མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་འཐབ་རྩོད་གསོན་གནས་ཐད་སྐུ་ལས་སྐྱོན་མཁན་གྱི་མི་རབས་རྒན་པ་ཚོའི་བཀའ་དྲིན་དྲན་རྒྱུ་གལ་ཆེན་ཡིན།

བོད་ཀྱི་དུས་བབ།
༢༠༢༤/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས་ཡིན་འདུག

སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཕྱི་ཟླ་ ༩ ཚེས་ ༢༤ ནས་ཕྱི་ཟླ་ ༡༠ ཚེས་ ༥ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་ཨུཏྟརཱ་ཁནྜ་ཁུལ་བོད་མིའི་ས་ཁུལ་ཁག་དང་། ཧི་མ་ཅལ་མངའ་སྡེའི་སིར་མོར་རྫོང་ཁོངས་བོད་མིའི་གཞིས་ཆགས་ཁག་ལ་གཞུང་འབྲེལ་འཚམས་གཟིགས་དང་།  ༸སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུའི་གྱ་སྟོན་བརྟན་བཞུགས་མཛད་སྒོར་ཕེབས་བཞུགས་གནང་རྒྱུ་ཡིན་པ་ལྟར། ཕྱི་ཟླ་ ༩ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཞུང་འབྲེལ་འཚམས་གཟིགས་ཉིན་བདུན་པར་འབྲི་གུང་བྱང་ཆུབ་གླིང་དགོན་པར་མཆོད་མཇལ་དང་། བྱེས་ཀྱི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་དུ་གནས་གཟིགས་སུ་ཕེབས་སྐབས་ཨ་ལགས་རིགས་སྒྲ་རིན་པོ་ཆེ་མཆོག་དང་མཇལ་འཕྲད། མངོན་དགའ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭར་གཟིགས་ཞིབ། དེ་བཞིན་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་དཔལ་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། དཔལ་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་གཉིས་ལ་མཇལ་ཁ་ཞུས་ཡོད་འདུག

ཁ་སང་ཕྱི་ཚེས་ ༣༠ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཚེ་རིང་དོན་ལྡན་བོད་མིའི་གཞིས་ཆགས་སུ་ཕེབས་ནས་ཁུལ་དེར་གཟིགས་ཞིབ་གནང་རྗེས། ཁུལ་དེའི་བོད་མི་རྣམས་ལ་མི་མང་གིས་ཡིད་ཆེས་ཀྱི་ཐོག་ནས་སྲིད་སྐྱོང་དུ་འོས་འདེམས་བྱུང་རྗེས། འོས་བསྡུ་དྲིལ་བསྒྲགས་སྐབས་སུ་ཁས་ལེན་བྱས་པ་བཞིན་བཀའ་ཤག་སྐབས་བཅུ་དྲུག་པས་བོད་ཀྱི་མ་འོངས་པའི་འགན་སྲུང་ཞེས་པའི་ཕུགས་དམིགས་ཀྱི་ཡིག་ཆ་ཞིག་འདོན་སྤེལ་བྱས་ཏེ། བོད་དོན་ཆབ་སྲིད་དང་། སྤྱི་ཚོགས་ཀྱི་བདེ་དོན་ལ་ཕན་པའི་ལས་དོན་མི་ཉུང་བ་ཞིག་རྩོམ་མུས་ཡིན་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཚགས་ཚུད་ཡོང་སླད་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ཁག་ལ་ལེགས་བཅོས་བྱེད་མུས་ཡིན་སྐོར་དང་། དེ་རྗེས་རྡེ་ར་ལྡུན་དོན་གྲུབ་གླིང་གཞིས་ཆགས་སུ་ཕེབས་ནས་ཁུལ་དེའི་བོད་མི་རྣམས་ལ་གསུང་བཤད་གནང་བའི་ནང་། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱི་ཐོག་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་ཞིག་བཞག་བཅུག་སྟེ། བོད་ཀྱི་བདག་དབང་བཙན་འཕྲོག་བྱས་ཡོད་ཅིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལོ་ཤས་རིང་ཆིངས་ཡིག་གི་དགོངས་དོན་བཞིན་ཞི་འགྲིག་ཡོང་ཐབས་མཛད་ཀྱང་། རྒྱ་གཞུང་གིས་ཆིངས་ཡིག་གི་དོན་ཚན་ཁག་ལ་རྡོག་རོལ་བཏང་རྐྱེན་མཐར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་བའི་ལོ་རྒྱུས་འཕེལ་རིམ་ངོ་སྤྲོད་སོགས་གནང་བ་དང་སྦྲགས། འདི་ལོར་ཨ་རིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་ཡོད་པའི་ཁར། རྒྱལ་སྤྱིའི་སྟེང་བོད་དོན་ཞུ་གཏུག་དང་གོ་རྟོགས་སྤེལ་ཐབས་སོགས་བྱེད་ཀྱི་ཡོད་སྐོར་སོགས་གསུངས་འདུག

ཟླ་སྔ་མའི་ཕྱི་ཚེས་ ༢༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རཱཇ་པུར་བོད་ཀྱི་བུད་མེད་མཉམ་ལས་བཟོ་གྲྭ་སོགས་ལ་གཟིགས་ཞིབ་གནང་རྗེས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནི་འཛམ་གླིང་གི་སྐྱབས་བཅོལ་བའི་སྤྱི་ཚོགས་མི་འདྲ་བ་ཡིན་སྟབས། བོད་མི་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་དྲན་དགོས་པ་མ་ཟད། བོད་ཀྱི་མི་རབས་གཞོན་པ་ཚོས་ཀྱང་བོད་ཀྱི་འཐབ་རྩོད་གསོན་གནས་ཀྱི་ཐད་ལ་སྐུ་ལས་ཚད་མེད་སྐྱོན་མཁན་གྱི་བོད་ཀྱི་མི་རབས་རྒན་པ་ཚོའི་བཀའ་དྲིན་དྲན་རྒྱུ་དེ་གལ་འགངས་ཧ་ཅང་ཆེན་པོ་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་གོང་ནས་བོད་ནང་དུ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་བྱ་སའི་སློབ་གྲྭ་མང་དག་ཅིག་སྒོ་བརྒྱབ་ནས། བོད་མིའི་ངོ་བོ་དང་བོད་ཀྱི་རིག་གཞུང་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་ཤིག་འདིང་མུས་ཡིན་པས། བཙན་བྱོལ་བོད་མི་ཚོས་བོད་ཀྱི་སྐད་ཡིག་དང་ཆོས་རིག་གི་གལ་གནད་དང་། རིན་ཐང་། རྒྱུན་འཛིན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་སྟབས། བཀའ་ཤག་སྐབས་བཅུ་དྲུག་པས་ཀྱང་བོད་ཀྱི་ཆོས་རིག་དང་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་སླད། གཞིས་ཆགས་སྲ་བརྟན་དང་འབྲེལ་བའི་ལས་གཞི་མང་དག་ཅིག་སྤེལ་མུས་ཡིན་སྐོར་སོགས་གསུངས་འདུག

དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཞུང་འབྲེལ་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་དཔལ་ས་སྐྱ་ཆོས་སྒར་ནས་མགྲོན་འབོད་ལྟར་༸ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་༸སྐུའི་གྱ་སྟོན་བརྟན་བཞུགས་མཛད་སྒོར་ཕེབས་རྒྱུ་དང་། ཕྱི་ཚེས་ ༦ ནས་ ༡༥ བར་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་དང་ཛུ་རིག་གློག་བརྙན་དུས་སྟོན་དང་ (Zurich Film Festival) དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རཱག་ཏུ་བསྡུ་བའི་གླེང་སྟེགས་༢༠༢༠ (Forum 2020) བཅས་སུ་མཉམ་ཞུགས་གནང་རྒྱུ། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༢༢ བར་རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་དུ་ཕེབས་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༢༢ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༤ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese