མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༥ ཕེབས་པའི་འཁྲུངས་སྐར་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་དོན་བསྒྲུབ་པར་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ནུས་པ་ཞིག་ཐོན་པ་ནི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཡིན་ཞེས་གསུངས།

དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་༧སྐྱབས་རྗེ་ཟམ་གདོང་རིན་པོ་མཆོག་དགུང་གྲངས་ ༨༥ བཞེས་པའི་འཁྲུངས་སྐར་སྲུང་གཙི་ཞུ་བཞིན་པ། དུས་བབ་ཀྱི་པར། ༢༠༢༤།༡༡།༠༥

དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག་དྷ་ས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་བསྟི་གནས་ཁང་གི་གོ་སྒྲིག་འོག ཁྲི་ཟུར་༧སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་དགུང་གྲངས་ ༨༥ བཞེས་པའི་འཁྲུངས་སྐར་སྲུང་གཙིའི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་འབུམ་རམས་པ་བསོད་ནམས་རྒྱལ་མཚན་ལགས། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ལྷན་འཛོམས་བྱུང་འདུག

སྐབས་དེར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་ནས། ང་ཚོ་བོད་མི་རིགས་ཀྱི་སྤྱི་ཡོངས་ནས་བལྟས་ཚེ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་རེད། ང་ཚོས་འཐབ་རྩོད་བྱས་པའི་བརྒྱུད་རིམ་ནང་དུ་བཀྲ་ཤིས་པ་དང་དོན་འགྲུབ་པའི་ཆ་རྡུལ་ཕྲན་ཡོད་པ་ཐམས་ཅད་༧གོང་ས་རྒྱལ་བ་རིན་པོོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་རེད། བོད་དོན་འཐབ་རྩོད་རྒྱ་གར་དུ་རྩ་བ་ཚུགས་ཤིང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཡན་ལག་རྒྱས་ཡོད་ལ། བོད་ཀྱི་ཆོས་དང་རིག་གཞུང་ཡང་གནའ་རབས་ཀྱི་ལམ་སྲོལ་ཙམ་མིན་པར་དོན་གནས་ལྡན་པ་དང་འཛམ་གླིང་གི་གཅེས་ནོར་ཞིག་ཏུ་བསྒྱུར་ཐུབ་ཡོད། དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་དུ་ཞབས་སོར་འཁོད་པ་ནས་གཞི་རྩ་ཚུགས་པ་རེད། ཞེས་དང་། བོད་པའི་འདུ་ཤེས་དང་སེམས་ཤུགས་ནི་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཁོ་ན་ལས་བྱུང་བར་བརྟེན། ༧མགོན་པོ་མཆོག་གི་ཞབས་པད་བརྟན་པ་དང་དགོངས་པ་བསྒྲུབ་པ་ལས་ལྷག་པའི་དོན་ཞིག་མེད་པས། ༧གོང་ས་མཆོག་གི་དགོངས་དོན་བསྒྲུབ་པར་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ནུས་པ་ཞིག་ཐོན་པ་ནི་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ཡིན། རིན་པོ་ཆེ་མཆོག་གི་འཁྲུངས་སྐར་འདི་འདྲ་ཞིག་བྱུང་བའང་དོན་དང་ལྡན་པ་ཞིག་ཆགས་ཀྱི་ཡོད། ཅེས་གསུངས་སོང་།

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་འབུམ་རམས་པ་བསོད་ནམས་རྒྱལ་མཚན་ལགས་ཀྱིས། ༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་པའི་རྒྱུ་མཚན་གཙོ་བོ་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་བཞིན་བསྒྲུབ་ཐུབ་པ་དང་། ༧གོང་ས་མཆོག་གི་ཆེད་དུ་ཡོད་ཚད་བློས་གཏོང་བྱས་ཏེ་ཕྱག་ལས་གནང་ཐུབ་པ་དེ་རེད། རིན་པོ་ཆེ་མཆོག་གི་སྐུ་ཚེའི་ནང་དུ་མཛད་པ་གང་གནང་ཡོད་པ་རྣམས་༧གོང་ས་མཆོག་གི་དགོངས་པ་འགྲུབ་པའི་ཆེད་དུ་ཡིན་པ་གསལ་པོ་རེད། དེའི་ཁྲོད་ནས་༧གོང་ས་མཆོག་གིས་ནང་ཆོས་དེ་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་དུ་བསྒྱུར་འདུན་ཡོད་པ་དེར། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལས་གཞན་སུ་ཡང་བྱུང་མེད། དེ་ནི་ཧ་ཅང་གདེང་ཚོད་ལྡན་པའི་ཐོག་ནས་ཞུ་ཐུབ་པ་ཞིག་རེད། ཟམ་གདོང་རིན་པོ་ཆེ་མཆོག་གིས་སྤྱི་འཐུས་ཚོགས་གཙོ་དང་བཀའ་བློན་ཁྲི་པའི་ཕྱག་ལས་གནང་སྟེ་ལོ་ངོ་ ༢༠ རིང་བཞུགས་པའི་སྐབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡང་དག་པའི་ཁྲིམས་ཀྱི་དབང་བསྒྱུར་འགྲོ་ཐུབ་པ་ཞིག་བྱུང་ཡོད་པ་མ་ཟད། དམངས་གཙོ་ཀ་བ་གསུམ་གྱི་བརྗིད་སྙོམས་སྟངས་འཛིན་ཁྲིམས་ལུགས་ཐོག་ཡོང་ཐུབ་པའི་ལམ་ལུགས་གཙང་མ་བཟོས་ཡོད། དེ་བཞིན་ཤེས་ཡོན་སྲིད་ཇུས་ཀྱི་འགྲོ་སྟངས་ཀྱང་རེད། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་ཉར་བྱེད་དགོས་ཚེ་གཞི་རིམ་སློབ་གྲྭའི་ཤེས་ཡོན་སྲིད་ཇུས་ལས་གཞན་པའི་ཐབས་ལམ་མེད་པ་རེད། འདི་དག་ནི་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙི་བྱ་དགོས་པ་དུས་ལ་བབ་པ་དང་སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་ཆགས་ཀྱི་ཡོད། ཅེས་བརྗོད་སོང་།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙིའི་ཉིན་མོར་ཕེབས་པའི་སྐུ་མགྲོན་རྣམ་པ་དང་མི་མང་ཁག་ཅིག ༢༠༢༤།༡༡།༠༥ དུས་བབ་གསར་ཁང་གི་པར།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། ༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙི་སོགས་ཧ་ཅང་ཡག་པོ་རེད། ༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་ལ་ཉམས་ལེན་བྱེད་དགོས་པ་ནི་གལ་ཆེ་ཤོས་རེད། དེ་བཞིན་༧གོང་ས་མཆོག་ལ་ཞབས་ཞུ་འགྲུབ་མཁན་དགའ་ལྡན་ཕོ་བྲང་གི་ལས་བྱེད་རྣམས་དང་། རིན་པོ་ཆེ་མཆོག་གི་ཞབས་ཞུ་དོན་ཡོད་སོགས་ལ་དོ་སྣང་བྱ་དགོས། ཁོང་རྣམས་ལོ་ན་གཞོན་པ་དང་ཡོན་ཏན་ཡག་པོ་ཡོད་པས་གཞན་དུ་འགྲོ་ས་ཡོད་ཀྱང་། དེ་དག་བློས་གཏོང་བྱས་ཏེ་ཞབས་ཞུ་གནང་བཞིན་ཡོད། རིན་པོ་ཆེ་མཆོག་ལ་ཞབས་ཞུ་ཞུས་པ་བརྒྱུད་བོད་མི་མང་ལ་ཞབས་ཞུ་ཞུས་ཡོད་པ་རེད། ཅེས་བརྗོད་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས། ༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དགུང་ལོ་ ༢༡ ནས་བཟུང་ཆོས་དགེ་དང་། སློབ་དགེ སློབ་སྤྱི། ངེས་སྟོན་པ་སོགས་ཤེས་ཡོན་སྡེ་ཚན་ཁག་ཏུ་ཕྱག་ལས་སྣ་མང་གནང་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསོལ་རས་བསྩལ་བའི་དམངས་གཙོའི་ལམ་ལུགས་ལ་དངོས་སུ་སློབ་སྟོན་གནང་མཁན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཆགས་ཀྱི་ཡོད། གང་ཟག་གི་དབང་བསྒྱུར་ནས་ཁྲིམས་ཀྱི་ལམ་ལུགས་སུ་བསྐྱོད་ཡོད་ལ། གྲོས་ཚོགས་ཀྱི་ལམ་ལུགས་དེ་རྒྱལ་སྤྱིའི་རང་བཞིན་ལྡན་པ་ཞིག་འགྲོ་ཐུབ་པ་བྱུང་ཡོད། བཅའ་ཁྲིམས་དང་སྒྲིག་གཞི་རྣམས་རྒྱལ་སྤྱི་དང་མཐུན་པ་བཟོ་བའི་རྐང་འགན་བཞེས་མཁན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཡིན། འདི་དག་ང་ཚོས་བཀའ་དྲིན་བསམ་ཤེས་བྱ་དགོས་པ་ཆགས་ཡོད། ཅེས་གསུངས་སོང་།

ཉིན་རྒྱབ་ཏུ་བཀའ་ཟུར་བློ་བཟང་སྙན་གྲགས་དང་། ཝཱར་ཎ་མཐོ་སློབ་ཀྱི་གསོ་རིག་སློབ་དཔོན་མཁས་དབང་རག་རྡོ་རིན་པོ་ཆེ་མཆོག ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་དཔོན་རེ་མདོ་སེང་གེ་ལགས་དང་། རྒྱུད་སྟོད་དཔེ་ཁྲིད་རྒན་རྡོ་རྗེ་འཛིན་པ་ཆེན་པོ་དགེ་བཤེས་མཁས་གྲུབ་ནོར་བཟང༌ལགས། ཤེས་རབ་བཟང་པོ་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་ཀུན་ཕན་ལགས། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་པདྨ་ལགས་བཅས་ཀྱིས་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་བཀའ་ཁྲི་གནང་སྐབས་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་དང་བོད་མིའི་སྒྲིག་འཛུགས་ལེགས་བཅོས་སྐོར་དང་།  དེང་རབས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་རྩོམ་རིག་འགྱུར་འགྲོས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་མེད་སྐོར། དེ་བཞིན་རྒྱ་གར་དང་ལྷག་པར་དུ་ཧི་མ་ལ་ཡའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་མེད་སྐོར་དང་། གཞི་རིམ་ཤེས་ཡོན་སྲིད་ཇུས་ཀྱི་གལ་གནད་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བོད་པའི་ཤེས་ཡོན་ལ་ཕུལ་བའི་མཛད་རྗེས་སོགས་ཀྱི་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་སོང་། གཞན་ཡང་། ༧སྐྱབས་རྗེ་ཟམ་གདོང་རིན་པོ་མཆོག་གི་འཁྲུངས་སྐར་དང་བསྟུན་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་འོག ཆོས་མངོན་པ་མཛོད་ཀྱི་རྒྱལ་ཡོངས་བགྲོ་གླེང་ཞིག་འཚོགས་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་བྱེད་མཁན། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༨ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese