གི་མི་རིགས་དེ་ཧ་ཅང་གི་སྙིང་སྟོབས་ཅན་ཞིག་རེད་འདུག  །མིའི་རིགས་ཀྱི་རིག་གནས་དང་ཚན་རིག་གི་སྙིང་བཅུད་ཕུན་སུམ་ཚོགས་པ་མངོན། གསེར་དངུལ་ཟངས་གསུམ། གཟི་གཡུ་བྱུ་རུ་དང་། གནའ་བོའི་རྩ་ཆེན་དངོས་པོ་སོགས་རིན་ཐང་ཅན་གྱི་གནའ་རྫས་དུ་མ་ཡོད་པས། ད་ལྟ་ཕྱི་རྒྱལ་འགྲེམས་སྟོན་ཁང་དུ་བོད་ཀྱི་གནའ་རྫས་མཇལ་རྒྱུ་ཡོད་དེ་དག་ནི། ཕྱི་རྒྱལ་བས་ཇག་བཅོམ་དང་རྐུ་མ་རྐུས་པ་མ་རེད། ད་ལྟ་ཕྱི་རྒྱལ་བའི་དཔེ་མཛོད་ཁང་དུ་བོན་པའི་རིག་གནས་དང་ཏུང་ཧོང་གི་ཡིག་ཚགས་ལ་སོགས་མཇལ་རྒྱུ་ཡོད་ནི། ཧྥ་རན་སིའི་མིས་ཧམ་འཕྲོག་བྱས་པ་མ་རེད། ནོར་འཁྲུལ་གཙོ་བོ་ནི།  རང་ཉིད་ཁོ་ན་མ་ཏོག་བསམ་རྒྱུ་མེད་པའི་ཚོང་པ་ཁྲོམ་པའི་སྦལ་པ་འགའ་ཞིག་གིས་གསེར་ཀྲང་ལ་བརྗེ་ལེན་བྱས་པ་ཁ་གསལ་གོ་བདེ་རེད། དངུལ་ནི་རྫོགས་ཡས་རེད། གནའ་རྫས་ནི་མི་རབས་ནས་མི་རབས་རྒྱུན་འཛིན་བདག་ཉར་བྱ་རྒྱུ་དེ་རེད། གལ་སྲིད། ཁྱེད་ཀྱིས་བོད་ཀྱི་གནའ་རྫས་ཤིག་སྒོར་མོ་ཆེད་དུ་ཕྱི་རྒྱལ་བའི་ལག་ཏུ་བཙོངས་སོང་ན། ཁྱེད་ཀྱང་མི་རིགས་ཤིག་གི་ནག་ཉེས་པ་ཞིག་ཏུ་ངོས་འཛིན་ནོ། ། མདོར་ན། མགོ་བོ་རུལ་བ་རྣ་ཡིས་མི་ཚོར་ཞེས་པའི་དཔེ་ལྟར་མི་རིགས་ལ་བསམ་གཞིག་བྱེད་རན།། །།

ཡུལ་མིང་ནག་བསུབ་གཏོང་བ་ནི་བཟོད་ཐབས་བྲལ་བའི་ན་ཟུག་མཆིས།  །

སྤུན་ཟླ་ནང་འཁྲུག་རྒྱག་པ་ནི་རང་མེད་མི་མེད་བཟོ་པའི་ལྟས།  །

ཤུལ་བཞག་དངུལ་ལ་བརྗེ་བ་ནི་ལུས་པོའི་དབང་པོ་བཙོངས་པར་འདྲ།  །

ཕ་སྐད་རང་གིས་བརྗེད་པ་ནི་རང་སྲོག་རང་གིས་གཅོད་པར་མཚུངས། །

འབྲེལ་ཡོད་གསར་འགྱུར།

Mobile App

མདོ་སྨད་གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་།

༢༠༢༥/༠༨/༢༢
སྲིད་སྐྱོང་མཆོག་གིས་སུ་ཇཱ་བོད་ཁྱིམ་གྱི་དགེ་སློབ་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༨།༢༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ནང་བྱིས་པ་རྣམས་རྒྱ་སྐད་བཤད་མཁན་ཆགས་པ་དང་བཙན་བྱོལ་ནང་བོད་སྐད་ལ་དོ་སྣང་མ་བྱས་ན་འགྲིག་གི་མ་རེད།

༢༠༢༥/༠༨/༢༢
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་ལགས་ཀློད་གྲོལ་བཏང་འདུག

༢༠༢༥/༠༨/༢༢
སྦེན་ཀོག་གི་འགྲེམས་སྟོན་དེ་ནི་ཨི་རན་དང་། རྒྱ་ནག ཨུ་རུ་སུ་བཅས་ནས་བཙན་བྱོལ་དུ་གྱར་བའི་སྒྱུ་རྩལ་བས་སྤེལ་བའི་དབང་འཛིན་རིང་ལུགས་ཀྱི་སྲིད་གཞུང་དང་སྲིད་གཞུང་དེ་དག་གིས་སྤེལ་བའི་གཉའ་གནོན་གྱི་སྐོར་རེད།
Mobile App

བོད་དང་། ཡུ་གུར། ཧོང་ཀོང་བཅས་ཀྱི་སྒྱུ་རྩལ་བའི་འགྲེམས་སྟོན་དང་། རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་གཉའ་གནོན།

༢༠༢༥/༠༨/༢༢
Front Slider

བཙན་བྱོལ་བོད་མིའི་རུབ་སྡོད་གཞིས་ཁང་གསར་རྒྱག

༢༠༢༥/༠༨/༢༡
Photo: Institute for Security & Development Policy
Mobile App

རྒྱ་ནག་གིས་བོད་ནང་དམག་དོན་རྒྱ་སྐྱེད་བཏང་བ་དེས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཀྱིན་ཡོད།

༢༠༢༥/༠༨/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese