མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ ༡༩ འཁོར་བའི་དུས་དྲན་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༢༤/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་བཀའ་བློན་མཆོག་གིས་བོད་པའི་སྤྱི་ཚོགས་ནང་དུ་སྔོན་འགྲོ་དང་དམའ་རིམ་གྱི་དགེ་རྒན་རྣམས་ལ་བསྔགས་བརྗོད་དང་དམིགས་བསལ་དགོས་མཁོ་ཅན་གྱི་ཕྲུ་གུ་རྣམས་ལ་ལྟ་སྐྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ ༡༩ འཁོར་བའི་དུས་དྲན་སྲུང་གཙི། བོད་ཀྱི་དུས་བབ་གསར་ཁང་གི་པར། ༡༠།༡༠།༢༠༢༤

དེ་རིང་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ ༡༩ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་དབུས་པའི་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་དང་དགེ་ལས་ཡོངས། དྷ་སའི་སློབ་ཕྲུག་ཕ་མ་ཚོགས་ཆུང་གི་སྐུ་ཚབ་དང་ཕ་མ་སོགས་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་རྣམས་འདུ་འཛོམས་བྱུང་འདུག

སྐབས་དེར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་བཞིན་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་ཇུས་གོང་འཕེལ་སླད་དུ་བཙུགས་པར་ཧ་ལས་པ་ཞིག་རེད། སློབ་གྲྭ་གསར་དུ་བཙུགས་དུས་སྲི་ཞུའི་ལས་བྱེད་ཁ་ཤས་ཀྱི་ཕྲུ་གུ་མ་གཏོགས་མངགས་ཀྱི་མེད་པ་གོ་ཐོས་བྱུང་། རིམ་བཞིན་སློབ་ཕྲུག་མང་དུ་ཕྱིན་ནས་ད་ལྟའི་ཆར་སློབ་གྲྭ་ཆུང་ཆུང་འདིའི་ནང་སློབ་ཕྲུག་གྲངས་ ༢༧༠ ལྷག་ཡོད་པ་རེད། དེང་སྐབས་ཕ་མ་རྣམས་ཀྱིས་དཔེ་སྟོན་སློབ་གྲྭའི་ནང་ཤེས་ཡོན་སྲིད་ཇུས་ཀྱི་སློབ་སྦྱོང་སྤྲོད་བཞིན་པའི་དགོངས་དོན་དེ་རྩ་ཆེན་དང་གལ་ཆེན་ཡིན་པའི་ཚོར་བ་གསལ་བོ་ཆགས་འདུག དེ་རིང་མཛད་སྒོའི་སྐབས་སུ་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་འདྲ་མིན་ཧ་ཅང་ཡག་པོ་འཁྲབ་སོང་། སློབ་གྲྭའི་དགེ་ཆེ་ལགས་ཀྱིས་སློབ་ཕྲུག་ཚང་མ་མཉམ་ཞུགས་བྱེད་བཞིན་ཡོད་པ་བརྗོད་སོང་། དེ་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་རེད། ཕ་མ་རྣམས་ཀྱིས་རང་ཉིད་ཀྱི་ཕྲུ་གུ་ཚོས་སྡིངས་ཆའི་ཐོག་ཞབས་བྲོ་འཁྲབ་སོང་བསམ་པའི་དགའ་ཚོར་ཆེན་པོ་བྱུང་གི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

བཀའ་བློན་མཆོག་ནས། མི་མང་པོ་ཞིག་ལ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ནང་སློབ་སྦྱོང་བྱས་ཏེ་མཐའ་མར་གྲུབ་འབྲས་ག་འདྲ་ཡོད་པའི་དྲི་བ་ཞིག་ཡོད། ཕྱི་ལོ་ ༢༠༡༩ ལོར་རྒྱ་གར་གྱི་མཁས་དབང་དང་བོད་མི་ཉམས་མྱོང་ཅན་ཁ་ཤས་སློབ་གྲྭ་མང་པོའི་ནང་སྐོར་སྐྱོད་བྱེད་སྐབས། དཔེ་སྟོན་སློབ་གྲྭ་ནས་འཛིན་རིམ་བརྒྱད་པ་ཐོན་ཏེ་བཅུ་གཉིས་བར་དུ་འགྲིམས་བཞིན་པའི་སློབ་ཕྲུག་རྣམས་ཀྱི་སྤྱོད་པ་དང་། བསམ་བློ། སློབ་སྦྱོང་བྱེད་སྟངས་སོགས་སློབ་གྲྭ་གཞན་དང་ཁྱོན་ནས་འདྲ་བོ་མི་འདུག་ཅེས་སློབ་གྲྭའི་ལས་བསྡོམས་ཕུལ་འདུག དཔེ་སྟོན་སློབ་གྲྭར་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་བཞིན་སློབ་སྦྱོང་སྤྲོད་བཞིན་པ་ཧ་ཅང་ཕན་ཐོགས་ཆེན་པོ་ཞིག་རེད་ཅེས་བརྗོད་འདོད་བྱུང་། སྤྱི་ཚོགས་ནང་དུ་སྔོན་འགྲོ་དང་དམའ་རིམ་གྱི་དགེ་རྒན་རྣམས་ལ་མཐོང་ཆུང་བ་ཞིག་འདུག དངོས་གནས་དྲང་གནས་བཤད་ན་སྔོན་འགྲོ་དང་དམའ་རིམ་གྱི་དགེ་རྒན་རྣམས་ཀྱི་ལས་ཀ་དཀའ་ལས་ཁག་པོ་རེད། ཁོང་ཚོས་བྱིས་པ་རྣམས་ལ་སྡོད་སྟངས་ནས་མགོ་བཙུགས་ཏེ་སློབ་ཁྲིད་ཀྱི་དུས་ཚོད་དང་ནུས་པ་མང་པོ་ཞིག་གཏོང་དགོས་ཀྱི་ཡོད། ཕ་མ་ཚོས་སྔོན་འགྲོ་དང་དམའ་རིམ་གྱི་དགེ་རྒན་རྣམ་པར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ ༡༩ འཁོར་བའི་དུས་དྲན་སྲུང་གཙི། བོད་ཀྱི་དུས་བབ་གསར་ཁང་གི་པར། ༡༠།༡༠།༢༠༢༤

ཡང་བཀའ་བློན་མཆོག་ནས། ལོ་གསུམ་ཙམ་རིང་ངས་སློབ་གྲྭ་ཁག་བཞི་བཅུ་ཙམ་ནང་སྐོར་སྐྱོད་བྱས་ཡིན། དེང་སྐབས་དཀའ་ངལ་ཆེ་ཤོས་ཤིག་ནི་སློབ་ཕྲུག་ནང་དུ་སྐད་ཆ་ཡག་པོ་བཤད་མ་ཤེས་པ་དང་། ཀློག་པའི་ནུས་པ་མེད་པ། སེམས་ཁམས་ཐོག་སྐྱོན་ཡོད་པའི་གྲངས་མང་ནས་མང་དུ་འགྲོ་བཞིན་འདུག དེ་ནི་ཧ་ཅང་ཛ་དྲག་དང་སེམས་འཚབ་བྱ་དགོས་པའི་གནད་དོན་ཞིག་ཆགས་ཡོད། ཉེ་ཆར་ལྷོ་ཕྱོགས་སུ་སྐོར་སྐྱོད་ཕྱིན་སྐབས་སློབ་གྲྭའི་ནང་ཁྱོན་སློབ་ཕྲུག་གྲངས་ ༡༥༩༧ ཡོད་པའི་ཁྲོད། ཕྲུ་གུ་གྲངས་ ༣༧ ལ་གོང་གི་གནད་དོན་དེ་འདྲའི་རིགས་རེད་འདུག  ང་ཚོའི་སློབ་ཕྲུག་གི་གྲངས་ཀ་ཉུང་ནས་ཉུང་དུ་འགྲོ་བཞིན་འདུག སྔོན་མ་སློབ་གྲྭའི་ནང་སློབ་ཕྲུག་གྲངས་ ༡༠༠༠ ཡོད་སར་དེང་སང་སློབ་ཕྲུག་གྲངས་ ༤༠༠ ཙམ་ལས་མི་འདུག སློབ་གྲྭ་ཁ་ཤས་ཀྱི་ནང་དུ་སློབ་ཕྲུག་གྲངས་ ༡༥ ནས་ ༢༥ བར་རེད། ཕྲུ་གུ་འདི་འདྲའི་ཉུང་ཉུང་དུ་གྱུར་བའི་དུས་ཚོད་ཞིག་ལ་སེམས་ཁམས་སོགས་ཀྱི་ཐོག་དཀའ་ངལ་ཡོད་པའི་ཕྲུ་གུའི་གྲངས་ཀ་མང་པོ་བྱུང་ཚེ། སེམས་འཚབ་ཡོང་བའི་གནས་སྟངས་ཤིག་ཆགས་ཀྱི་འདུག ཡིན་ནའང་། ཕ་མ་ཁ་ཤས་ཀྱིས་རྒྱུ་མཚན་གཞན་ཞིག་བཤད་དེ་ཕྲུ་གུ་དེའི་རིགས་ཀྱི་དཀའ་ངལ་ངོས་ལེན་བྱེད་ཀྱི་མེད་པ་སྐྱོན་ཆེན་པོ་ཞིག་རེད། རང་ཉིད་ཀྱི་ཕྲུ་གུའི་དཀའ་ངལ་ལ་སྨན་བཅོས་དང་། དགེ་རྒན་གྱི་ཐབས་ལམ། ཤེས་རིག་ལས་ཁུངས་ནས་མཐུན་རྐྱེན་སོགས་ཀྱི་གྲ་སྒྲིག་སྔ་ས་ནས་བྱ་དགོས་མ་གཏོགས། དེའི་རིགས་ལ་ཕ་མའི་ངོས་ལེན་མ་བྱས་ཚེ། མ་འོངས་བར་ཁྱིམ་ཚང་སྒེར་དང་སྤྱི་ཚོགས་སུ་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་རེད། བོད་ཀྱི་སྤྱི་ཚོགས་ནང་དུ་ཕ་མ་གཉིས་ཀྱིས་ཕྲུ་གུའི་འགྲམ་དུ་དོ་སྣང་མ་བྱས་པར་འཁྲུག་རྩོད་བྱུང་སྐབས། ཕྲུ་གུའི་སེམས་ཁམས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པས། ཕ་མ་རྣམས་ཀྱིས་ཕྲུ་གུའི་འགྲམ་དུ་གང་ཐུབ་གཟབ་གཟབ་བྱ་དགོས། ཕ་མ་དང་དགེ་རྒན་རྣམས་ཀྱིས་སློབ་སྦྱོང་མཉམ་དུ་བཟང་སྤྱོད་སློབ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese