མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་འོས་བསྡུའི་འགན་འཛིན་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་མིས་ལས་འཁུར་དམ་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མདུན་དུ་དབུས་འོས་བསྡུ་ལས་ཁང་གི་བདམས་ཐོན་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་ཚུལ་ཁྲིམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས་སོང་།

དབུས་འོས་བསྡུའི་འགན་འཛིན་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་མིས་དམ་འབུལ་ཞུས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།

བོད་མི་མང་སྤྱི་འཐུས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བརྒྱད་པའི་ཚོགས་ཐུན་དང་པོའི་ཐོག དབུས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་འོས་མིར་གྲོས་ཚོགས་ནང་འོས་བསྡུ་བྱས་པའི་ཁྲོད། སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས་སུ་འོས་གྲངས་ ༢༩ ཐོབ་སྟེ། དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་དུ་བདམས་ཐོན་བྱུང་ཡོད་པ་དང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་སུ་འོས་གྲངས་ ༢༤ ཐོབ་སྟེ་མང་མོས་ཐོག་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བདམས་ཐོན་བྱུང་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་ལྷན་འཛོམས་ཐོག  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གོ་བདུན་པའི་ནང་གསེས་ ༢ པའི་ག “ དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་འཕར་གཉིས་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་དམ་བཅའམ། ཁས་ལེན་བྱེད་དགོས།” ཞེས་པའི་དགོངས་དོན་ལྟར་དང་།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་གཅིག ནང་གསེས་ ༣ པ། “ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་དམ་བཅའམ། ཁས་ལེན་བྱེད་དགོས།” ཞེས་པའི་དགོངས་དོན་ལྟར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མདུན་ནས་ལས་འཁུར་དམ་འབུལ་དང་། དམ་འབུལ་མ་དེབ་ཐོག་མཚན་རྟགས་བཀོད་འདུག

བློ་བཟང་ཡེ་ཤེས་ནི་ཕྱི་ལོ་ ༡༩༨༨ ལོར་ཧར་པ་སྤུར་གཏན་སློབ་ནས་གཞི་རིམ་སློབ་གྲྭ་ཐོན་ཏེ་སློབ་མ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ། ཕྱི་ལོ་ ༡༩༩༢ ལོར་ཅན་རྡི་རྒར་མཐོ་སློབ་ནས་སྲིད་དོན་ཚན་རིག་ཐོག BA དང་དགེ་རྒན་འོས་སྦྱོང་B.Ed ཐོན། སློབ་གཉེར་རིང་ཅན་རྡི་སྒར་ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་དང་ས་གནས་གཞོན་ལྷན་གྱི་ཚོགས་གཙོ། དེ་བཞིན་ཕྱི་རྒྱལ་སློབ་ཚོགས་ཀྱི་ཚོགས་གཞོན་བྱས། དེའི་རྗེས་སྤོན་ཊ་སློབ་གྲྭའི་སློབ་དགེ་གནང༌། ཕྱི་ལོ་ ༡༩༩༤ ལོར་ལྡི་ལིར་བོད་གནས་ཉམས་ཞིབ་ཁང་དུ་ཉམས་ཞིབ་དང་དབྱིན་བསྒྱུར་གྱི་ལས་འཁུར་ལོ་ ༦ རིང་ཞུས། ཕྱི་ལོ་ ༡༩༩༩ ལོར་སྦེལ་ཀོབ་སེར་བྱེས་སློབ་གྲྭར་དགེ་རྒན་ལོ་ ༦ རིང་བྱས།

ཕྱི་ལོ་ ༢༠༠༡ ནས་༢༠༠༧ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་སྒྲིག་འཛུགས་འགན་འཛིན་དང་ཚོགས་གཞོན་གྱི་ལས་འཁུར་ཞུས། སྐབས་དེར་བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་འགུལ་ཁག་དང༌། ཟབ་སྦྱོང༌། བོད་གནས་ཁྱབ་སྤེལ་དང་ཞུ་གཏུགས་ཀྱི་ལས་འགུལ། སྤྱི་ཚོགས་ཞབས་ཞུ་སོགས་གང་མང་སྤེལ། དེ་བཞིན་བོད་མིའི་གཞིས་སྒར་དང༌། སློབ་གྲྭ། མཐོ་སློབ་ཕལ་མོ་ཆེར་ཆེད་བསྐྱོད་ཀྱིས་རྒྱལ་ཞེན་སློབ་གསོ་དང་ཆབ་སྲིད་གོ་རྟོགས་བཅས་སྤེལ། ལྷག་པར་དུ་གཞོན་ནུའི་ནང་ལས་ཡུན་རིང་རྒྱ་ནག་གཞུང་གི་འཁྱོག་བཤད་གྱི་ཡིག་ཆ་རྒྱབ་ཤ་དཀར་པོ་ཁག་ལ་དབྱིན་ཡིག་ཐོག་ཉམས་ཞིབ་གྱིས་ལན་འདེབས་མཐིལ་ཕྱིན་བྱས། ཕྱི་ལོ་ ༢༠༠༢ ལོ་དང་ ༢༠༠༥ ལོའི་དུས་འཁོར་དབང་ཆེན་སྐབས་གཞོན་ནུའི་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་གྱི་འགན་ཁུར་སྣེ་ཁྲིད་ཞུས། ཕྱི་ལོ་ ༢༠༠༧ ལོར་གཉན་ནད་རེག་དུག་ནད་གཞི་འགོག་ཐབས་ཆེད་འདམ་ག་ཚོགས་པ་གསར་འཛུགས་ཀྱིས་ནད་གཞི་འགོག་ཐབས་ཐོག་གོ་རྟོགས་དང་ནད་པར་ལྟ་སྐྱོང་བཅས་ལོ་ ༦ རིང་ཞབས་འདེགས་ཞུས། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ཨོ་ལིམ་པིག་རྩེ་འགྲན་ཆེ་མོའི་སྐབས་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་མི་མང་སྒེར་ལངས་ཆེན་མོའི་ལས་འགུལ་བོད་བར་གོམ་བགྲོད་ནང་འབྲེལ་འཐུད་པའི་འགན་ཁུར་སྣེ་ཁྲིད་བྱས། ཕྱི་ལོ་ ༢༠༡༡ དང་ཕྱི་ལོ་ ༢༠༡༦ སྐབས་གཉིས་རིང་བོད་མི་མང་མདོ་སྟོད་སྤྱི་འཐུས་སུ་འདེམས་ཐོན་བྱུང་རྗེས། སྤྱི་འཐུས་རྒྱུན་ལས་རྒྱུན་དང་མང་གཙོ་རྩིས་ཁྲ་ཚོགས་ཆུང་སོགས་ནང་འགན་འཁུར་བཞེས།

གྲོས་ཚོགས་ཀྱི་བགྲོ་གླེང་ནང་ལྷག་བསམ་བཟོད་མེད་ཀྱི་འགན་ཁུར་ཆ་ཤས་གང་ནུས་བླངས་དང་ས་བགོས་སོགས་ལ་གཞུང་འབྲེལ་ཕྱོགས་བསྐྱོད། ལྷག་པར་དུ་སྤྱི་ལྷན་ནས་གོ་སྒྲིག་ཞུ་པའི་བོད་དོན་ལས་འགུལ་ཁག་དཔེར་ན་བདེན་པའི་མེ་ལྕེ་དང་རྒྱ་གར་རྒྱལ་ཡོངས་ཞུ་གཏུགས་ལས་འགུལ་སོགས་ནང་འགན་འཁུར་རྐང་ལེན་བཞེས། མདོར་ན་དུས་རྒྱུན་བོད་དོན་ལས་འགུལ་ནང་མཉམ་ཞུགས། སྤྱི་ཚོགས་ཞབས་ཞུ། ཚོགས་པ་ཁག་གིས་གོ་སྒྲིག་ཞུས་པའི་ཟབ་སྦྱོང་སོགས་ནང་གཏམ་བཤད། དེ་བཞིན་རྒྱ་བོད་གནད་དོན་ཐོག་ཉམས་ཞིབ་ཀྱིས་རྩོམ་རིགས་སོགས་སྤེལ་ཡོད་འདུག

དེ་བཞིན་ཚུལ་ཁྲིམས་རྡོ་རྗེ་ལགས་ནི་བོད་ནང་གི་གྲོང་གསེབ་ཆུང་ཆུང་ཞིག་ནས་ཡིན་ཞིང་། ཕྱི་ལོ་ ༡༩༩༢ ལོར་འཛིན་རིམ་བཅུ་གཉིས་ཐོན། ཕྱི་ལོ་ ༡༩༩༤ ལོར་ (ST. Xavier’s College) མཐོ་སློབ་ནས་དཔལ་འབྱོར་རིག་པ་སློབ་ཐོན་དང༌། ཕྱི་ལོ་ ༡༩༩༤ ལོར་དགེ་རྒན་དང་དགེ་རྒན་འོས་སྦྱོང་རྗེས་ ༡༩༩༦ ནས་ ༢༠༠༥ བར་དྷ་སྟེང་བོད་ཁྱིམ་གཞི་རིམ་སློབ་གྲྭའི་སྤྱི་ཚོགས་རིག་གནས་ཀྱི་སློབ་དགེ་དང༌། ཕྱི་ལོ་ ༢༠༠༦ ནས་ ༢༠༡༢ བར་སློབ་གྲྭ་ཆེ་བའི་དགེ་ཆེ། ཕྱི་ལོ་ ༢༠༡༢ ལོར་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གིས་གྷོ་པལ་པུར་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་དུ་བསྐོ་གཞག་གནང་སྟེ། ཕྱི་ལོ་ ༢༠༡༧ བར་འགན་འཛིན་གྱི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༧ ལོར་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་དུ་བསྐོ་གཞག་གནང་ནས། ད་ལྟ་བར་དུ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་གྱི་ལས་འཁུར་ཞུ་མུས་ཡིན་འདུག

གསར་འགོད་པ་བྱམས་པ་ཚེ་རིང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༣ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༠ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese