མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ཁང་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་ཐོག་མཉམ་ཞུགས་ཐེངས་གསུམ་པ་གནང་།

བོད་ཀྱི་དུས་བབ།
༢༠༢༤/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་ཐོག་བོད་པའི་ཚོགས་སྡེ་ཁག་གང་མང་མཉམ་ཞུགས་བྱེད་ཐུབ་ཚེ། བོད་ཀྱི་སྐད་ཡིག་དང་བོད་དོན་དྲིལ་བསྒྲགས་བྱེད་པའི་སྡིངས་ཆ་ཁྱད་པར་བ་ཞིག་ཡོད་སྐོར་བརྗོད།

བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ཁང་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་ཐོག་མཉམ་ཞུགས་ཐེངས་གསུམ་པ་གནང་།

ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༢༠ བར་ཉིན་གྲངས་ལྔའི་རིང་འཇར་མན་ཧྥ་རན་ཁི་ཧྥུར་ཌིར་(Frankfurt) གྲོང་ཁྱེར་དུ། འཇར་མན་དཔེ་ཚོང་དང་དཔེ་སྐྲུན་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཧྥ་རན་ཁི་ཧྥུར་ཌི་(Frankfurter Buchmesse ) རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་ཐེངས་ ༧༥ པ་འཚོགས་བཞིན་ཡོད་ཅིང་། ཐེངས་འདིའི་དཔེ་དེབ་ཁྲོམ་འདུས་ཐོག་འཛམ་གླིང་གི་རྒྱལ་ཁབ་ ༡༣༠ ལྷག་གི་དཔེ་སྐྲུན་ཁང་དང་། རྩོམ་པ་པོ། ལོ་ཙཱ་བ། དཔེ་དེབ་དང་འབྲེལ་བའི་སྡེ་ཚན་ ༤༠༠༠ ལྷག་འཛོམས་ཏེ་འགྲེམས་སྟོན་བྱེད་བཞིན་ཡོད་པ་དང་། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་འགན་འཛིན་ལུང་རྟོགས་དགེ་འདུན་ལགས་དང་། ལས་གྲོགས་ངག་དབང་ཀུན་དགའ། འཇར་མན་གནས་སྡོད་མགོན་པོ་ཚེ་བརྟན་བཅས་མཉམ་ཞུགས་བྱེད་བཞིན་ཡོད་པ་མ་ཟད།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཁག་དང་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་བྱེད་མུས་ཡིན་འདུག ཐེངས་འདི་ནི་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་ཧྥ་རན་ཁི་ཧྥུར་ཌིར་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་ཐོག་མཉམ་ཞུགས་བྱས་པ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་འདུག

བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ཁང་གི་འགན་འཛིན་ལུང་རྟོགས་དགེ་འདུན་ལགས་ཀྱིས། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་རྩོམ་དབྱིན་ཡིག་དང་། བོད་ཡིག སྐད་ཡིག  སྐད་རིགས་ག་ཚོད་ཅིག་ལ་བསྒྱུར་ཡོད་ཁག་ཐེངས་འདིའི་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་སུ་འགྲེམས་སྟོན་བྱེད་བཞིན་ཡོད། ད་ལོ་རྒྱ་གར་དབུས་གཞུང་དང་། ཤེས་རིག་ལས་ཁུངས། འཇར་མན་གྱི་རྒྱ་གར་གཞུང་ཚབ་པ་བཅས་ཀྱི་གོ་སྒྲིག་འོག ཧྥ་རན་ཁི་ཧྥུར་ཌི་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་ཐོག་དམིགས་བསལ་མཛད་སྒོ་འཚོགས་སོང་། ཚོགས་ཐོག་ཏུ་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་ཡང་སྐུ་མགྲོན་དུ་མགྲོན་འབོད་གནང་སྟེ་མཉམ་ཞུགས་ཀྱི་གོ་སྐབས་ཡག་པོ་བྱུང་། རྒྱ་གར་གཞུང་གི་གནད་ཡོད་མི་སྣ་རྣམས་ཀྱིས་ང་ཚོ་དཔེ་དེབ་ཁྲོམ་འདུས་སུ་མཉམ་ཞུགས་བྱེད་དོན་ཐད་ངོ་སྤྲོད་གནང་སོང་། དེ་ནི་རྒྱ་གར་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་དང་བོད་ཀྱི་གནས་སྟངས་ཤེས་ཀྱི་ཡོད་པའི་ཐོག་ནས་ང་ཚོར་སྡིངས་ཆ་ཆེན་པོ་ཞིག་སྤྲད་པའི་རྣམ་པ་བསྟན་བྱུང་། ཞེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། ཧྥ་རན་ཁི་ཧྥུར་ཌིར་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་མགོ་ཚུགས་ཏེ་ལོ་ངོ་ ༧༥ འགྲོ་བཞིན་ཡོད་ཀྱང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཀྱི་ཚོགས་སྡེ་ཁག་ནས་དཔེ་དེབ་ཁྲོམ་འདུས་འདིའི་ཐོག་མཉམ་ཞུགས་བྱས་མེད་ཚོད་འདུག དེ་སྔོན་བོད་ནང་གི་དཔེ་སྐྲུན་ཁང་དང་བོད་རིག་པའི་སྐོར་གྱི་རྩོམ་རིགས་ཁག་འགྲེམས་སྤེལ་བྱེད་མྱོང་འདུག དེ་དག་ནི་རྒྱ་གཞུང་གི་གོ་སྒྲིག་བྱས་པ་ལས་བོད་ཀྱི་རྣམ་པ་མཚོན་ཐུབ་ཀྱི་མི་འདུག ད་ལོའང་རྒྱ་ནག་གིས་སྡིངས་ཆ་ཆེན་པོ་བཟུང་སྟེ་མཉམ་ཞུགས་བྱེད་བཞིན་འདུག དེའི་ཁྲོད་དུ་བོད་ཀྱི་སྐོར་དཔེ་དེབ་དང་པར་སྐྲུན་ཁང་སོགས་གང་ཡང་མཉམ་ཞུགས་བྱས་བཅུག་མི་འདུག དཔེ་དེབ་ཁྲོམ་འདུས་འདི་ནི་༧གོང་ས་མཆོག་གི་གསུང་རྩོམ་དང་། ཐུགས་བསྐྱེད་དམ་བཅའ་བཞི། ནང་ཆོས། སྐད་ཡིག རིག་གཞུང་། བོད་ཀྱི་གནས་སྟངས་སོགས་གོ་རྟོགས་སྤེལ་སའི་རྒྱལ་སྤྱིའི་སྡིངས་ཆ་ཆེན་པོ་རེད་བསམ་གྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་ཁོང་གིས། གཞན་ད་ལོའི་དཔེ་དེབ་ཁྲོམ་འདུས་འདིའི་ཐོག་རྒྱ་གར་ལྡི་ལིར་ཡོད་པའི་འཆར་བཀོད་པ་རྡོ་རྗེ་རྣལ་འབྱོར་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་སྒྱུ་རྩལ་སྐོར་ནས་འགྲེམས་སྟོན་ཡག་པོ་བྱེད་བཞིན་འདུག དེའང་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད། མ་འོངས་བར་རིམ་བཞིན་ཚང་མས་འཕྱར་གྲུ་མཉམ་འདེགས་བྱས་ཚེ་རྒྱལ་སྤྱིའི་སྡིངས་ཆ་འདིའི་ཐོག་གོམ་པ་ཆེན་པོ་ཞིག་རྒྱག་ཐུབ་རྒྱུ་རེད་བསམ་གྱི་འདུག ང་ཚོས་དཔེ་དེབ་ཁྲོམ་འདུས་འདིར་སྡིངས་ཆ་ཆེན་པོ་ཞིག་ཉོ་ཐུབ་མེད་ཀྱང་།  མ་འོངས་བར་སྡིངས་ཆ་ཆེན་པོ་ཉར་ཐུབ་པར་བསམ་བློ་གཏོང་བཞིན་ཡོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་དཔེ་མཛོད་སོགས་ཚོགས་སྡེ་ཁག་ནས་ཁྲོམ་འདུས་འདིར་མཉམ་ཞུགས་བྱེད་ཐུབ་ཚེ། བོད་ཀྱི་སྐད་ཡིག་དང་བོད་དོན་དྲིལ་བསྒྲགས་བྱེད་པའི་སྡིངས་ཆ་ཁྱད་པར་བ་ཞིག་ཆགས་རྒྱུ་རེད། ད་ལྟའི་ཆར་རྒྱལ་ཁབ་ ༡༣༠ ལྷག་མཉམ་ཞུགས་བྱེད་བཞིན་ཡོད་ཀྱང་། བོད་ཀྱི་སྐད་ཡིག་ནི་དེའི་ཁྲོད་ཀྱི་ཕུན་སུམ་ཚོགས་པའི་སྐད་ཡིག་ཞིག་ཡིན་པའི་སེམས་ཚོར་ཡོད་པས། མ་འོངས་བར་བོད་ཀྱི་ཚོགས་སྡེ་ཁག་ནས་སྡིངས་ཆ་འདིའི་ཐོག་མཉམ་ཞུགས་བྱས་ཏེ་བོད་ཀྱི་འབོད་སྒྲ་ཞིག་སྒྲོག་པའི་རེ་བ་བྱེད་བཞིན་ཡོད། ཅེས་བརྗོད་བྱུང་།

ཧྥ་རན་ཧྥོར་ཌི་དཔེ་དེབ་ཁྲོམ་འདུས་ནི་དུས་རབས་ ༡༧ པའི་མཇུག་ཏུ་ཡུ་རོབ་གླིང་གི་དཔེ་དེབ་ཁྲོམ་འདུས་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། འཛམ་གླིང་དམག་འཁྲུག་གཉིས་པའི་རྗེས་སུ་བསྐྱར་གསོ་བྱས་ཏེ། ཕྱི་ལོ་ ༡༩༤༩ ལོར་ཐེངས་དང་པོ་སྒོ་འབྱེད་བྱས་ཡོད་ཅིང་། ད་ལྟའི་ཆར་འཛམ་གླིང་སྟེང་གི་དཔེ་དེབ་ཁྲོམ་འདུས་ཆེ་ཤོས་ཤིག་ཡིན་པ་མ་ཟད། དཔེ་དེབ་ཁྲོམ་འདུས་ཐོག་འཛམ་གླིང་གི་རྒྱལ་ཁབ་བརྒྱ་ལྷག་གིས་དཔེ་དེབ་འགྲེམས་སྟོན་བྱེད་མཁན་ ༧༣༠༠ ལྷག་མཉམ་ཞུགས་བྱེད་བཞིན་ཡོད་པ་དང་། དཔེ་དེབ་ཁྲོམ་འདུས་སྐབས་སུ་ལྟད་མོ་བ་འབུམ་གསུམ་ཙམ་ཕེབས་བཞིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་ཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

ཆུ་ཚོད་ ༢༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་ཀྱི་སློབ་མ་ཚོར་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་ཡི་གེ་འབྲི་རུ་འཇུག་གི་ཡོད་འདུག

ཆུ་ཚོད་ ༢༤ སྔོན་ལ།
མིས་བཟོས་རིག་ནུས་ཀྱི་བསྒྲིགས།
Editorials

མི་རབས་གསར་པའི་ངར་ཤུགས།

༢༠༢༦/༡༠/༡༡
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese