མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་རྒྱལ་ཁབ་ ༡༥ ཡིས་བོད་དོན་ཐོག་བསྒྲགས་གཏམ་སྤེལ་བར་བཀའ་དྲིན་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་རྒྱལ་ཁབ་ ༡༥ ཡིས་རྒྱལ་ཚོགས་ཀྱི་གླེང་སྟེགས་སྐབས་ ༧༩ སྟེང་བོད་དོན་ཐོག་མཉམ་འབྲེལ་བསྒྲགས་གཏམ་སྤེལ་བར་བོད་མིའི་སྒྲིག་འཛུགས་ཀྱིས་བཀའ་དྲིན་ཞུས།

ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱིས།  བོད་དང་ཤར་ཊུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༥ ཡིས་སེམས་འཚབ་ཡོད་པའི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་བར་བཀའ་དྲིན་ཆེ་ཞུས་འདུག་ཅིང་། བཀའ་དྲིན་ཞུ་ཡུལ་གྱི་རྒྱལ་ཁབ་དག་ནི། ཨོ་གླིང་དང་ཁེ་ན་ཌ། ཌན་མག ཧྥི་ལན་ཌི། ཧྥ་རན་སི། འཇར་མན། ཨ་སུ་ལན་ཌི། ཉི་ཧོང་། ལི་ཐོ་ནེ་ཡ། ནེ་ཐི་ལན་ཌི། ནེའུ་རྫི་ལན་ཌི། ནོར་ཝེ། སུད་ཝི་ཌན། དབྱིན་ཇི་དང་ཨ་རི་བཅས་ཡིན་པ་རེད།

དེ་འབྲེལ་་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། ངས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མའི་ཚབ་ཞུས་ཏེ། ཨོ་གླིང་གི་སྣེ་ཁྲིད་འོག་འཛམ་གླིང་རྒྱལ་ཁབ་ ༡༥ ཡིས་རྒྱལ་ཚོགས་ཀྱི་གླེང་སྟེགས་སྐབས་ ༧༩ སྟེང་། བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་བར་ཡི་རངས་སྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱབ་སྐྱོར་འདི་ནི་ང་ཚོར་མཚོན་ན་རིན་ཐང་ལྡན་པ་ཞིག་ཡིན་པ་མ་ཟད། ད་དུང་ཡང་རྒྱ་ནག་གི་བཙན་འཛུལ་དྲག་གནོན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་དཀའ་ངལ་མུ་མཐུད་གླེང་སློང་གནང་རྒྱུ་གལ་ཆེན་ཡིན། ཁྱེད་ཅག་གི་མཉམ་འབྲེལ་རྒྱབ་སྐྱོར་ནི་ཧ་ཅང་གལ་གནད་ཆེ་ཞིང་། རྒྱལ་སྤྱིའི་གདུང་སེམས་མཉམ་སྐྱེད་དང་རྣམ་འགྱུར་མཚོན་གྱི་ཡོད་སྟབས། ང་ཚོས་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་མཐར་ཐུག་གི་ཞི་བདེ་དང་དྲང་བདེན་འཚོལ་བར་རེ་ལྟོས་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

དེ་བཞིན། བོད་ནང་གི་བོད་མི་རྣམས་ལ་ཆབ་སྲིད་དང་འགྲིམས་འགྲུལ་སོགས་ཀྱི་རང་དབང་མེད་ཅིང་། ངལ་རྩོལ་བསྒྱུར་བཀོད་དང་ཕ་མ་བུ་ཕྲུག་ཁ་བྲལ་གྱིས་སྐད་ཡིག་དང་རིག་གཞུང་། སློབ་གསོ། ཆོས་དད་རང་དབང་སོགས་ཀྱི་ཐོབ་ཐང་འཕྲོག་དང་འཕྲོག་གིན་པའི་གནད་དོན་སོགས་ཀྱང་གླེང་སློང་གནང་འདུག

ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་རྒྱ་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་ཐོག་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་ཞིང་། རྒྱ་ནག་གཞུང་གིས་བོད་པའི་བྱིས་པ་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲད་པ་བརྒྱུད་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་འདྲ་མིན་ལག་བསྟར་བྱེད་བཞིན་པར་བློ་འཚབ་ཡོད་པ་གསལ་སྟོན་དང་། རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་དང་རྩ་ཁྲིམས་ལ་བརྩི་བཀུར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་དབུས་པའི་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྟོག་ཞིབ་པ་དང་གསར་འགོད་པ་རྣམས་ལ་ཆ་རྐྱེན་གང་ཡང་མེད་པར་བོད་དང་ཤར་ཊུར་ཀི་སི་ཐན་ནང་དུ་བསྐྱོད་ཆོག་པའི་ཐོབ་ཐང་སྤྲོད་དགོས་ལ། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བོད་དང་ཤར་ཊུར་ཀི་སི་ཐན་ནང་གི་གནས་སྟངས་དང་འབྲེལ་བའི་ལམ་སྟོན་རྣམས་ལག་བསྟར་བྱས་ཏེ། རྒྱ་ནག་གིས་ཁྲིམས་འགལ་ཐོག་འཛིན་བཟུང་བྱས་པའི་བོད་མི་དང་ཡུ་གུར་བ་རྣམས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

ཆུ་ཚོད་ ༢༣ སྔོན་ལ།
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese