མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་བོད་ནང་གི་གློག་བརྙན་སྟོན་པའི་ཆོག་མཆན་སྤྲད་མེད་པ་རེད།

བོད་ཀྱི་དུས་བབ།
༢༠༢༤/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་༧གོང་ས་མཆོག་གི་མཛད་རྣམ་བདེ་སྐྱིད་ཀྱི་ཤེས་རབ་དང་། བོད་པ་རང་ཉིད་ཀྱིས་བཟོ་སྐྲུན་བྱས་པའི་གློག་བརྙན་གསུམ་བཅས་སྟོན་འཆར་འདུག

ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ཁང་གི་འགན་འཛིན་བསྟན་འཛིན་བསོད་ནམས་ལགས་དང་རི་ཏུ་ས་རིན་ལགས་གཉིས། བོད་ཀྱི་དུས་བབ་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་དྷ་རམ་ས་ལའི་ཀ་ཅཱ་རི་རྫོང་དཔོན་ལས་ཁུངས་ཀྱི་ཚོགས་ཁང་དུ། ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ཁང་གི་འགན་འཛིན་བསྟན་འཛིན་བསོད་ནམས་ལགས་དང་། ཁོང་གི་བཟའ་ཟླ་རི་ཏུ་ས་རིན་(Ritu Sarin)ལགས་གཉིས་ཀྱིས། ཕྱི་ཟླ་ ༡༡ ཚེས་ ༧ ནས་ ༡༠ ཉིན་བཞིའི་རིང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ། ཕྱི་ལོ་ ༢༠༢༤ ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(DIFF) ཐེངས་ ༡༣ པ་འཚོག་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་བ་དང་། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༢༨  ལྷག་ནས་ཐོན་པའི་གློག་བརྙན་རིང་གྲས་དང་ཐུང་གྲས་ཁྱོན་བསྡོམས་ ༩༡ སྟོན་འཆར་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པར་ཐེངས་འདིའི་གློག་བརྙན་དུས་སྟོན་སྐོར་ལ་གོ་སྒྲིག་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས། ད་ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་འཚོག་རྒྱུ་ཡིན། དེ་རུ་འཚོག་དགོས་པའི་རྒྱུ་མཚན་ནི་དྷ་སྟེང་བོད་ཕྲུག་ཁྱིམ་སྡེར་ས་ཆ་ཆེན་པོ་ཡོད་པ་དང་། ད་ལོ་ང་ཚོས་གློག་བརྙན་སྟོན་སའི་ཚོགས་ཁང་ལྔ་གོ་སྒྲིག་ཞུ་བཞིན་ཡོད། ད་ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༢༨ ལྷག་ནས་ཐོན་པའི་གློག་བརྙན་རིང་གྲས་དང་ཐུང་གྲས་ཁྱོན་བསྡོམས་ ༩༡ སྟོན་རྒྱུ་ཡིན་ཞིང་། གློག་བརྙན་བཟོ་སྐྲུན་པ་དང་མཉམ་དུ་བགྲོ་གླེང་ཡང་བྱ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པས་ཐེངས་འདིའི་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་ཅི་ཙམ་ཡོད་མེད་དྲིས་པར་བསྟན་འཛིན་བསོད་ནམས་ལགས་ཀྱིས། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་གསུམ་ཡོད། དེའི་ཁྲོད་ཀྱི་གློག་བརྙན་རིང་པོ་གཅིག་ནི་ས་མཐའི་ལས་དབང་ཞེས་པ་དེ་ཡིན། ཕལ་ཆེ་བ་དྷ་རམ་ས་ལའི་བོད་ཀྱི་གློག་བརྙན་བཟོ་མཁན་རེད། དེ་ནི་གློག་བརྙན་ཐུང་བ་བཞི་མཉམ་དུ་གློག་བརྙན་གཅིག་བཟོས་པ་ཞིག་རེད། ཉེ་ལམ་ལྷོ་ཀོ་རི་ཡའི་པུ་སིན་གློག་བརྙན་དུས་སྟོན་སྟེང་ཐོག་མར་གཟིགས་འབུལ་ཞུས་ཡོད་ཅིང་། རྒྱ་གར་དུ་དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཐེངས་དང་པོ་སྟོན་རྒྱུ་ཡིན། གློག་བརྙན་འདི་ནི་བོད་པའི་སྤྱི་ཚོགས་ནང་གལ་ཆེན་པོ་མཐོང་གི་འདུག གློག་བརྙན་འདིའི་བཟོ་སྐྲུན་པ་དང་། འཁྲབ་སྟོན་པ། ལས་ཀ་བྱེད་མཁན་བོད་པ་ཡིན་པ་མ་ཟད། ཕལ་ཆེ་བ་དྷ་རམ་ས་ལར་སྡོད་མཁན་དང་བོད་ཕྲུག་ཁྱིམ་སྡེ་ནས་སློབ་སྦྱོང་ཐོན་མཁན་རེད། ད་ལན་གྱི་གློག་བརྙན་དུས་སྟོན་ཐོག་སྟོན་ཐུབ་པར་ཧ་ཅང་དགའ་བོ་བྱུང་། དྷ་སའི་ཉེ་འཁྲིས་སྦིར་གནས་སྡོད་བོད་ཀྱི་གཞོན་སྐྱེས་འཇམ་དབྱངས་ཕུན་ཚོགས་དང་། ཨ་རིའི་ནེའུ་ཡོག་གནས་སྡོད་ཀུན་དགའ་ཆོས་འཕེལ་གྱིས་བཟོས་པའི་གློག་བརྙན་གཉིས་བཅས་ཡོད། གློག་བརྙན་དེ་གསུམ་ནི་བོད་པ་རང་ཉིད་ཀྱིས་བཟོས་པའི་གློག་བརྙན་ཡིན། དེ་བཞིན་བོད་དང་འབྲེལ་བ་ཡོད་པའི་གློག་བརྙན་ནི་༧གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པ་དེ་ཡིན། ཨེ་ཤ་ཡའི་ནང་ཐོག་མར་སྟོན་ས་དྷ་སའི་གློག་བརྙན་དུས་སྟོན་ཆགས་ཀྱི་ཡོད། གློག་བརྙན་ནང་དུ་༧གོང་ས་མཆོག་གིས་བཀའ་སློབ་གནང་ཡོད་པ་མ་ཟད། གློག་བརྙན་ཡང་ཧ་ཅང་ཡག་པོ་བཟོས་ཡོད་པས། ཐེངས་འདིར་༧གོང་ས་མཆོག་གི་མཛད་རྣམ་གློག་བརྙན་གཟིགས་འབུལ་ཞུ་ཐུབ་པར་ཧ་ཅང་དགའ་བོ་བྱུང་། ཞེས་འགྲེལ་བརྗོད་གནང་བྱུང་།

ཡང་ཐེངས་འདིའི་དུས་སྟོན་ཐོག་བོད་ནང་ནས་བཟོ་སྐྲུན་བྱས་པའི་གློག་བརྙན་ཡོད་མེད་དྲིས་པར་ཁོང་གིས། ད་ལོའི་གློག་བརྙན་དུས་སྟོན་ཐོག་བོད་ནང་གི་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་སྟོན་པར་ཐབས་ཤེས་མང་པོ་བྱས་ཡིན།  འདས་པོ་ཁོང་གི་གློག་བརྙན་ཚོང་འབྲེལ་བྱེད་མཁན་གྱི་ཚོགས་པར་འབྲེལ་བ་མང་པོ་བྱས་ཏེ། ཐོག་མར་ང་ཚོར་གློག་བརྙན་སྟོན་ཆོག་པའི་ཆོག་མཆན་སྤྲད་པས། ང་ཚོས་ཀྱང་གློག་བརྙན་དུས་སྟོན་ཐོག་སྟོན་རྒྱུའི་འཆར་གཞི་ཡོད། མཐའ་མར་ང་ཚོས་ཕར་ཚུར་འབྲེལ་བ་བྱེད་སྐབས། གློ་བུར་བརྡ་ལན་འབྱོར་ནས་གློག་བརྙན་སྟོན་པའི་བཀའ་འཁྲོལ་རག་མ་སོང་། དྷ་རམ་ས་ལར་གློག་བརྙན་འདི་སྟོན་ཆོག་གི་མ་རེད་ཟེར།  དེ་ནི་ཡིད་མ་ཆེས་པ་ཞིག་རེད། འདས་ལོར་རྒྱ་གར་གྷོ་ཝའི་གློག་བརྙན་དུས་སྟོན་ཐོག་གློག་བརྙན་དེ་བསྟན་ཟིན་པ་རེད། གློག་བརྙན་གསའ་རྒྱ་གར་ནང་དུ་སྟོན་མ་ཆོག་པས་མ་རེད། གློག་བརྙན་དུས་སྟོན་འཚོགས་ས་དྷ་རམ་ས་ལར་འཚོག་བཞིན་ཡོད་པས། ཁོང་ཚོས་དམིགས་བསལ་མ་འདྲ་བ་ཞིག་བསམ་གྱི་འདུག དེར་བརྟེན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་སྟོན་པའི་ཆོག་མཆན་རག་མ་བྱུང་།  ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་སྟོན་ཐུབ་ན་བསམ་ཡང་བསྟན་ཐུབ་མ་སོང་། ཧ་ཅང་བློ་ཕམ་བྱུང་། ཞེས་འགྲེལ་བརྗོད་གནང་སོང་།

གློག་བརྙན་དུས་སྟོན་གྱི་གལ་གནད་སྐོར་ལ་ཁོང་གིས། དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་འཛམ་གླིང་གི་གློག་བརྙན་སྤུས་དག་རྣམས་བསྟན་རྒྱུའི་དམིགས་ཡུལ་ཐོག་མགོ་ཚུགས་པ་རེད། རྗེས་སུ་རྒྱ་གར་ནང་ལོ་རེ་བཞིན་འཚོགས་ཏེ་སྐད་གྲགས་དང་མཐོང་ཆེན་པོ་ཆགས་དུས། ལོ་ལྟར་གློག་བརྙན་བཟོ་མཁན་དང་ལྟད་མོ་ལྟ་མཁན་མང་ནས་མང་དུ་འགྲོ་བཞིན་འདུག གློག་བརྙན་གྱི་ཆེད་དུ་དྷ་ས་གློག་བརྙན་དུས་སྟོན་གྱིས་ཧ་ཅང་ཕན་ཐོགས་པོ་བྱུང་། དེ་བཞིན་བོད་དོན་ཐོག་གློག་བརྙན་དུས་སྟོན་འདི་གལ་ཆེན་པོ་མཐོང་གི་འདུག གློག་བརྙན་དུས་སྟོན་ནི་ཆབ་སྲིད་དང་འབྲེལ་བ་མེད་ཀྱང་། ཚོགས་ཡུལ་དྷ་རམ་ས་ལ་ཆགས་ཡོད་པས་འཛམ་གླིང་གི་གློག་བརྙན་བཟོ་མཁན་དང་ལྟད་མོ་མང་པོ་རང་བཞིན་གྱིས་བོད་དོན་འཐབ་རྩོད་ཐོག་གོ་རྟོགས་ཡོང་གི་འདུག བོད་ཀྱི་གཞོན་སྐྱེས་མང་པོས་གློག་བརྙན་ཐོག་དོ་སྣང་ཤུགས་ཆེན་ཡོང་གི་ཡོད་པ་མ་ཟད། སྔོན་མ་ལས་གློག་བརྙན་སྤུས་དག་པོའི་རིགས་ཡོང་བཞིན་འདུག  མ་འོངས་བར་བཙན་བྱོལ་ནང་བོད་ཀྱི་གློག་བརྙན་སྤུས་དག་པོ་བཟོ་མཁན་མང་པོ་ཡོང་རྒྱུ་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

མཇུག་ཏུ་ཁོང་གིས་སྔོན་མ་དང་བསྡུར་ན་དེང་སང་བོད་པའི་སྤྱི་ཚོགས་ཁྲོད་དུ་གློག་བརྙན་བཟོ་མཁན་མང་དུ་ཕྱིན་འདུག སྔར་དང་མི་འདྲ་བར་གློག་བརྙན་སྤུས་དག་པོའི་རིགས་བཟོས་ཡོང་གི་འདུག གློག་བརྙན་ཐོག་དོ་སྣང་ཤུགས་ཆེན་བྱས་ཏེ་གློག་བརྙན་ཡག་པོ་བཟོ་བཞིན་འདུག གློག་བརྙན་ཐོག་དཀའ་ལས་རྒྱག་མཁན་མང་དུ་འབྱུང་བཞིན་ཡོད་པས། མ་འོངས་བར་བོད་པའི་སྤྱི་ཚོགས་ནང་དུ་གློག་བརྙན་སྤུས་དག་བཟོ་མཁན་མང་དུ་འགྲོ་རྒྱུ་རེད་འདུག ཅེས་དང་། དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་སྟོན་བཞིན་པའི་གློག་བརྙན་རྣམས་ཚོང་ལས་དང་འབྲེལ་བ་མེད་པ་དང་། རང་དབང་ཅན་གྱི་གློག་བརྙན་རིགས་རེད། རྒྱལ་ཁབ་འདྲ་མིན་དང་རྒྱ་གར་གྱི་ལྟད་མོ་མང་པོའི་དོ་སྣང་བྱེད་བཞིན་ཡོད་པས། བོད་པ་རྣམས་ཀྱིས་ཀྱང་གློག་བརྙན་ཁང་དུ་སོང་སྟེ་གློག་བརྙན་དེའི་རིགས་ལ་དོ་སྣང་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese