མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནེའུ་ཡོག་ཏུ་མང་ཚོགས་ལ་བདེ་སྐྱིད་ཀྱི་ཤེས་རབ་གཟིགས་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp
ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་༧གོང་ས་མཆོག་གི་མཛད་རྣམ་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ཞེས་པ་ཨ་རིའི་མང་ཚོགས་ཁྲོད་གཟིགས་འབུལ་ཐོག་མར་ཞུས་པར་བོད་མི་ཚོས་དགའ་ཚོར་བསྟན།
ནེའུ་ཡོག་ཏུ་མང་ཚོགས་ལ་བདེ་སྐྱིད་ཀྱི་ཤེས་རབ་གཟིགས་འབུལ་ཞུས།

ཁ་སང་ཕྱི་ཚེས་ ༢༠ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་ཝའུ་ཌི་སི་ཊོག་ (Woodstock) གྲོང་ཁྱེར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དངོས་བྱུང་མཛད་རྣམ་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ (Wisdom of Happiness)ཞེས་པ་ཨ་རིའི་ནང་མང་ཚོགས་ལ་དངོས་སུ་གཟིགས་འབུལ་ཐོག་མར་ཞུས་ཡོད་ཅིང་། གློག་བརྙན་གཟུགས་འབུལ་སྐབས་ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་བོད་རིགས་ཚོགས་པའི་ཚོགས་མི་ ༡༧༠ ཙམ་མཉམ་ཞུགས་བྱས་ཏེ། གཞས་སྣ་འཁྲབ་སྟོན་སོགས་ཀྱི་ལམ་ནས་དགའ་བསུ་དང་སྦྲགས། གློག་བརྙན་དེའི་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

དེ་འབྲེལ་འདི་གའི་གསར་འགོད་པར་ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་གསར་འགོད་གསལ་བསྒྲགས་ཤིག་འབྱོར་བའི་ནང་། ཁ་སང་ས་གནས་ཀྱི་ཆུ་ཚོད་ ༣ ཐོག་བོད་མི་རྣམས་གློག་བརྙན་གཟིགས་འབུལ་ཞུ་ཡུལ་དུ་འཛོམས་ཏེ། ཕྱི་དྲོའི་ཆུ་ཚོད་ ༦ བར་དུ་གཞས་སྣ་འཁྲབ་སྟོན་གྱི་ལམ་ནས། བདེ་སྐྱིད་ཀྱི་ཤེས་རབ་ཨ་རིའི་མང་ཚོགས་ཁྲོད་གཟིགས་འབུལ་ཞུས་པར་དགའ་བསུ་དང་། གློག་བརྙན་འཁྲབ་ཁྲིད་པ་བྷར་བྷ་རཱ་མི་ལིར་ལགས (Barbara Miller) ལགས་དང་། ཧྥི་ལི་ཕི་ཌེ་ལཱ་ཁི་སི་(Philip Delaquis) ལགས།  གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་བོད་དོན་རྒྱབ་སྐྱོར་བ་རི་ཆར་ཌི་གྷར་(Richard Gere) ལགས།  འཁྲབ་གཞུང་རྩོམ་པ་པོ་དང་གློག་བརྙན་བཟོ་བསྐྲུན་པ་ཨོ་རེན་མོ་ཝར་མན་ (Oren Moverman) ལགས་བཅས་སུ་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འཁོད་པའི་དངོས་བྱུང་གློག་བརྙན་དེར་ལྟ་མཁན་ནེའུ་ཡོག་དང་ནེའུ་ཇར་སི་ཙམ་མ་ཡིན་པར། ཨ་རིའི་གྲོང་ཁྱེར་གཞན་ནས་ཀྱང་བོད་མི་མང་པོ་འབྱོར་ཡོད་ཅིང་། གློག་བརྙན་དེར་ལྟ་མཁན་མང་པོ་ཡོད་པའི་རྐྱེན་གྱིས་བོད་མི་ ༤༠ ཙམ་ཚོགས་ཁང་གི་ཕྱི་རོལ་ཏུ་སྡོད་དགོས་བྱུང་ཡོད་འདུག

ཉེ་ལམ་ཟླ་འདིའི་ཕྱི་ཚེས་ ༣ ནས་ ༡༣ ཉིན་གྲངས་ ༡༡ རིང་སུད་སི་གྲོང་ཁྱེར་ཛུ་རིག་ཏུ། ཕྱི་ལོ་ ༢༠༢༤ ལོའི་ཛུ་རིག་གློག་བརྙན་དུས་སྟོན་འཚོགས་ཡོད་པའི་སྟེང་། འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་གློག་བརྙན་མི་འདྲ་བ་ ༡༠༠ ལྷག་མཉམ་ཞུགས་བྱས་པའི་ཁྲོད། ཕྱི་ཚེས་ ༨ ཉིན་བདེ་སྐྱིད་ཀྱི་ཤེས་རབ་ཐོག་མར་གཟིགས་འབུལ་ཞུས་ཏེ་དབུ་འབྱེད་གནང་ཡོད་ལ། སྐབས་དེའི་མཛད་སྒོའི་ཐོག་ཨ་རིའི་ཧོ་ལི་ཝིར་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་བོད་དོན་རྒྱབ་སྐྱོར་བ་རི་ཆར་ཌི་གྷར་(Richard Gere) ལགས་དང་། སུད་སིའི་གློག་བརྙན་འཁྲབ་ཁྲིད་པ་བྷར་བྷ་རཱ་མི་ལིར་( Barbara Miller)ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༧སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་སོགས་མཉམ་ཞུགས་གནང་ཡོད་འདུག

བདེ་སྐྱིད་ཀྱི་ཤེས་རབ་ཞེས་པའི་དངོས་བྱུང་གློག་བརྙན་དེའི་ནང་དུ་ད་ལྟ་བར་བོད་གཞུང་ནས་པར་སྐྲུན་བྱས་མེད་པའི་ཡིག་ཆ་དང་གསར་དུ་ཉར་ཚགས་བྱས་པའི་ཡིག་ཚགས་བཀོད་དེ། ༸གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གི་ཆོས་སྲིད་གཉིས་ཀྱི་མཛད་རྣམ་ཕབ་སྐྲུན་བྱས་པའི་དངོས་བྱུང་གློག་བརྙན་ཞིག་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་ཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

ཆུ་ཚོད་ ༢༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་ཀྱི་སློབ་མ་ཚོར་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་ཡི་གེ་འབྲི་རུ་འཇུག་གི་ཡོད་འདུག

ཆུ་ཚོད་ ༢༤ སྔོན་ལ།
མིས་བཟོས་རིག་ནུས་ཀྱི་བསྒྲིགས།
Editorials

མི་རབས་གསར་པའི་ངར་ཤུགས།

༢༠༢༦/༡༠/༡༡
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese