མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ནི་ཧོན་ཧེ་ཌན་ཡོ་ཚོགས་པར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༤/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཉི་ཧོང་གི་ནི་ཧོན་ཧེ་ཌན་ཡོ་ཚོགས་པར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པར་འཚམས་འདྲི་གནང་བ་དང་སྦྲགས་གོ་མཚོན་མེད་པའི་འཛམ་གླིང་བསྐྲུན་ཐབས་ཐད་འབད་བརྩོན་གནང་བར་ཡི་རངས་བསྔགས་བརྗོད་ཡོད་ཅེས་གསུངས།

His Holiness the Dalai Lama along with fellow Nobel Laureates paying respect at the Hiroshima Peace Memorial in Hiroshima, Japan on November 14th, 2010. Photo/Taikan Usui

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ཉི་ཧོང་གི་ནི་ཧོན་ཧེ་ཌན་ཡོ་ (Nihon Hidankyo)  ཚོགས་པར་ཐོབ་པར་འཚམས་འདྲི་བསྩལ་བའི་ནང་། དེ་སྔ་ངོས་རང་ཉི་ཧོང་དུ་བསྐྱོད་སྐབས་ཁྱེད་ཚོ་ཁག་ཅིག་དང་ཐུག་རྒྱུའི་གོ་སྐབས་བྱུང། ངོས་ཀྱིས་ཁྱེད་རྣམ་པའི་ཕྱག་ལས་ལ་ཡི་རངས་བསྔགས་བརྗོད་ཞུ་ཡི་ཡོད། ནོར་ཝེའི་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་ངོས་ནས་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ནི་ཧོན་ཧེ་ཌན་ཡོ་ཚོགས་པས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་བསྐྲུན་ཐབས་དང་། རྡུལ་ཕྲན་མཚོན་ཆ་ནམ་ཡང་བེད་སྤྱོད་བྱ་མི་ཉན་པའི་ར་སྤྲོད་བྱེད་ཆེད་སྐུ་ལས་ཧུར་ཐག་བསྐྱོན་པར་ཆེ་མཐོང་གིས་ ༢༠༢༤ ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ནི་ཧོན་ཧེ་ཌན་ཡོ་ཚོགས་པར་ཕུལ་བར་བསྔགས་བརྗོད་ཞུ་ཡི་ཡོད། ཅེས་གསུངས།

ཡང་༧མགོན་པོ་གང་ཉིད་ཀྱིས། དེ་སྔ་ངོས་རང་ཉི་ཧོང་གི་ཧི་རོ་ཤི་མ་ (Hiroshima) དང་ན་གྷ་ས་ཀི་ (Nagasaki) གྲོང་ཁྱེར་གཉིས་ཀར་ཕྱིན་པ་ཡིན་ལ། ཁུལ་དེར་གནོད་འཚེ་ཕོག་ཡུལ་གྱི་མི་རྣམས་ལ་སྡུག་བསྔལ་ཚད་མེད་མྱོང་བཞིན་ཡོད་པའི་སེམས་ཚོར་ཤུགས་ཆེན་བྱུང་། ནི་ཧོན་ཧེ་ཌན་ཡོ་ཚོགས་པ་དེ་གསར་འཛུགས་བྱེད་མཁན་རྣམས་ཀྱིས་ཉེན་ཚབས་ཆེ་བའི་རྡུལ་ཕྲན་མཚོན་ཆ་རྣམས་མེད་པ་བཟོ་རྒྱུ་གལ་ཆེན་པོ་ཇི་ཙམ་ཡིན་པ་མཚོན་ཐུབ་ཀྱི་ཡོད་པ་རེད། ངོས་རང་ལ་ཆ་མཚོན་ན་འཛམ་གླིང་འདིའི་སྟེང་རྡུལ་ཕྲན་མཚོན་ཆ་དང་དམག་མཚོན་སོགས་མེད་པ་བཟོ་དགོས་པའི་ཐོག་ལ་ཤུགས་རྒྱག་མཁན་ཞིག་ཡིན་པའི་ཆ་ནས། གཟེངས་རྟགས་དེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་ནང་གི་ཚོགས་མི་རྒྱལ་ཁབ་ཁག དེ་བཞིན་མི་མང་པོར་རྡུལ་ཕྲན་མཚོན་ཆ་དང་གོ་མཚོན་ལས་བྱུང་བའི་འཇིགས་སྣང་དེ་མེད་པ་བཟོ་རྒྱུའི་ཐད་ལ་ཕྱག་ལས་གནང་རྒྱུར་སེམས་ཤུགས་འཕར་མ་བསྐྲུན་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས།

མཇུག་ཏུ་༧གོང་ས་མཆོག་གིས། ང་ཚོ་འགྲོ་བ་མིའི་རིགས་ཀྱིས་འཛམ་གླིང་འདིའི་སྟེང་དཀའ་ངལ་མང་པོ་བཟོས་ཡོད། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པར་བརྟེན། ང་ཚོའི་ངོས་ནས་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གྱིས་ཁོང་ཁྲོ་དང་། ང་རྒྱལ་སོགས་མེད་པ་བཟོ་རྒྱུའི་ཐད་འབད་བརྩོན་ངེས་པར་དུ་བྱ་དགོས་ལ། ང་ཚོས་ཁ་ནས་ཞལ་འདོན་བསྐྱོར་བ་ཙམ་གྱིས་ཞི་བདེ་བསྐྲུན་མི་ཐུབ་པར་བརྟེན། གཙོ་བོ་དོན་དངོས་སུ་ལག་བསྟར་བྱ་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུངས།

འདི་ལོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པའི་ནེ་ཧོན་ཧེ་ཌན་ཡོ་ (Nihon Hidankyo) ཚོགས་པ་ནི། ཕྱི་ལོ་ ༡༩༥༦ ཟླ་ ༨ ཚེས་ ༡༠ ཉིན་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མ་དང་། ན་ག་ས་ཀི་གཉིས་ལ་རྡུལ་ཕྲན་མཚོན་ཆས་གནོད་སྐྱོན་ཕོག་པའི་ཧེ་བྷ་ཀོ་ཤཱ་  (Hibakusha) མི་ཁག་ཅིག་གིས་གསར་འཛུགས་བྱས། ཚོགས་པ་དེས་ཉི་ཧོང་སྲིད་གཞུང་ལ་རྡུལ་ཕྲན་མཚོན་ཆས་གནོད་འཚེ་ཕོག་པའི་མི་མང་ལ་རོགས་སྐྱོར་ཇེ་ལེགས་སུ་གཏོང་བར་གནོན་ཤུགས་སྤྲོད་པ་དང་། ཉི་ཧོང་སྲིད་གཞུང་ནས་རྡུལ་ཕྲན་མཚོན་ཆ་རྩ་མེད་གཏོང་ཆེད་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་ཤུགས་རྐྱེན་སྤྲོད་པར་དམིགས་པའི་ཚོགས་པ་ཞིག་རེད། ཚོགས་པ་དེས་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་ཡོང་སླད་སློབ་གསོ་དང་། ལས་འགུལ། ཞུ་གཏུགས། གྲོས་ཆོད་དང་མང་ཚོགས་སོགས་ལ་འབོད་སྐུལ་གཏོང་རྒྱུའི་མ་ཚད། མཉམ་འབྲེལ་རྒྱལ་ཚོགས་ཚུད་པའི་རྒྱལ་སྤྱིའི་སྒྲིག་འཛུགས་འདྲ་མིན་ལ་ལོ་རེར་སྐུ་ཚབ་མངགས་ཏེ་འཛམ་གླིང་སྟེང་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་དགོས་སྐོར་ལ་གྲོས་མོལ་བྱེད་དུ་འཇུག་གི་ཡོད་འདུག་ལ། ཚོགས་པ་དེ་ཕྱི་ལོ་ ༡༩༨༥ དང་ ༡༩༩༤། ༢༠༡༥ ལོར་སུད་སི་རུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཞི་བདེའི་གཞུང་ལས་ཁང་ (International Peace Bureau) གིས་རྒྱལ་སྤྱིའི་ཞི་བདེའི་ལྟེ་གནས་ཀྱི་འོས་མིར་བདམས་ཐོན་བྱུང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༧ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese