མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གྲངས་ ༡༦ རིང་དྷ་ས་མེག་གྷན་དུ་ངེས་མེད་ཅེས་པའི་རི་མོའི་འགྲེམས་སྟོན་ཞིག་སྤེལ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་མ་འོངས་པར་བོད་པའི་གཞོན་སྐྱེས་ཚོས་སྒྱུ་རྩལ་གྱི་ལམ་ནས་འཐབ་རྩོད་ཀྱི་བརྒྱུད་རིམ་རྒྱུན་སྐྱོང་བྱེད་ཐུབ་ན་ནུས་པ་ཆེན་པོ་འདུག་གསུངས་སོང་།

དྷ་ས་མེག་གྷན་དུ་ངེས་མེད་ཅེས་པའི་རི་མོའི་འགྲེམས་སྟོན་སྤེལ་བཞིན་པ། ༢༠༢༤།༡༡།༡ དུས་བབ་ཀྱི་པར།

ཁ་སང་ཕྱི་ཚེས་ ༡ ནས་ ༡༦ བར་དྷ་ས་མེག་གྷན་དུ་ཁ་དོག་མཐུན་ཚོགས་ (Khadhok) ཀྱི་གོ་སྒྲིག་འོག ངེས་མེད་ཅེས་པའི་བརྗོད་གཞིའི་ཐོག་ནས་རྒྱ་གར་དང་བལ་ཡུལ། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པའི་རི་མོའི་སྒྱུ་རྩལ་བ་ ༢༠ ཡི་རི་མོའི་འགྲེམས་སྟོན་བྱེད་མགོ་བརྩམས་སོང་། ཁ་སང་ཕྱི་ཚེས་ ༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ པར་ངེས་མེད་ཅེས་པའི་རི་མོའི་འགྲེམས་སྟོན་དངོས་སུ་དབུ་འབྱེད་གནང་སྐབས། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། གཞས་པ་ཁ་རག་སྤེན་པ་ལགས། ཁ་དོག་མཐུན་ཚོགས་ཀྱི་ཚོགས་མི། དེ་བཞིན་རི་མོའི་སྒྱུ་རྩལ་བ་ཁག་ཅིག་དང་མང་ཚོགས་བཅས་མཉམ་ཞུགས་གནང་སོང་།

ངེས་མེད་ (Unsettled) ཅེས་པའི་བརྗོད་གཞིའི་ཐོག་འགྲེམས་སྟོན་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་གང་ཡིན་སྐོར་ལ་ཁ་དོག་མཐུན་ཚོགས་ཀྱི་ (Co-Founder) མཉམ་འབྲེལ་དབུ་འཛུགས་མཁན་བཀྲ་ཤིས་ཉི་མ་ལགས་ཀྱིས། ང་ཚོ་བཙན་བྱོལ་གཞིས་ཆགས་སུ་སྐྱེས་འཚར་བྱུང་བའི་ཕྲུ་གུ་ཡིན་ཞིང་། གཞིས་ཆགས་ལ་དབྱིན་སྐད་དུ་ (Settlement) ཟེར་བ་དེ་གཏན་འཇགས་ཟེར་གྱི་ཡོད་ཀྱང་། དོན་དངོས་སུ་གཞིས་ཆགས་སུ་གནས་སྡོད་བྱེད་མཁན་གྱི་བོད་མི་རྣམས་གཏན་འཇགས་མ་རེད། དེར་བརྟེན་འགྲེམས་སྟོན་འདིའི་མིང་ལ་ངེས་མེད་ཅེས་བཏགས་པ་ཡིན། གཞན་ཡང་། ང་ཚོའི་གཟུགས་པོ་དེ་གཏན་འཇགས་ཆགས་ཡོད་སྲིད་ཀྱང་། མིའི་ངོ་བོ་དང་། དམིགས་ཡུལ། བསམ་བློ། སེམས་པ་སོགས་ཚོར་བ་འདྲ་མིན་ཡོད་པ་དེ་དག་ངེས་མེད་བརྒྱུད་ནས་སྟོན་ཐུབ་པ་དང་། བོད་མི་ཙམ་མིན་པར་མི་སུ་ཡིན་རུང་ངེས་མེད་ཀྱི་ཚོར་བ་ལ་བརྟེན་ནས་ཡར་རྒྱས་དང་ཉམས་རྒུད་འགྲོ་ཡི་ཡོད་ལ། ངེས་མེད་ཚོར་བ་ཡོད་པ་དེས་མིའི་མི་ཚེ་མུ་མཐུད་དུ་འགྲོ་ཐུབ་ཀྱི་འདུག་བསམས། ཞེས་བརྗོད་བྱུང་།

འགྲེམས་སྟོན་འདིས་ཕན་ཐོགས་ག་རེ་བྱུང་ཡོད་མེད་ཐད་བཀྲ་ཤིས་ཉི་མ་ལགས་ཀྱིས། ད་ལོའི་ངེས་མེད་ཅེས་པའི་རི་མོའི་འགྲེམས་སྟོན་འདིའི་ནང་ལ་སྒྱུ་རྩལ་བ་གང་མང་མང་ལ་སྡིངས་ཆ་སྤྲོད་རྒྱུ་དང་། དམིགས་བསལ་གྱིས་གཞོན་སྐྱེས་ཁག་ལ་སྡིངས་ཆ་སྤྲོད་ཐབས་བྱས་ཡིན། མི་མང་པོ་ཞིག་གིས་འགྲེམས་སྟོན་འདི་འདྲ་གོ་སྒྲིག་བྱས་པ་དེ་ཡག་པོ་འདུག་ཞུ་མཁན་བྱུང་བ་མ་ཟད། རྒྱབ་སྐྱོར་བྱེད་མཁན་ཡང་མང་པོ་བྱུང་སོང་ལ། སྒྱུ་རྩལ་བ་མང་པོ་ཞིག་གིས་ཚུར་འབྲེལ་བ་བྱས་ཏེ་ཁོ་ཚོའི་རི་མོ་འགྲེམས་སྟོན་ནང་སྟོན་འདོད་ཡོད་པའི་རྣམ་པ་སྟོན་པ་སོགས་ཀྱི་ཕན་ཐོགས་བྱུང་། ཞེས་བརྗོད་བྱུང་།

འདི་གའི་གསར་འགོད་པར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། དེ་རིང་ཁ་དོག་གིས་རི་མོའི་སྒྱུ་རྩལ་གྱི་འགྲེམས་སྟོན་ནང་དུ་གཞོན་སྐྱེས་ཀྱི་རི་མོའི་སྒྱུ་རྩལ་བ་ ༢༠ ལྷག་གིས་རི་མོའི་འགྲེམས་སྟོན་གནང་བ་དེ་ཧ་ཅང་ཡག་པོ་འདུག དེ་སྔ་ངས་ཞུས་པ་ལྟར་བོད་ཀྱི་རིག་གནས་དང་རིག་གཞུང་ལབ་དུས་ཡིན་ཅིག་མིན་ཅིག་གནའ་རབས་ཀྱི་རིག་གཞུང་མི་དགོས་པར། དེང་དུས་ཀྱི་རིག་གཞུང་དེ་ཚོ་སྟོན་ཐུབ་རྒྱུ་དང་། ལྷག་པར་དུ་ང་ཚོའི་བོད་ཀྱི་གནད་དོན་དེ་དག་ཕྱི་ལ་སྟོན་པར་རི་མོའི་སྒྱུ་རྩལ་ལམ་ནས་སྟོན་ཐུབ་ཚེ་ནུས་པ་ཆེན་པོ་ཡོད་པ་མཐོང་ཐུབ་ཀྱི་འདུག དེར་བརྟེན། དེ་རིང་འདིར་གཟིགས་མོ་བ་ཕལ་ཆེ་བ་གཞོན་སྐྱེས་ཡིན་པ་མ་ཟད། བོད་པ་ཙམ་མིན་པར་ཕྱི་རྒྱལ་བ་དང་། རྒྱ་གར་བ་མང་པོ་ཞིག་ཕེབས་ཡོད་དུས། འགྲེམས་སྟོན་དེ་ནུས་པ་ཆེན་པོ་ཡོད་པ་མངོན་གསལ་དོད་པོ་རེད་འདུག མ་འོངས་པར་བོད་པའི་གཞོན་སྐྱེས་ཚོས་སྒྱུ་རྩལ་གྱི་ལམ་ནས་ང་ཚོའི་འཐབ་རྩོད་ཀྱི་བརྒྱུད་རིམ་རྒྱུན་སྐྱོང་བྱེད་ཐུབ་རྒྱུའི་ནུས་པ་ཐོན་ཐུབ་པ་གསལ་པོ་རེད་འདུག ཅེས་གསུངས་སོང་།

ཐེངས་འདིའི་རི་མོའི་འགྲེམས་སྟོན་དེ་ཁ་དོག་མཐུན་ཚོགས་ཀྱི་འགྲེམས་སྟོན་ཐེངས་གཉིས་པ་ཡིན་ཞིང་། རི་མོའི་སྒྱུ་རྩལ་བ་ ༢༠ ཡི་རི་མོ་ ༥༠ ལྷག་བཏོན་ཡོད་འདུག་ལ། འགྲེམས་སྟོན་འདིའི་ནང་དུ་རི་མོའི་སྒྱུ་རྩལ་བ་ཁག་ཅིག་གིས་སྣུམ་ཚོན་དང་། འགྱིག་ཚོན། (textile art)། པར་རིས་སོགས་དེང་དུས་ཀྱི་སྒྱུ་རྩལ་སྣ་མང་བེད་སྤྱོད་བྱེད་པའི་རི་མོ་བསྟན་འདུག རི་མོའི་སྒྱུ་རྩལ་བ་རེ་རེས་སོ་སོའི་བསམ་བློ་དང་། སེམས་ཚོར། དེ་བཞིན་མི་རེ་ངོ་རེའི་ངོ་བོ་དང་རྨི་ལམ་སོགས་གང་ཡིན་པ་རྣམས་རི་མོའི་ལམ་ནས་རྣམ་འགྱུར་སྟོན་ཐབས་བྱས་ཡོད་འདུག་ལ། རི་མོ་ཁག་ཅིག་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ནས་རྒྱ་ནག་གིས་བོད་མིར་སོ་ལྟ་ནན་པོ་བྱས་དང་བྱེད་མུས་ཡིན་པའི་གནད་དོན་མཚོན་པའི་རི་མོ་བསྟན་འདུག་པ་མ་ཟད། ཕྱི་ཚེས་ ༡ ནས་ ༡༦ བར་མེག་གྷན་དུ་ངེས་མེད་ཅེས་པའི་རི་མོའི་འགྲེམས་སྟོན་སྤེལ་བཞིན་པའི་ནང་རིན་མེད་ཐོག་མཉམ་ཞུགས་བྱེད་ཆོག་གི་འདུག

རི་མོའི་སྒྱུ་རྩལ་བ་དང་ཁ་དོག་མཐུན་ཚོགས་ཀྱི་ (Co-founder) བསྟན་འཛིན་སྨིན་ལེགས་ལགས་ཀྱིས། ངས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཕྱིན་པའི་སྐབས་ཞི་ཅིན་ཕིན་གྱི་རི་མོ་འདི་བྲིས་པ་ཡིན། སྤྱིར་རྒྱ་ནག་ནས་ཏོག་དབྱིབས་གཉན་རིམས་མཆེད་མགོ་བཙུགས་པར་བརྟེན། ང་རང་ཁོང་ཁྲོ་ཟ་བའི་རྣམ་འགྱུར་རྣམས་རི་མོའི་ལམ་ནས་བསྟན་ཡོད་ལ། རི་མོའི་སྟེང་ལ་ཤི་ཞེས་པའི་ཚིག་བེད་སྤྱོད་བྱས་ཏེ་ཞི་ཅིན་ཕིན་ཤི་གྲབས་ཡོད་པའི་རེ་བ་བྱས་ཏེ་རི་མོ་འདི་བྲིས་པ་ཡིན། གཞན་ཡང་། བོད་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་བར་བཀག་སྡོམ་བྱས་པ་སོགས་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་ཡང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་པར་ཁང་པའི་ནང་ངེས་པར་དུ་ཉར་བཅུག་གི་ཡོད་པ་སོགས་ལ་བརྟེན་ནས་བོད་མི་རྣམས་ལ་རང་དབང་མེད་པ་གསལ་པོ་རེད། ང་ཚོ་རྒྱ་གར་རང་དབང་ལུང་པར་ཡོད་པར་བརྟེན། ཞི་ལ་ཁོང་ཁྲོ་ཟ་བའི་རྣམ་འགྱུར་ཆ་ཚང་རི་མོའི་ལམ་ནས་བསྟན་པ་ཡིན། ཞེས་བརྗོད་བྱུང།

རི་མོའི་སྒྱུ་རྩལ་བ་མངོན་ཤེས་ཆོས་སྒྲོན་ལགས་ཀྱིས་འདི་གའི་གསར་འགོད་པར། ངས་ད་ལན་གྱི་འགྲེམས་སྟོན་ནང་སྐྱེས་དམན་ཞིག་ཆུའི་སྟེང་ལ་གཞས་འཁྲབ་བཞིན་པའི་རི་མོ་ཞིག་བསྟན་ཡོད། རི་མོ་འདི་བྲིས་པའི་རྒྱུ་མཚན་ནི་ང་ཚོའི་སྤྱི་ཚོགས་ནང་ལ་བུ་མོའི་སྤྱོད་ལམ་དང་གཤིས་ཀ་ཚོད་འཛིན་བྱེད་སྲོལ་ཆེ་ཞིང་། སྐྱེས་དམན་ཞིག་ཡིན་ཚེ་འདི་ཤེས་དགོས་པ་དང་འདི་ཤེས་དགོས་མ་རེད་ཟེར་བ་སོགས་ཀྱིི་བསམ་བློ་འཛིན་ཕྱོགས་མང་པོ་ཡོད་པར་བརྟེན། ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས། རི་མོ་འདི་བརྒྱུད་ནས་བུད་མེད་རྣམས་སྤྱི་ཚོགས་ཀྱི་གཏན་འབེབས་རིང་བཞིན་གྱི་མཐོང་ལམ་ནས་ཐར་བའི་ཚོར་བ་ཞིག་སྟོན་ཐབས་བྱས་ཏེ། སོ་སོ་རང་དབང་དང་སེམས་སྐྱིད་ངང་ནས་གཞས་འཁྲབ་བཞིན་པའི་རྣམ་འགྱུར་བསྟན་པ་ཡིན། ཞེས་བརྗོད་བྱུང་།

འདས་ལོར་དྷ་སར་ཁ་དོག་མཐུན་ཚོགས་ཀྱིས་རི་མོའི་འགྲེམས་སྟོན་གོ་སྒྲིག་བྱས་པའི་ནང་། རི་མོའི་སྒྱུ་རྩལ་བ་ ༡༥ ཙམ་གྱི་རི་མོ་ཡོད་པའི་ཁྲོད་ནས་རི་མོའི་སྒྱུ་རྩལ་བ་ ༡༡ གི་རི་མོ་དེ་དག་ཚོང་འགྲེམས་བྱ་རྒྱུར་དམིགས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese