མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མ་འོངས་བའི་ཁ་ཕྱོགས་སྐོར་གྱི་བགྲོ་གླེང་བསྡུས།

བོད་ཀྱི་དུས་བབ།
༢༠༢༤/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་མ་འོངས་བའི་ཁ་ཕྱོགས་ཀྱི་བགྲོ་གླེང་ཐོག་སྲིད་སྐྱོང་མཆོག་ནས་རྒྱ་གཞུང་གི་ཆུ་མཛོད་བརྒྱུད་ཨེ་ཤ་ཡའི་ནང་དཀའ་ངལ་འཕྲད་ཉེན་ཡོད་སྐོར་གསུངས།

བོད་མིའི་སྒྲིག་འཛུགས་ཀྱི་བརྙན་ལས་བླངས།

ཁ་སང་ཕྱི་ཚེས་ ༢༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་ལྟེ་གནས་ཁང་དུ། འཚེ་བ་མེད་པའི་ཐབས་ལམ་ཐེབས་རྩ་ཁང་གི་ (Foundation for Non-violent Alternatives)  གོ་སྒྲིག་འོག བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དང་། བཙན་བྱོལ་ནང་གི་ཐབས་ཇུས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན།  རྒྱ་གར་གྱི་བྱེད་སྒོ་བཅས་ཀྱི་ཐོག་བོད་ཀྱི་མ་འོངས་བའི་ཁ་ཕྱོགས་ཀྱི་སྐོར་ལ་བགྲོ་གླེང་ཞིག་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། འཚེ་བ་མེད་པའི་ཐབས་རྩ་ཁང་འཛུགས་མཁན་སྐུ་ཞབས་ཨོཾ་པ་རཱ་ཀ་ཤ་ཏན་ཌོན་ལགས། སྐུ་ཞབས་ཨ་ཤོ་ཀ་ཀུ་མཱར་མེ་ཧ་ཊ་ལགས། རྒྱ་གར་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་སུ་ཇེ་ཏ་ཀུ་མཱར་ལགས། ཉམས་ཞིབ་པ་སོགས་འཛོམས་ཡོད་འདུག

བོད་ཀྱི་ས་ཁམས་ཆགས་ཚུལ་སྐོར་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། བོད་ནི་གངས་རིའི་ཡོངས་སུ་བསྐོར་ཡོད་པར་བརྟེན།  ཕྱི་གླིང་བ་རྣམས་ཀྱིས་འཛམ་གླིང་གི་ཡར་རྩེ་རུ་འབོད་ཀྱི་ཡོད་ཅིང་།  ས་ཁམས་ཡོངས་སུ་རྒྱ་མཚོ་ངོས་ལས་མཐོ་ཚད་རྨིད་ ༥༨༨༠ ཙམ་ཡོད། དེ་ནི་ནེའུ་ཛི་ལན་ཌི་རྒྱལ་ཁབ་ནང་གི་རི་བོ་མཐོ་ཤོས་ཀྱི་ཚད་དང་གཅིག་པ་རེད། བོད་ཀྱི་ས་ཆའི་རྒྱ་ཁྱོན་ཡོངས་སུ་སྤྱི་ལེ་གྲུ་བཞི་མ་ས་ཡ་ ༢།༥ ཟིན་ཡོད་པ་དང་། ཚན་རིག་པ་རྣམས་ཀྱིས་བོད་ནི་འཛམ་གླིང་སྣེ་གསུམ་པར་འབོད་བཞིན་འདུག བོད་མཐོ་སྒང་གི་འཁྱགས་རོམ་བཞུར་ཏེ་ཤར་ལྷོའི་ཨེ་ཤ་ཡའི་རྒྱལ་ཁབ་བཅུ་ལྷག་གི་གཙང་པོའི་ནང་བཞུར་བཞིན་ཡོད། ཅེས་དང་། དེ་བཞིན་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཀྱི་གལ་གནད་ཆེ་བའི་ལོ་ཚིགས་གསལ་སྟོན་བྱས་ཅིང་།  བོད་དང་རྒྱ་གར་བར་དུ་ཆོས་སྲིད་གཉིས་ཀྱི་ཐད་ནས་འབྲེལ་ལམ་ཟབ་མོ་ཡོད་པ་མ་ཟད། ཨ་རིའི་གཞུང་གིས་གཏན་འབེབས་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་ནང་དོན་གལ་གནད་སྐོར་གཙོ་བོར་བཟུང་སྟེ། ཁྲིམས་ཡིག་དེ་བརྒྱུད་ཨ་རིའི་གཞུང་ནས་བོད་རྒྱའི་དཀའ་རྙོག་ཐོག་སྔར་ལྷག་དོ་སྣང་དང་། ལངས་ཕྱོགས་གསལ་སྟོན་གྱིས་བོད་དོན་ལ་རྒྱབ་སྐྱོར།  བོད་དང་རྒྱ་ནག་བར་གྱི་དཀའ་རྙོག་སེལ་ཐབས་ལ་སྐུལ་དེད་གཏོང་བ་སོགས་ཁྲིམས་ཡིག་གི་གལ་གནད་སྐོར་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་ནས། བོད་ཀྱི་ཁོར་ཡུག་སྤྱི་དང་ལྷག་པར་དུ་བོད་ནས་ཐོན་པའི་གཙང་ཆུ་ཁག་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལག་ཆར་བཀོལ་སྤྱོད་བྱེད་ཚུལ་དང་འབྲེལ་ཏེ། བོད་ནས་ཐོན་པའི་གཙང་ཆུ་རྣམས་ནི་ཨེ་ཤ་ཡའི་མི་མང་འབུམ་ཕྲག་མང་པོའི་འཚོ་རྟེན་དུ་གྱུར་ཡོད་པ་མ་ཟད། བོད་ནས་ཐོན་པའི་གཙང་ཆུ་ཆེ་ཁག་གཉིས་ཀྱི་འདབས་སུ་རྒྱ་དཀར་ནག་གཉིས་ཀྱི་དཔལ་ཡོན་དར་མགོ་ཚུགས་ཡོད་པ་གསལ་བཤད་གནང་བའི་ཐོག ད་ལྟའི་ཆར་རྒྱ་ནག་གཞུང་གིས་གཙང་ཆུ་དེ་དག་ལ་ཆུ་མཛོད་བརྒྱབ་སྟེ། ཆུའི་བཞུར་རྒྱུན་ལ་འགྱུར་བ་གཏོང་གི་ཡོད་ལ། ལྷག་པར་དུ་གཙང་ཆུ་དེ་དག་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱད་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དཀའ་ངལ་བཟོ་བཞིན་ཡོད་པ་གསལ་སྟོན་བྱས་ཏེ། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོར་འཛམ་གླིང་སྟེང་གི་ཆུ་མཛོད་ཆེ་ཤོས་དེ་རྒྱག་བཞིན་ཡོད་པ་དེས། རང་བྱུང་གོད་ཆག་སོགས་ཀྱི་དཀའ་ངལ་བྱུང་ཚེ། ཆུ་མཛོད་ཆེན་པོ་དེའི་ཉེ་འབྲེལ་རྒྱལ་ཁབ་དག་གི་མི་མང་འབུམ་ཕྲག་མང་པོར་དཀའ་ངལ་འཕྲད་རྒྱུ་ཡིན་པའི་སྐོར་གསུངས་འདུག

མཇུག་ཏུ་སྲིད་སྐྱོང་མཆོག་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བྱམས་དང་སྙིང་རྗེའི་ལམ་སྟོན་མཛད་རྗེས་འཛམ་གླིང་མི་མང་གི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་པ་མ་ཟད།  བོད་ཀྱི་འཚེ་བ་མེད་པའི་བདེན་པའི་འཐབ་རྩོད་ལ་རྒྱལ་སྤྱིའི་ཐོག་ནས་མི་མང་གིས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་སྐོར་གསུངས་འདུག

འདས་ལོའི་ཕྱི་ཟླ་ ༨ ཕྱི་ཚེས་ ༡ ནས་ཉིན་གཉིས་རིང་འཚེ་བ་མེད་པའི་ཐབས་ལམ་ཐེབས་རྩ་ཁང་གི་(Foundation For Non-Violent Alternatives) གོ་སྒྲིག་འོག རྒྱ་ནག་གཅིག་གི་སྲིད་ཇུས་དྲག་སྤྱོད་ཅེས་པའི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཤིག་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱ་གར་གཞུང་ཚབ་ཆེན་མོ་ཟུར་པ་ལཱ་ཁཱན་ལཱལ་མེ་ཧ་རོ་ཌི་རཱ་(Lakhan Mehrotra) མཆོག་གི་གཙོས་རྒྱལ་སྤྱིའི་མཁས་དབང་དང་། ཉམས་ཞིབ་པ། གཙུག་ལག་སློབ་གླིང་ཁག་གི་སློབ་དཔོན། གཞུང་ཚབ་ཟུར་པ་བཅས་མཉམ་ཞུགས་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་མཆོག་ནས་རྒྱ་ནག་གཅིག་གི་སྲིད་ཇུས་ནི་བོད་དང་འབྲེལ་བ་ཅིའང་མེད་ཅེས་ནན་བརྗོད་གནང་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༢༤ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese