མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཆུ་བོ་ཆེན་པོ་བདུན་དང་འབྲེལ་བའི་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༤/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་ཟླ་གསུམ་དང་ཕྱེད་ཀའི་རིང་གངས་སྐྱིད་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་མཐོ་སྒང་གི་གཙང་པོ། འཁྱགས་རོམ་ནས་ལུང་གཤོངས་བར་ཞེས་པའི་དུས་ཐུང་འགྲེམས་སྟོན་ཞིག་གནང་གིན་འདུག

གངས་སྐྱིད་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཀྱིས་བོད་ཀྱི་གཙང་པོ་དང་འབྲེལ་བའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༤།༡༡།༠༨

དེ་རིང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་གངས་སྐྱིད་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག བོད་མཐོ་སྒང་གི་གཙང་པོ། འཁྱགས་རོམ་ནས་ལུང་གཤོངས་བར་ (Rivers of the Sky, Glaciers to Valleys) ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་དང་། དམིགས་བསལ་སྐུ་མགྲོན་པདྨ་དབང་རྒྱལ་ལགས་དང་བཟའ་ཟླ་མག་ཌ་ (Magda) ལགས། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་གཙོས་པའི་བོད་ཀྱི་འགྲེམས་སྟོན་ཁང་གི་ལས་བྱེད་དང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཁག་ཅིག དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་གསར་འགོད་པ་བཅས་འཛོམས་འདུག

སྐབས་དེར་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། འགྲེམས་སྟོན་འདི་གལ་ཆེན་པོར་རྩིས་ཏེ་ལོ་གཅིག་ལྷག་གི་རིང་དཀའ་ལས་བརྒྱབ་སྟེ་འབྲས་བུ་ཐོན་པ་ཞིག་ཆགས་ཀྱི་འདུག དེ་རིང་བོད་མཐོ་སྒང་གི་གཙང་པོའི་སྐོར་ལ་དུས་ཐུང་འགྲེམས་སྟོན་གོ་སྒྲིག་བྱས་པའི་དགོས་དམིགས་གཙོ་བོ་ནི། རྒྱ་གུང་ཁྲན་ཏང་གིས་བོད་ལ་འཛིན་པའི་སྲིད་ཇུས་ངན་པར་བརྡ་ལན་དང་། སྲིད་ཇུས་ནོར་བ་ནོར་བཅོས་བྱས་ནས་རྒྱ་ནག་ལ་གསལ་ཁ་སྟོན་རྒྱུ་གལ་ཆེན་པོ་རེད་འདུག ཕྱི་ལོ་ ༡༩༤༩ ནས་རྒྱ་གུང་ཁྲན་ཏང་གིས་བོད་ཆོལ་ཁ་གསུམ་ལ་བཙན་གནོན་གྱི་བྱ་སྤྱོད་མང་པོ་ཞིག་སྤེལ་དང་སྤེལ་མུས་ཡིན་པ་རེད། དེ་བཞིན་ཁོར་ཡུག་ལྟ་བུར་མཚོན་ན། བོད་མི་ས་ཡ་དྲུག་ཙམ་མིན་པར་བོད་ཀྱི་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ ༡༠ ཡི་མི་འབོར་ཐེར་འབུམ་གཉིས་ལྷག་ལ་ཐད་ཀར་བོད་ཀྱི་ཆུ་བོ་བཅུ་བརྒྱུད་ནས་དཀའ་ངལ་སྤྲོད་ཀྱི་ཡོད་པས། དུས་ཐུང་འགྲེམས་སྟོན་འདི་བརྒྱུད་གནད་དོན་དེ་དག་ཁ་གསལ་པོ་བཟོས་ཡོད། བོད་ཀྱི་ཆུ་བོ་ཆེན་པོ་བཅུ་ལྟ་བུར་མཚོན་ན། ཁྱད་ཆོས་གཅིག་ནི་བོད་གཅིག་པོར་མིན་པར་བོད་ཀྱི་ས་མཚམས་ལས་བརྒལ་ནས་ (Transboundary Rivers) རྒྱུག་གི་ཡོད། དེ་ཡང་རྒྱ་ནག་གིས་བོད་བཙན་འཛུལ་བྱས་ནས་བོད་ཀྱི་ཆུ་བོ་དེ་ཚོ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པས། འགྲེམས་སྟོན་འདིའི་ནང་ཆུ་བོ་ཆེན་པོ་བདུན་གྱི་སྐོར་འབུལ་ལམ་ཞུས་ཡོད་པའི་ཁྲོད། དབུས་གཙང་གི་ཁ་འབབ་གསུམ་དང་། མདོ་སྟོད་སྨད་གཉིས་ཀྱི་ཆུ་བོ་ཆེན་པོ་བཞི་བཅས་ཟབ་ཅིང་རྒྱས་པ་འགྲེམས་སྤེལ་ཞུས་ཡོད། ཅེས་གསུངས་སོང་།

དེ་རིང་འདི་གའི་གསར་འགོད་པས་གཏམ་བཤད་པ་པདྨ་དབང་རྒྱལ་ལགས་སུ་དུས་ཐུང་འགྲེམས་སྟོན་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས། དེ་རིང་གི་འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་དེ་བོད་ཀྱི་ཆུ་རེད། འདིའི་ནང་ང་རང་བོད་ནང་དུ་ཐེངས་བཅུ་ཙམ་ཕྱིན་ཏེ་རྒྱ་ནག་གིས་བོད་ནང་གི་ཤིང་ནགས་གཏོར་བཤིག་གཏོང་བཞིན་པའི་གནས་སྟངས་དངོས་སུ་མཐོང་བྱུང་ལ། བོད་ནང་གི་ཤིང་ནགས་གཅོད་བྲེག་བྱས་པའི་སྐོར་རེད། ཅེས་དང་། རྒྱ་ནག་གིས་བོད་ནང་གི་དགོན་སྡེ་ཁག་གཏོར་བཤིག་གིས་བོད་ཀྱི་རིག་གཞུང་རྩ་མེད་བཟོ་ཐབས་བྱས་ཡོད་ལ། ཕྱི་ལོ་ ༡༩༨༠ གོང་ལ་བོད་ནང་གི་གཞུང་ལམ་ཡག་པོ་མེད་ཀྱང་། ༡༩༨༠ རྗེས་སུ་གཞུང་ལམ་ཡག་པོ་བཟོས་ཏེ་རྒྱ་ནག་གིས་བོད་ཀྱི་ཤིང་ནགས་མང་པོ་སྐྱེལ་འདྲེན་བྱས་པ་རེད། རིམ་གྱིས་བོད་ནང་དུ་གཏེར་ཁ་བསྔོག་འདོན་དང་། ཤིང་ནགས་གཅོད་བྲེག་ཕོན་ཆེན་བྱས་ཏེ་ཤིང་དང་གསེར་སོགས་དབོར་འདྲེན་བྱས་ཡོད། ད་ལྟའི་ཆར་རྒྱ་ནག་གིས་བོད་ནང་དུ་གཞུང་ལམ་གསར་རྒྱག་དང་ཕྱི་དངོས་པོའི་ཡར་རྒྱས་ཤུགས་ཆེན་བཏང་བའི་རྐྱེན་གྱིས་མོ་ཊ་དང་། སྐྱེལ་འདྲེན་རླངས་འཁོར། དེ་བཞིན་གནམ་གྲུའི་བརྒྱུད་ཤིང་དང་གསེར་ལ་སོགས་པ་མང་པོ་དབོར་འདྲེན་བྱས་ཏེ་རྒྱ་ནག་དང་བོད་ནང་དུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་སྤེལ་དང་སྤེལ་མུས་ཡིན་པ་རེད། ངས་རྒྱ་ནག་ལ་རྐུན་མ་ནག་པོ་དང་ཇག་པ་དམར་པོ་ཟེར་གྱི་ཡོད། དེ་ཡང་ཇག་པ་དམར་པོ་ཟེར་བ་དེ་དམར་ཤོག་སྲིད་གཞུང་ཡིན་པས་དེ་ལྟར་བརྗོད་ཀྱི་ཡོད། ཅེས་སོགས་བརྗོད་བྱུང་།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་པདྨ་དབང་རྒྱལ་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༤།༡༡།༠༨

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་པདྨ་དབང་རྒྱལ་ལགས་ཀྱིས། ང་རང་བོད་ནང་དུ་ཐེངས་མང་བསྐྱོད་པ་ནི་ཁོར་ཡུག་རྟོག་ཞིབ་ཆེད་དུ་མིན་ཡང་། ཐོག་མར་བོད་ནང་དུ་ཕྱིན་སྐབས་བོད་ནང་གི་གནས་སྟངས་གང་འདྲ་ཡོད་མེད་ཤེས་རྟོགས་གང་ཡང་མེད། དེ་ནས་རིམ་པས་རྒྱ་ནག་གིས་བོད་ནང་དུ་ཤིང་ནགས་གཅོད་བྲེག་བྱས་པ་དངོས་སུ་མཐོང་སྟེ་བོད་ནང་གི་ཁོར་ཡུག་གཏོར་སྐྱོན་ཕྱིན་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་ངས་སེམས་མ་བཟོད་པར་རྒྱ་ནག་ཏུ་ཕྱིན་ནས་ཁོ་ཚོས་ཤིང་མང་པོ་གཅོད་བྲེག་བྱས་ཏེ་ཁོར་ཡུག་གཏོར་སྐྱོན་གཏོང་གི་འདུག་ཟེར་ནས་སྐད་འབོད་བྱས་པ་ཡིན། འོན་ཀྱང་སྐད་བརྒྱབ་པ་དེས་ཕན་ཐོགས་བྱུང་མེད། དེར་བརྟེན། བོད་ནང་དུ་ཤིང་ནགས་འདེབས་འཛུགས་བྱ་རྒྱུའི་ལས་འགུལ་སྤེལ་མགོ་བཙུགས་པ་ཡིན། བོད་ནང་དུ་ཤིང་ནགས་འདེབས་འཛུགས་ཀྱི་ལས་འགུལ་ཐོག་མར་སྤེལ་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁར་བཅར་བ་ཡིན། ང་བོད་ལ་འགྲོ་རྒྱུ་ཡིན། ཤིང་འདེབས་འཛུགས་བྱེད་ཀྱི་ཡིན་ཞེས་བརྗོད་པར། ༧མགོན་པོ་གང་ཉིད་ཐུགས་མཉེས་པོ་བྱུང་སྟེ། ཤིང་ ༡༠༠༠ དང་ ༢༠༠༠ ཙམ་བཏབ་ན་ཕན་ཐོགས་ཞེ་དྲགས་ཡོད་པ་དང་། བླ་མའི་ཞབས་འདེགས་འགྲུབ་ཀྱི་ཡོད་པ་རེད་ཅེས་གསུངས་བྱུང་ལ། ཉིན་དེའི་དགོང་མོར་༧སྐུ་སྒེར་ཡིག་ཚང་ནས་འཇར་མན་གྱི་སྒོར་ཁྲི་ ༤ ཞལ་འདེབས་གནང་བྱུང་། དེ་ནས་བཟུང་འཇར་མན་གཞུང་དང་ཚོགས་པ་ཁག་འདྲ་མིན་ནས་སྦྱིན་བདག་མང་པོ་རག་བྱུང་། སྐབས་དེ་དུས་འཇར་མན་སྲིད་འཛིན་གྱི་འགྲམ་དུ་ཕྱིན་ནས་བོད་ནང་གི་ཤིང་མང་པོ་གཅོད་བྲེག་བྱས་ཡོད་པའི་སྐོར་ལ་གོ་རྟོགས་སྤེལ་ཏེ་བོད་ནང་དུ་ཤིང་བཙུགས་དགོས་པའི་རེ་བ་ཞུས་ཡིན། འཇར་མན་སྲིད་འཛིན་གྱིས་ཤུག་པ་གཅིག་བཙུགས་སོང་། གནས་ཚུལ་དེ་ཚགས་པར་དུ་ཁྱབ་སྤེལ་ཕྱིན་པར་བརྟེན། འཇར་མན་གྱི་ལྗང་ཁུའི་སྲིད་དོན་ཚོགས་པས་ལས་འགུལ་དེ་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡིན་བརྗོད་དེ་འཇར་མན་སྒོར་ཁྲི་ ༤ ཞལ་འདེབས་གནང་བྱུང་། དེ་ལྟར་ང་རང་བོད་ནང་དུ་ཕྱིན་ཏེ་ཀརྨ་པ་མཚུར་ཕུ་བླ་བྲང་དགོན་པའི་མདུན་དུ་ཤིང་འདེབས་འཛུགས་བྱས་པ་ཡིན་ལ། བོད་ནང་གི་ས་གནས་ཁག་ཅིག་ལ་ཚལ་ཞིང་འདེབས་ལས་བྱ་རྒྱུའི་ལམ་སྟོན་བྱས་པ་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ཐད་རྒྱལ་སྤྱིའི་སྟེང་གོ་རྟོགས་སྤེལ་དགོས་གལ་ཆེ་སྐོར་པདྨ་དབང་རྒྱལ་ལགས་ཀྱིས། རྒྱལ་སྤྱིའི་ཚོགས་སྡེ་དང་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་བོད་ནང་གི་ཁོར་ཡུག་གཏོར་སྐྱོན་བཏང་དང་གཏོང་མུས་ཡིན་པ་དེས་བོད་ཙམ་མིན་པར་རྒྱ་གར་དང་། འབྲུག བལ་ཡུལ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཡོངས་ལ་གནོད་སྐྱོན་ཕོག་གི་ཡོད། དེ་བས་དེང་སང་འཛམ་གླིང་ཚ་དྲོད་རྒྱས་པ་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ཕྱིན་པ་ལ་བརྟེན་ནས་བོད་ནང་དུ་ཡོད་པའི་གཏན་འཇགས་འཁྱགས་རོམ་ (permafrost) དེ་དག་རིམ་གྱིས་ཞུ་བ་ཡིན་ན། བོད་ཙམ་མིན་པར་རྒྱ་ནག་ནང་དུ་ཆུ་ལོག་དང་། ཆུའི་དཀའ་ངལ་ཤུགས་ཆེན་འཕྲད་རྒྱུའི་ཉེན་ཁ་ཚབས་ཆེན་ཡོད། དེ་སྔ་རྒྱ་ནག་ནང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་དང་ཡར་རྒྱས་གཏོང་སླད་བོད་ནང་དུ་ཤིང་ནགས་གཅོད་བྲེག་ཕོན་ཆེན་བྱས་ནས་རྒྱ་ནག་དང་བོད་ནང་དུ་ཁང་མིག་སོགས་འཛུགས་སྐྲུན་སྣ་མང་བྱས་པར་བརྟེན། རྒྱ་ནག་ནང་ཕྱི་ཕྱོགས་ནས་འཛུགས་སྐྲུན་ཐད་ཡར་རྒྱས་ཤུགས་ཆེན་ཕྱིན་ཡོད་ལ། ཕྱི་ལོ་ ༡༩༨༧ ནས་ ༢༠༡༩ བར་དུ་འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེས་རྒྱ་ནག་ནི་འཛམ་བུ་གླིང་གི་བཟོ་གྲྭ་ལྟ་བུ་ཡིན་པར་ངོས་འཛིན་གྱི་ཡོད། ཕྱི་ལོ་ ༡༩༩༩ ལོར་རྒྱ་ནག་ཁྲིན་ཏུའུ་རུ་ཆུ་ལོག་གི་གོད་ཆག་བྱུང་སྟེ་མི་རྒྱུ་གཉིས་ལ་དོ་ཕོག་ཤུགས་ཆེན་ཕྱིན་པ་ནས་བཟུང་། རྒྱ་ནག་གིས་བོད་ནང་གི་ཤིང་ནགས་གཅོད་བྲེག་ཉུང་དུ་བཏང་སོང་། ད་ལྟའི་ཆར་རྒྱ་ནག་གིས་ཆུ་རགས་གསར་རྒྱག་དང་། གཏེར་ཁ་བསྔོག་འདོན་བྱས་པ་སོགས་ཀྱིས་བོད་དང་རྒྱ་ནག་ནང་ཆུ་ལོག་དང་ས་ཡོམས་སོགས་རང་བྱུང་གོད་ཆག་བྱུང་དང་འབྱུང་མུས་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༩ ནས་བཟུང་རྒྱ་ནག་ནས་ཏོག་དབྱིབས་གཉན་རིམས་མཆེད་པའི་རྐྱེན་གྱིས། འཛམ་གླིང་རྒྱལ་ཁབ་ཡོངས་ཀྱིས་རྒྱ་ནག་གི་ཚོང་རྡིབ་ཀྱི་ཡོད་པར་ངོས་འཛིན་གྱིས་ད་ལྟའི་ཆར་རྒྱ་ནག་ནང་དཔལ་འབྱོར་གྱི་ཉམས་རྒུད་ཤུགས་ཆེན་འགྲོ་བཞིན་ཡོད། ཅེས་སོགས་བརྗོད་བྱུང་།

 

བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། དུས་བབ་གསར་ཁང་པར། ༢༠༢༤།༡༡།༠༨

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། འགྲེམས་སྟོན་འདི་ཧ་ཅང་གི་གལ་ཆེན་པོ་རེད། བོད་ཀྱི་མཐོ་སྒང་གི་ཆུའི་གལ་གནད་འདི་བོད་པ་ཙམ་མ་ཟད། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་བཅུ་ལ་ཆུ་འདི་འབྱུང་ཁུངས་གཙོ་བོ་ཞིག་དང་། འཚོ་གནས་ཀྱི་བེད་སྤྱོད་ཡོད་པ་སོགས་ལྷག་པར་དུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ལས་འཆར་ནང་ཡོད་པ་བཞིན་ང་ཚོ་བོད་པ་ཚོས་ཆབ་སྲིད་ཀྱི་གནད་དོན་མི་འགྲོ་སར་མི་ཁྱོན་ཡོངས་ལ་ཁྱད་པར་ཡོད་པའི་གནད་འགག་ཁོར་ཡུག་དང་། ཆུ། བོད་མཐོ་སྒང་གི་གལ་གནད་འདི་དག་འཛམ་གླིང་ལ་ཕྱིར་བསྒྲགས་བྱེད་པར་ང་ཚོར་སྦྱངས་དཔྱད་དགོས་ཀྱི་ཡོད། ཅེས་དང་། དེང་སང་འཛམ་གླིང་ཡོངས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ ༢༡ (COP 21) ནས་ད་བར་ཁོར་ཡུག་སྐོར་ལ་གླེང་སློང་དང་བགྲོ་གླེང་ག་ཚོད་བྱས་ཡོད་ཀྱང་། བོད་མཐོ་སྒང་སྐོར་གྱི་གནད་དོན་ད་ལྟའང་བསླེབས་ཐུབ་ཀྱི་མེད་པ་རེད། དཔེར་ན། ཕྱི་ལོ་ ༡༩༩༢ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འཛམ་བུ་གླིང་གི་སའི་གོ་ལ་སྔོན་པོ་འདི་ང་རང་ཚོའི་ཁྱིམ་ཚང་གཅིག་པོ་དེ་རེད། ཡིན་ནའང་། གོ་ལའི་ཐོག་ཁ་བོད་ཆགས་ཀྱི་ཡོད། དེར་བརྟེན་གོ་ལའི་ཁྱིམ་ཚང་འདིའི་ཁོར་ཡུག་གི་ཐོག་ནས་དགེ་སྐྱོན་སེལ་དགོས་ཀྱི་ཡོད་ན། དང་པོ་བོད་མཐོ་སྒང་གི་གལ་གནད་ཤེས་དགོས་ཀྱི་རེད་ཅེས་གསུངས་ཡོད། སྐབས་འགར་ང་ཚོ་ཕྱིའི་རྒྱལ་ཁབ་ཏུ་ཕྱིན་པའི་སྐབས་བོད་མཐོ་སྒང་གི་གནད་འགག་ཇི་ཙམ་ཡོད་པའི་སྐོར་ལ་གོ་རྟོགས་སྤེལ་གྱི་ཡོད། ཕྱི་རྒྱལ་ནང་བོད་ཀྱི་ཁོར་ཡུག་ཐོག་ཐག་རིང་པོ་ཡིན་ཙང་ཁོ་རང་ཚོར་ཁྱད་པར་མེད་པ་རེད་བསམ་པའི་ནོར་འཁྲུལ་ཞེ་དྲགས་འདུག དེར་བརྟེན་བོད་མཐོ་སྒང་གི་གལ་གནད་སྐོར་ལ་སྦྱོང་རྒྱུ་དང་བསླབ་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲགས་རེད་འདུག ཅེས་གསུངས།

སྤྱི་འཐུས་ཚོགས་གཞོན་མཆོག་གིས། ཚན་རིག་པ་ཚོས་བལྟས་ཡོང་དུས། འཛམ་གླིང་གི་ཁོར་ཡུག་སྐོར་ལ་གླེང་སློང་བྱེད་སྐབས་བོད་མཐོ་སྒང་གི་གནད་འགག་འདི་བསླེབས་དགོས་རྒྱུ་དང་། བོད་མཐོ་སྒང་དུ་འཁྱགས་རོམ་སྟོང་ཕྲག་ ༤༦ ཡོད་རེད་ཟེར་གྱི་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཧམ་བཟུང་བྱས་པ་ནས་བཟུང་། རྒྱ་ནག་གིས་ཤིང་ནགས་གཅོད་བྲེག་དང་གཏེར་ཁ་བསྔོག་འདོན་སོགས་བྱས་ཏེ་བོད་ཀྱི་ཁོར་ཡུག་གཏོར་བཅོམ་ཚད་མེད་བཏང་བའི་རྐྱེན་གྱིས། འབྲོག་པ་གནས་སྤོས་བྱ་རྒྱུ་སོགས་ཁོར་ཡུག་དང་འབྲེལ་བ་ཡོད་པས། ཚན་རིག་པ་ཚོས་བོད་མཐོ་སྒང་འདི་ག་ཚོད་ཕྲ་རུ་ཕྱིན་པ་དེའི་ཚོད་ཀྱིས་ཡུ་རོབ་ནང་དུ་གནམ་གཤིས་ཀྱི་ཚ་དྲོད་འཕེལ་གྱི་ཡོད། དེ་བཞིན་རྒྱ་གར་བྱང་ཤར་ཁུལ་གྱི་ཆར་ཞོད་དུས་ཚོད་ལ་ཁྱད་པར་འགྲོ་ཡི་ཡོད་པ་སོགས་བོད་མཐོ་སྒང་གི་ཁོར་ཡུག་དང་འབྲེལ་བ་འདུག་ཟེར་གྱི་ཡོད། དེར་བརྟེན། ང་ཚོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཅིག་མིན་པས། ཁྱེད་རང་ཚོས་བོད་མཐོ་སྒང་གི་གནད་འགག་ཤེས་པའི་ཐོག་ནས། རྒྱ་མིའི་བྱེད་བབས་དེ་འདྲའི་རྐྱེན་གྱིས་གཏོར་སྐྱོན་ཇི་ཙམ་འགྲོ་ཡི་ཡོད་པ་དང་། དེའི་གལ་གནད་ག་རེ་ཡིན་པ་སོགས་ལ་ཞིབ་འཇུག་གིས། དེ་ལ་དཔག་པའི་བོད་མཐོ་སྒང་གི་ཁོར་ཡུག་དང་། ཆུ་དེ་དག་སྐྱོབ་རྒྱུའི་ཐད་རོགས་འདེགས་གནང་རོགས་གནང་ཞུ་ཡི་ཡོད། ཆུ་དེ་དག་གི་བདག་དབང་ང་ཚོར་ཡོད་པར་བརྟེན། ཆུ་བོ་ཆེན་པོའི་མིང་དེ་དག་བོད་སྐད་ཡིག་ཐོག་སྔོན་ལ་བཀོད་དེ་དབྱིན་ཡིག་ནང་རྗེས་ལ་བཀོད་པ་སོགས་བདག་དབང་མ་ཤོར་བ་བྱ་དགོས་རེད། རྒྱུ་མཚན་ནི་འགྲེམས་སྟོན་ཁང་འདི་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ལྟ་ཡི་ཡོད་པས་བོད་ཀྱི་ཆུ་བོ་ཆེན་པོའི་མིང་རྣམས་བོད་སྐད་ཐོག་ཁྱབ་སྤེལ་མང་ཙམ་བྱེད་དགོས་གལ་ཆེ། བོད་མཐོ་སྒང་གི་ཁོར་ཡུག་འདི་འཛམ་གླིང་ཁྱོན་ཡོངས་ལ་གལ་གནད་ཡོད་པར་བརྟེན། དུས་ཐུང་འགྲེམས་སྟོན་འདི་ཧ་ཅང་གལ་ཆེནཔོ་རེད་བསམས་ནས་དེ་རིང་ཡོང་བ་ཡིན། ཞེས་གསུངས་སོང་།

ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་གསུང་བཤད་གནང་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༤།༡༡།༠༨

བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་ལ་ཆུ་རགས་ ༢༢ ཙམ་ལས་མེད་པ་དང་། རྒྱ་གཞུང་གིས་བོད་ནང་དུ་ཆུ་རགས་གསར་རྒྱག་བྱས་པ་སོགས་ལ་བརྟེན་ནས་ད་ལྟའི་ཆར་རྒྱ་ནག་ལ་ཆུ་རགས་ ༨༧,༠༠༠ ལྷག་ཡོད་པ་མ་ཟད། རྒྱ་ནག་ནི་འཛམ་གླིང་ནང་ནས་ཆུ་རགས་མང་ཤོས་ཀྱི་ལུང་པ་ཞིག་ཆགས་ཀྱི་འདུག ཨ་རི་ལས་ལྡབ་གསུམ་ལྷག་གིས་ཆུ་རགས་མང་བ་ཡོད་འདུག འཛམ་གླིང་ཡོངས་དང་། དམིགས་བསལ་གྱིས་ཡུ་རོབ་ནང་དུ་ཆུ་རགས་གསར་རྒྱག་གིས་ཁོར་ཡུག་ལ་གནོད་སྐྱོན་ཡོང་གི་ཡོད་པ་ཤེས་རྟོགས་ཀྱིས། ཆུ་རགས་མི་དགོས་ཟེར་བའི་གནས་སྟངས་ཆགས་བཞིན་ཡོད་པའི་སྐབས་སུ། རྒྱ་ནག་ནང་དུ་ཆུ་རགས་ཇེ་མང་དུ་འགྲོ་མུས་ཡིན་པའི་ཐོག བོད་ནང་དུ་ཆུ་རགས་མང་དུ་བཏང་སྟེ་བོད་ཀྱི་ཆུ་བོ་ནས་ཆུའི་ནུས་ཤུགས་ (Kinetic Energy) བརྒྱུད་ནས་ཧ་ལམ་ ༣༠༠ (gigawatt) ལྷག་གི་ཆུའི་ནུས་ཤུགས་སྟོན་རྒྱུའི་ལས་འགུལ་སྤེལ་མུས་ཡིན་པ་རེད། ཅེས་གསུངས་སོང་།

ད་དུང་ཁོང་གིས། བསླེབ་ལ་ཉེ་བའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ (COP 29) ཞེས་པ་རེས་གཟའ་ཟླ་བ་ཕྱི་ཚེས་ ༡༡ ལ་འཚོག་རྒྱུ་རེད། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་འཚོགས་ཏེ་ལོ་ངོ་ ༣༠ ལྷག་ཙམ་འགྲོ་བཞིན་ཡོད། ཚོགས་ཆེན་འདིའི་ནང་བོད་དང་འབྲེལ་བའི་ཁོར་ཡུག་དང་། དམིགས་བསལ་གྱིས་ཆུ་བོའི་ཐོག་ལ་བགྲོ་གླེང་ཧ་ཅང་གི་ཉུང་ཉུང་རེད། དེར་བརྟེན་གངས་ཅན་སྐྱིད་གཤོངས་སུ་ཡོད་པའི་འགྲེམས་སྟོན་བསྟི་གནས་ཁང་འདི་གལ་ཆེན་པོར་བརྩིས་ཏེ། འགྲེམས་སྟོན་ནང་དུ་བོད་ནང་གི་ཆུ་བོ་དེ་ཚོའི་གནད་དོན་ག་རེ་ཡིན་མིན་གྱི་བརྡ་ལན་སྤྲོད་ཐུབ་རྒྱུའི་ཐབས་ཤེས་བྱས་ཡོད་ལ། དེང་དུས་དང་མཐུན་པའི་འཕྲུལ་ཆས་བེད་སྤྱོད་བཏང་སྟེ་དྲ་རྒྱའི་ཐོག་ནས་ཆུ་བོ་ཆེན་པོ་བདུན་གྱི་ནང་ཚན་འབྱུང་ཁུངས་ནས་ག་པར་རྒྱུག་གི་ཡོད་མེད་དང་། གནད་འགག་ཆེ་བའི་བོད་ཀྱི་ཡུལ་ལྗོངས་ཁག་ཏུ་རྒྱུག་དུས་ཁྱད་པར་གང་འདྲ་འགྲོ་ཡི་ཡོད་མེད་དང་། རྒྱ་ནག་གིས་བོད་ནང་དུ་ཆུ་རགས་ག་པར་བརྒྱབ་ཡོད་པ་སོགས་ཀྱི་ས་གནས་ཏག་ཏག་སྟོན་ཐབས་བྱས་ཡོད། གཞུང་ཁོངས་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག དེ་བཞིན་ཉམས་ཞིབ་པ་སོགས་ཀྱིས་བེད་སྤྱོད་གང་མང་གཏོང་ཐུབ་རྒྱུའི་ཐུགས་ཕན་གསོས་པའི་རེ་བ་ཡོད། ཅེས་བརྗོད་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦
གངས་་སྐྱིད་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་གནང་།  ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།
Mobile App

བོད་ཀྱི་སྒྱུ་རྩལ་པས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐོག་ནས་བོད་དོན་འགྲེམས་སྟོན་བྱས།

༢༠༢༥/༠༥/༡༦
Advertisement for App

འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༥/༠༥/༡༦
The people involved in the brawl received administrative penalties on Friday. Photo: Handout (SCMP)
Mobile App

རང་བཙན་ནམ་འཇིགས་སྐུལ་བའི་དོགས་ཟོན་འོག་མི་ ༣༡ འཛིན་བཟུང་བྱས།

༢༠༢༥/༠༥/༡༥
The Ministry of Civil Affairs of the People’s Republic of China (PRC) released the 5th list of names geolocating locations in the Indian state of Arunachal Pradesh, 11th May 2025.
Mobile App

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་དང་རི་ཆུ་ ༨༩ ལ་མིང་གསར་པ་བཏགས།

༢༠༢༥/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese