མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༤/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་གི་སྲིད་བློན་ཤི་གྷེ་རུ་ཨི་ཤི་བྷ་མཆོག་ལ་འཚམས་འདྲི་གནང་བ་དང་སྦྲགས་ཁོང་གི་སྣེ་ཁྲིད་འོག་བོད་མི་རྣམས་ལ་རྒྱབ་སྐྱོར་མུ་མཐུད་གནང་བའི་འབོད་སྐུལ་གནང་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཉི་ཧོང་གི་སྲིད་བློན་ཤི་གྷེ་རུ་ཨི་ཤི་བྷ་མཆོག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་བཟོ་བྱས།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཉི་ཧོང་གི་སྲིད་བློན་ཤི་གྷེ་རུ་ཨི་ཤི་བྷ་མཆོག་གིས་ལས་ཁུར་མགོ་བཙུགས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་གི་སྲིད་བློན་གསར་པ་ཤི་གྷེ་རུ་ཨི་ཤི་བྷ་མཆོག་དང་། ཁོང་གི་གུ་ཡངས་དམངས་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་གནང་འདུག

སྲིད་སྐྱོང་མཆོག་གིས་འཚམས་འཕྲིན་གནང་བའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་ཡུན་རིང་མ་སོང་བར་ཕྱི་ལོ་ ༡༩༦༧ ལོར་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་ནས་བཟུང་། ཉི་ཧོང་གཞུང་མང་གཉིས་ནས་༧མགོན་པོ་གང་ཉིད་མཆོག་དང་བོད་མི་རྣམས་ལ་སྣེ་ལེན་དང་མཐུན་འགྱུར་གང་ཡོང་གནང་ཡོད། འདས་པའི་ལོ་ངོ་འདི་དག་གི་རིང་ལ་ཉི་ཧོང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་གཙིགས་ཆེར་འཛིན་པ་མ་ཟད། དུས་ཆེན་འདྲ་མིན་དང་བསྟུན་ནས་༧མགོན་པོ་གང་ཉིད་ཡུལ་དེར་གདན་ཞུས་གནང་ཡོད་པ་རེད། ཅེས་གསུངས།

ཡང་འཚམས་འཕྲིན་ནང་། ཉི་ཧོང་གིས་རང་དབང་དང་དམངས་གཙོ། ཁྲིམས་སྒྲིག་ཁག་གཡོ་བ་མེད་པའི་ཐོག་ནས་བརྩི་སྲུང་དང་། བོད་གཙོ་བོར་གྱུར་བའི་ཤར་ཊུར་ཀི་སི་ཐན་དང་ལྷོ་སོག་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་རྒྱ་ནག་གཞུང་ལ་གདོང་ལེན་གནང་ཡོད་པ་མ་ཟད། ཉི་ཧོང་གིས་སྲིད་དབང་སྒེར་སྤྱོད་རིང་ལུགས་ལ་ངོ་རྒོལ་དང་ཐེར་འདོན་གནང་བ་དེས་རྒྱལ་སྤྱིའི་སྟེང་མིག་ལྟོས་བཟང་པོ་ཞིག་བསྟན་ཡོད། ཅེས་དང་། ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཚོགས་མི་བརྒྱ་ལྷག་ཡོད་པ་དེ་ནི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་གྲས་ཤིག་ཡིན་པས། དེས་གཞིས་བྱེས་བོད་མིའི་འཐབ་རྩོད་ལ་རེ་བ་སྦྱིན་གྱི་ཡོད་པ་རེད། སྲིད་བློན་གསར་པའི་སྣེ་ཁྲིད་འོག་མུ་མཐུད་དུ་བོད་དང་བོད་མིར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་དང་། ཁོང་ཉིད་ཀྱི་ལས་ཡུན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡོད། ཅེས་གསུངས་འདུག

ཤི་གྷེ་རུ་ཨི་ཤི་བྷ་ལགས་ནི་ཕྱི་ལོ་ ༡༩༥༧ ཟླ་ ༢ ཚེས་ ༤ ཉིན་ཉི་ཧོང་གི་ཆི་ཡོ་ཌ་ (Chiyoda) གྲོང་ཁྱེར་དུ་སྐྱེས། ཉི་ཧོང་གི་གྲོང་ཁྱེར་མཱི་ན་ཏོ་ (Minato) རུ་རྟེན་གཞི་བྱས་པའི་ཀིའོ་མཐོ་རིམ་སློབ་གཉེར་ཁང་ (Kieo University) ནས་སློབ་མཐར་ཕྱིན་རྗེས་དངུལ་ཁང་གི་ལས་ཀ་བྱས། ཕྱི་ལོ་ ༡༩༨༦ ལོར་ཁོང་ཉི་ཧོང་གི་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་། ཕྱི་ལོ་ ༢༠༠༧ ནས་ ༢༠༠༨ བར་རྒྱལ་སྲུང་བློན་ཆེན་དང་། ༢༠༡༢ ནས་ ༢༠༡༤ བར་ཉི་ཧོང་གི་གུ་ཡངས་དམངས་གཙོའི་ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་ལས་དོན་གཉེར། འདི་ལོར་ཨི་ཤི་བྷ་མཆོག་ཉི་ཧོང་གི་གུ་ཡངས་དམངས་གཙོ་ཚོགས་པའི་སྲིད་འཛིན་དང་ཉི་ཧོང་གི་སྲིད་བློན་ཐེངས་ ༦༥ པའང་ཡིན་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༡༠ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༡༡ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese