མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ཐེངས་ལྔ་པ་མཇུག་བསྒྲིལ།

བོད་ཀྱི་དུས་བབ།
༢༠༢༤/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གྲངས་བདུན་རིང་ཁེ་ན་ཌའི་ནང་བོད་དོན་རྒྱང་རྒྱུག་ལས་འགུལ་བ་དྲུག་གིས་འབོད་ཚིག་དོན་ཚན་གསུམ་གྱི་ཐོག་སྤྱི་ལེ་ ༤༥༠ རིང་བོད་དོན་ལས་འགུལ་སྤེལ་སོང་།

ཕྱི་ལོ་ ༢༠༢༤ ལོའི་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ཐེངས་ལྔ་པ། པར་འབྲེལ་ཡོད་ཀྱི་ངོ་དེབ་ནས་བླངས།

ཕྱི་ཟླ་ ༩ ཚེས་ ༣༠ ནས་ཟླ་འདིའི་ཕྱི་ཚེས་ ༦ བར་ཉིན་གྲངས་བདུན་རིང་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ནས་ཨོ་ཊ་ཝ་བར་དུ་ཕྱི་ལོ་ ༢༠༢༤ ལོའི་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ཐེངས་ལྔ་པ་དེ་ལེགས་པར་གྲུབ་སྟེ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མཇུག་བསྡུས་ཡོད་ཅིང་། མཇུག་སྡོམ་མཛད་སྒོའི་ཐོག་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་འབྲེལ་མཐུད་པ་རྣམ་རྒྱལ་དབང་མོ་ལགས་དང་། ས་གནས་ཚོགས་སྡེ་ཁག་གི་སྐུ་ཚབ། ས་གནས་བོད་རིགས་མི་མང་། རྒྱ་རིགས་ལས་འགུལ་བ་བཅས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་ས་གནས་གངས་ལྗོངས་ཆོས་ལྡན་གླིང་བོད་རིགས་སྤྱི་མཐུན་ཚོགས་པའི་འབྲེལ་མཐུད་པ་རྣམ་རྒྱལ་དབང་མོ་ལགས་ཀྱིས། བོད་ཕྱི་ནང་གཉིས་ཀྱི་ཚབ་བྱས་ཏེ་ཊོ་རོན་ཊོ་པད་མ་བཀོད་ཀྱི་བོད་དོན་ལས་འགུལ་བ་དྲུག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་དང་། འདི་ནི་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ཐེངས་ལྔ་པ་དེ་ཆགས་ཡོད། ཞེས་དང་། མི་ཞིག་ཉིན་གཅིག་གི་ཉལ་འདུག་འགྲོ་གསུམ་ཐད་ཧ་ཅང་སྟབས་བདེ་བོ་ཡིན་ཡང་། ཞི་བའི་གོམ་བགྲོད་དང་། རྐང་འཁོར་སྐོར་སྐྱོད། ཞི་བའི་རྒྱང་རྒྱུག་བཅས་ཀྱི་བོད་དོན་དྲིལ་བསྒྲགས་ནི་ལས་འགུལ་གྱི་དཀའ་ཚེགས་ཙམ་མིན་པར་འཛམ་གླིང་ནང་དུ་བོད་དོན་གོ་རྟོགས་ཁྱབ་ཐུབ་པའི་བསམ་བློ་བཏང་སྟེ་འབད་བརྩོན་བྱས་ཡོད་པ་མ་ཟད། ཐེངས་འདིར་ལས་འགུལ་བ་རྣམས་ཀྱིས་དཀའ་ངལ་ཁྲོད་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་གྲོང་སྡེ་སྤྱི་ཁྱབ་བཅས་ཀྱི་རྒྱབ་སྐྱོར་གནང་འདུག ཅེས་བརྗོད་སོང་།

བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ལས་འགུལ་བ་པདྨ་ཀུན་དགའ་ལགས་ཀྱིས། དེ་རིང་འདིར་བོད་རྒྱལ་ཁབ་ལ་སེམས་ཤུགས་ཡོད་མཁན་དང་བོད་ནང་གི་ཕ་མ་རྣམས་ལ་སྙིང་རྗེ་ཡོད་མཁན་རྣམས་འཛོམས་འདུག བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ཐེངས་ལྔ་པ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མཚམས་འཇོག་གི་ཡོད་ལ། ང་ཚོའི་ལས་འགུལ་འདི་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་ལོ་ལྟར་མུ་མཐུད་ལས་འགུལ་སྤེལ་བའི་དམིགས་ཡུལ་ཡོད། ཐེངས་འདིའི་ལས་འགུལ་ཁྲོད་ང་ཚོའི་འབོད་ཚིག་ནང་གཙོ་བོ་གཅིག་ནི་རྒྱ་གཞུང་གིས་བཙུགས་པའི་གཏན་འཇགས་སློབ་གྲྭའི་སྐོར་ཡིན། རྒྱ་གཞུང་གི་དམིགས་ཡུལ་ནི་བོད་ནང་གི་བྱིས་པ་རྣམས་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་གང་ཡང་མ་རེད། དེ་ནི་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་བཅས་རྩ་གཏོར་གཏོང་བའི་ཆེད་དུ་བཙུགས་པ་ཞིག་རེད། རྒྱ་གཞུང་གིས་བོད་ནང་ཆུུ་རགས་བརྒྱབ་དང་རྒྱག་མུས་རེད། ཆུ་རགས་འཛུགས་སྐྲུན་བྱེད་པར་བོད་ནང་གི་དགོན་པ་དང་སློབ་གྲྭ་གཏོར་བཤིག་གཏོང་བཞིན་ཡོད། བོད་ནང་དུ་བོད་མི་རྣམས་ལ་རྒྱ་གཞུང་འོག་ཏུ་ཐོབ་ཐང་རྩོད་པའི་རང་དབང་གང་ཡང་མེད། བཙན་བྱོལ་དུ་བོད་མི་རྣམས་ཀྱིས་དེའི་ཆེད་དུ་ཅི་ཞིག་བྱེད་ཐུབ་པ་ངེས་པར་དུ་བྱ་དགོས། འདི་རུ་ང་ཚོར་རང་དབང་ཡོད་པས་བོད་དོན་ཐོག་ལས་འགུལ་སྤེལ་ཐུབ་པ་ཞིག་རེད། མི་གཅིག་གི་མི་ཚེ་ཡང་གལ་ཆེན་པོ་ཡིན་ཡང་། བོད་པ་ཞིག་ཡིན་ཚེ་བོད་ནང་དུ་ཁང་པ་རྒྱག་པའི་བསམ་བློའི་སྤོབས་པ་ཡོད་དགོས། ས་ཆ་འདི་ནི་ང་ཚོའི་ལུང་པ་མ་རེད། ཅེས་བརྗོད་སོང་།

སྐོར་སྐྱོད་དང་འབྲེལ་ནས་ལས་འགུལ་བ་པདྨ་ལགས་ཀྱིས་མུ་མཐུད་དུ། ཐེངས་འདིའི་སྐོར་སྐྱོད་ཁྲོད་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་བཞི་དང་གྲོང་སྡེ་སྤྱི་ཁྱབ་བཅས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་པ་མ་ཟད། གྲོས་ཚོགས་ཐོག་བོད་དོན་གླེང་སློང་བྱ་དགོས་བའི་འབོད་སྐུལ་ཞུ་ཐུབ་པར་དགའ་ཚོར་བྱུང་། ད་ལྟ་ང་ཚོའི་ཕ་ཡུལ་བོད་དེ་རྒྱ་གཞུང་གི་འོག་ཏུ་ཡོད། བདེན་མཐའ་མ་གསལ་བར་ང་ཚོ་ཚང་མར་འགན་འཁུར་དགོས། བོད་དོན་ནི་བོད་མི་རེ་ཟུང་གི་འགན་འཁུར་གང་ཡང་མ་རེད། དེ་ཚང་མས་ག་དུས་ཡིན་ཡང་བསམ་བློ་ཡག་པོ་གཏོང་དགོས་ཀྱི་འདུག ཅེས་བརྗོད་སོང་།

ཐེངས་འདིའི་ཞི་བའི་རྒྱང་རྒྱུག་ཁྲོད་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ནས་ཨོ་ཊོ་ཝ་བར་སྤྱི་ལེ་ ༤༥༠ ནང་དུ་པདྨ་ཀུན་དགའ་ལགས་དང་། སྐལ་ལྡན་དབང་ཕྱུག་ལགས། ཟླ་བ་ནོར་བུ་ལགས། ལྷུན་འགྲུབ་རྡོ་རྗེ་ལགས། འགྱུར་མེད་ཚུལ་ཁྲིམས་ལགས་བཅས་བོད་མི་དྲུག་མཉམ་ཞུགས་གནང་ཡོད་འདུག་ལ། ༢༠༢༤ ལོའི་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ཐེངས་ལྔ་པའི་འབོད་ཚིག་ནང་། དང་པོ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་དུ་གདན་འདྲེན་ཞུ་བར་འཛམ་གླིང་ཚོགས་སྡེ་ཁག་གི་རྒྱབ་སྐྱོར་བྱེད་དགོས། གཉིས་པ། བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་ཡོད་པར་སྲུང་སྐྱོབ་བྱེད་དགོས། གསུམ་པ། བོད་ནང་གི་བྱིས་པ་རྣམས་རྒྱ་གཞུང་གི་གཏན་འཇགས་སློབ་གྲྭར་བསྐྱལ་ཏེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་རྩ་གཏོར་གཏོང་བཞིན་པར་མྱུར་དུ་མཚམས་འཇོག་དགོས། ཞེས་ཡིན་འདུག ཕྱི་ལོ་ ༢༠༢༠ ལོ་སྟེ་ཏོག་དབྱིབས་གཉན་རིམས་སྐབས་བོད་དོན་ལས་འགུལ་བ་པདྨ་ཀུན་དགའ་ལགས་ཀྱིས་རང་ཉིད་གཅིག་པོས་ཉིན་བརྒྱད་རིང་ཨོ་ཊ་ཝ་ནས་ཊོ་རོན་ཊོ་བར་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་གནང་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༡༠ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༡༡ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese