མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་མཆོག་གི་རྗེས་དྲན་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་༧གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་མཆོག་སྐུ་འཁྲུངས་ཏེ་མི་ལོ་ ༦༠༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་དྲ་ལམ་བརྒྱུད་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་གསུང་འཕྲིན་བསྩལ།

རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་མཆོག་གི་རྗེས་དྲན་སྲུང་གཙི་ཞུས། པར་ཐད་གཏོང་ནས་བླངས།

དེ་རིང་ཕྱི་ཚེས་ ༡༧ ཉིན་རྒྱ་གར་འབྲས་ལྗོངས་ཀྱི་གདན་ས་༧དཔལ་ཆེན་ཆོས་གླིང་དུ། ༧རྗེ་དྲུག་པ་མཐོང་བ་དོན་ལྡན་གྱི་རྒྱལ་ཚབ་མངའ་གསོལ་བ་༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་༧གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་མཆོག་སྐུ་འཁྲུངས་ཏེ་མི་ལོ་༦༠༠ འཁོར་བའི་རྗེས་དྲན་སྲུང་གཙི་ཞུས་ཡོད་ཅིང་། མཛད་སྒོའི་ཐོག་༧སྐྱབས་རྗེ་གར་དབང་རིན་པོ་མཆོག་དང་སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་དབུས། སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་བློན་ཆེན་མཆོག་གི་སྐུ་ཚབ་ཚོགས་གཙོ་མིག་དམར་ཤར་པ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་སོགས་གཞུང་ཁོངས་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། ཕྱོགས་མཐའ་ཁག་ནས་དགེ་འདུན་པ་དང་སེར་སྐྱ་མི་མང་བཅས་འཛོམས་ཡོད་འདུག

སྐབས་དེར་དྲ་ལམ་བརྒྱུད་༧རྒྱལ་དབང་ཀརྨ་བ་མཆོག་ནས། དེ་རིང་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན་གྱི་སྲས་ཀྱི་མཐུ་བོ་རྒྱལ་བ་ཐམས་ཅད་མཁྱེན་པ་༧གཽ་ཤྲཱི་ཆེན་པོ་བྱང་སེམས་དཔལ་འབྱོར་དོན་འགྲུབ་འཇིག་རྟེན་གྱི་ཁམས་འདིར་སྐུ་བལྟམས་ཏེ་བགྲང་བྱ་ ༦༠༠ ལྷག་འཁོར་བའི་དུས་ཆེན་ཁྱད་པར་ཆགས་ཡོད། དེ་འབྲེལ་གྱི་དུས་ཆེན་སྲུང་གཙི་གནང་ས་དེ་ཡང་རྒྱལ་བའི་རྒྱལ་ཚབ་གསང་བདག་རྡོ་རྗེ་འཆང་བ་བཅུ་གཉིས་པ་ཆེན་པོའི་གདན་ས་ར་ལང་དཔལ་ཆེན་ཆོས་གླིང་དུ་འཚོག་བཞིན་ཡོད། དེ་རིང་གི་གོ་སྐབས་འདི་དང་བསྟུན་ནས་མཛད་སྒོའི་ཚོགས་ཀྱི་གཙོ་བོ་བཞུགས་པ་དཔལ་ལྡན་བླ་མ་དམ་པ་དྲུང་༧གཽ་ཤྲཱི་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་འགྲོ་བའི་སྒོ་ནས། སྐུ་མགྲོན་རྣམ་པ་དང་ཆོས་གྲོགས་རྣམ་པ་ལྷན་རྒྱས་ལ་བྱོན་པ་ལེགས་སོ་དང་། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་༧རྒྱལ་དབང་ཀརྨ་པ་མཆོག་ནས། དེ་རིང་མཛད་སྒོ་འདིའི་གནད་འགག་དང་དོན་གནད་ལ་བསམ་བློ་བཏང་བ་ཡིན་ན། འདི་ནི་རྒྱལ་ཚབ་སྐུ་ཕྲེང་གཅིག་ཙམ་གྱི་མཛད་འཕྲིན་མ་ཡིན་པར་སྒྲུབ་རྒྱུད་ཀརྨ་ཀམ་ཚང་གི་བསྟན་པ་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པར་དྲན་གྱི་འདུག དེའི་རྒྱུ་མཚན་གང་རེད་ཟེར་ན་ཀརྨ་པ་སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན་གྱི་སྐབས་སུ་བཀའ་རྒྱུད་ཀྱི་བསྟན་པ་དེ་ཕྱོགས་གཅིག་ནས་ཅུང་ཙམ་ཉག་ཕྲ་བོ་བྱུང་ས་རེད། ཆོས་རྒྱུད་གཞན་ཏུ་བསྒྱུར་མགོ་ཚུགས་འདུག རང་ཉིད་ཀྱི་གྲུབ་མཐའི་རྐང་ཚུགས་མ་ཐུབ་པའི་གནས་སྟངས་ཤིག་བྱུང་འདུག དེ་འདྲའི་གལ་ཆེ་བའི་དུས་ཚོད་ཞིག་གི་སྐབས་སུ། ༧ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་དང་༧གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་བླ་སློབ་གཉིས་སྐུ་ན་གཞོན་ཡང་། ཀརྨ་ཀམ་ཚང་དང་ཀརྨའི་སྒར་ཆེན་གྱི་དབུ་ཁྲིད་གནང་སྟེ་བླ་སློབ་དཔུང་བ་མཉམ་གཤིབ་ཐོག་གདན་ས་ཁག་ཏུ་རང་ལུགས་ཀྱི་ཐུན་མོང་མིན་པའི་ཡིག་ཆ་དང་དབང་ལུང་ཁྲིད་གསུམ་སོགས་མ་ཉམས་གོང་འཕེལ་དང་ཉམས་པ་སོ་ཆུར་གནང་ཡོད། ཅེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས། སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་༧གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་མཆོག་ནས་༧རྒྱལ་བ་ཀརྨ་སྐུ་ཕྲེང་དྲུག་པའི་བཀའ་བཞིན་༧རྒྱལ་བ་ཀརྨ་པ་སྐུ་ཕྲེང་བདུན་པར་ཚེ་དཔག་མེད་ཕྱི་ནང་གསང་གསུམ་དང་དཔལ་དུས་ཀྱི་འཁོར་ལོ་དབང་ཆེན་ཕུལ་གནང་བ་མ་ཟད། བསྟན་འགྲོ་རིས་སུ་མ་ཆད་པར་མཛད་པ་རྒྱ་ཆེར་བསྐྱངས་ཞིང་། མདོ་སྔགས་ཀྱི་བསྟན་འགྲོ་དབང་བསྒྱུར་ཤིང་ཚེ་གཅིག་ལུས་གཅིག་ལ་གསང་སྔགས་རྡོ་རྗེ་འཆང་ཆེན་པོའི་གོ་འཕངས་དབུ་བརྙེས་པ་ཞིག་ཡིན། ཅེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། ཀརྨ་ཀམ་ཚང་གི་རྒྱལ་བ་ཡབ་སྲས་བདུན་གྱི་ཡ་གྱལ་དྲུང་པ་རྒྱལ་ཚབ་རིན་པོ་ཆེ་སྐུ་ཕྲེང་དང་པོ་ནས་བཅུ་གཉིས་བར་གྱི་མི་ལོ་ ༦༠༠ དུས་ཡུན་ནི་བསྟན་འགྲོ་དོན་རླབས་ཆེན་འགྲུབ་པའི་ལོ་རྒྱུས་ཀྱི་ཕྲེང་བ་བསྟར་ཆགས་སུ་བསྒྲིག་དང་སྒྲིག་བཞིན་པའི་རྣམ་ཐར་ཡིན་ཞིང་། རྒྱལ་ཚབ་སྐུ་ཕྲེང་དང་པོ་དྲུང་པ་བྱང་སེམས་དཔལ་འབྱོར་དོན་གྲུབ་མཆོག་གིས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་པོ་བསྟེན་ནས་གསར་རྙིང་གི་ཆོས་མ་ལུས་པར་གསན་སྦྱོང་མཛད་པའི་སྐབས་དེར། གངས་ཅན་གྱི་ལྗོངས་སུ་དོན་གྱི་ཆ་ནས་དབང་ལུང་མན་ངག་བདག་པོ་ཆགས་པའི་གྲགས་པ་འབར་ཞིང་། ཕྱི་ལོ་ ༡༤༥༢ ལོར་རྒྱལ་བ་ཀརྨ་པ་སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན་མཆོག་ཞི་བར་གཤེགས་ཁར་དྲུང་པ་རིན་པ་ཆེར་ཞལ་ཆེམས་བཀའ་རྒྱ་བཅུ་གསུམ་དང་བཅས་བསྩལ་ཏེ། རྒྱལ་ཚབ་དུ་བསྐོས་ཞིང་སྒར་གྱི་འཛིན་སྐྱོང་གནང་། སྐུ་གོང་མའི་ཞལ་ཆེམས་གཞི་བཟུང་༧རྒྱལ་བ་ཀརྨ་སྐུ་ཕྲེང་བདུན་པའི་ཡང་སྲིད་ངོས་འཛིན་གདན་ཞུ་དང་། ལས་ཀྱི་སློབ་དཔོན་མཛད་དེ་རབ་བྱུང་གི་སྡོམ་པ་འབོག་ཆོག་དང་མཚན་གསོལ་བ་ནས་རིམ་བཞིན་བསྙེན་པ་རྫོགས་ཞིང་། དགུང་ལོ་ ༣༡ མ་བཞེས་བར་དུ་༧ཀརྨ་པ་ཆོས་གྲགས་རྒྱ་མཚོ་མཆོག་ལ་ལུས་དང་གྲིབ་མ་བཞིན་འགྲོགས་ཏེ། དུས་དང་རྣམ་པ་ཀུན་ཏུ་གསུང་ཆོས་འབུལ་བར་མཛད་པའི་མཚོན། བསྟན་པ་འཛིན་པའི་བུ་སློབ་གྲགས་ཅན་བརྒྱ་ཕྲག་མང་པོ་བསྐྱངས་ཞིང་།  བཀའ་འབུམ་པོད་བཅོ་བརྒྱད་ཅན་ཞིག་བཞུགས་པ་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཡོད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese