མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གི་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་གཉིས་པ་ལེགས་པར་གྲུབ།

བོད་ཀྱི་དུས་བབ།
༢༠༢༤/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་གི་ནང་གཞུང་འབྲེལ་གཟིགས་སྐོར་ཐེངས་གཉིས་པ་གནང་སྟེ་བོད་པའི་སློབ་ཕྲུག་ཚོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་འགན་འཁུར་ལེན་དགོས་སྐོར་གསུངས་འདུག

འབྲས་ལྗོངས་སྔ་འགྱུར་ཨོ་རྒྱན་སྨིན་གྲོལ་གླིང་གི་ཟངས་མདོག་དཔལ་རི་དགོན་པའི་དབུ་འབྱེད་དང་ཚེ་བཅུའི་གར་འཆམ་གི་མཛད་སྒོ། ༢༠༢༤།༡༡།༡༡ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༢ ནས་དེ་རིང་ཚེས་ ༡༡ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཤར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་དང་། འབུམ་སྡེ་ལ། རྟ་དབང་། དྷི་མ་པུར་ (Dimapur) ཤིས་ལོང་། སྒང་ཏོག་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་གཉིས་པ་གནང་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༡ ཉིན་འབྲས་ལྗོངས་སྔ་འགྱུར་ཨོ་རྒྱན་སྨིན་གྲོལ་གླིང་གི་ཟངས་མདོག་དཔལ་རི་དགོན་པའི་དབུ་འབྱེད་དང་ཚེ་བཅུའི་གར་འཆམས་གྱི་མཛད་སྒོར་ཕེབས་ཡོད་ཅིང་། སྐབས་དེར་སྨིན་གླིང་མཁོ་ཆེན་རིན་པོ་ཆེ་མཆོག་དང་། རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་མཆོག འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པྲེམ་སིངྒ་རྟ་མང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག  བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག  དེ་བཞིན་ཀ་རྡོར་སྒང་གསུམ་དང་རང་ཝང་ལ་བཅས་ཀྱི་ས་གནས་མགོ་འཛིན་རྣམ་པ་སོགས་ཕེབས་ཡོད་འདུག 

ཁ་སང་ཕྱི་ཚེས་ ༡༠ ཉིན་སྒང་ཏོག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རྒྱ་གར་བྱང་ཤར་སྤྱི་ཁྱབ་དང་རྡོར་གླིང་ས་གནས་མགོ་འཛིན་གཅིག་ལྕོགས་རྡོ་རྗེ་རིག་འཛིན་ལགས་དང་། སྒང་ཏོག་ས་གནས་མགོ་འཛིན་དོན་གྲུབ་བཟང་པོ་ལགས། མཁྱེན་རིན་པོ་ཆེ་མཆོག་གཙོས་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་བཅས་ས་གནས་མི་མང་ལ་མཇལ་འཕྲད་དང་གསུང་བཤད་གནང་ཡོད་འདུག

ཕྱི་ཚེས་ ༨  ཉིན་གྱི་སྔ་དྲོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀ་སྦུག་སྲད་རྒྱུད་གྲྭ་ཚང་དང་། ཟེ་དཀར་ཆོས་སྡེ་སྐྱིད་ཚལ་གླིང་དུ་ཆོས་མཇལ་གནང་རྗེས། ཀ་སྦུག་སཾ་བྷོ་ཊ་གཏན་སློབ་དུ་དགེ་ལས་སློབ་ཕྲུག་ཡོངས་ལ་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད་ཀྱི་གནས་བབ་སྐོར་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ལས་འགན་འཁུར་དགོས་པ་མ་ཟད། རྒྱ་གར་གྱི་སློབ་ཕྲུག་རྣམས་ཀྱིས་ཀྱང་བོད་དོན་ཤེས་རྟོགས་ཡོད་པའི་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེན་པོ་རེད། དེ་བཞིན་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་མ་རྣམས་མཐོ་སློབ་འདྲ་མིན་ནང་སློབ་ཞུགས་ཀྱིས་མི་རིགས་འདྲ་མིན་ལ་བོད་དོན་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན། ཞེས་གསུངས་འདུག

བོད་ཀྱི་ས་ཁམས་ཆགས་ཚུལ་སྐོར་དང་འབྲེལ་ནུབ་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་བོད་དེ་འཛམ་གླིང་གི་ཡང་རྩེ་ཞེས་མིང་བཏགས་ཡོད། བོད་ནི་འཛམ་གླིང་གི་མཐོ་ཤོས་ཤིག་ཡིན་པ་མ་ཟད། དེང་སང་ཚན་རིག་པ་རྣམས་ཀྱིས་བོད་ལ་སྣེ་གསུམ་པ་ཞེས་ཀྱང་བརྗོད་ཀྱི་ཡོད། ཨེ་ཤ་ཡའི་ནང་གི་གཙང་པོ་དང་རྒྱུག་ཆུ་མང་དག་ཅིག་གི་འབྱུང་ཁུངས་བོད་ཡིན། བོད་ནི་འཛམ་གླིང་དང་ལྷག་པར་ཨེ་ཤ་ཡའི་རྒྱལ་ཁབ་ཚོའི་ཆེད་དུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེང་སང་རྒྱ་ནག་གིས་བོད་ནང་དུ་འཛམ་གླིང་ནང་གི་ཆུ་མཛོད་ཆེ་ཤོས་རྒྱག་རྒྱུའི་འཆར་གཞི་ཡོད་པ་དེས་བོད་ནང་གི་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་འཕོག་གི་ཡོད། ཅེས་དང་། བོད་ཀྱི་ཁོར་ཡུག་དེ་བཞིན་བོད་མི་ཙམ་ལ་མིན་པར་རྒྱ་གར་ལའང་གལ་གནད་ཆེན་པོ་ཡིན་པས་རྒྱ་གར་སློབ་ཕྲུག་རྣམས་ནས་ཀྱང་དོ་སྣང་བྱེད་དགོས་གལ་སྐོར་སོགས་གསུངས་ཏེ་དྲི་བ་ཁག་ལ་ལན་འདེབས་གནང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྒང་ཏོག་ས་གནས་མི་མང་ལ་གསུང་བཤད་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༤།༡༡།༡༠

ཉིན་རྒྱབ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀ་སྦུག་ཡན་ལག་སྨན་རྩིས་ཁང་དང་། རྒན་གསོ་ཁང་། ལྷ་མོ་ཚོགས་པ་བཅས་སུ་འཚམས་གཟིགས་གནང་རྗེས་ཀ་སྦུག་མ་ཎི་ལྷ་ཁང་དུ་མི་མང་ལ་གསུང་བཤད་གནང་སྐབས། དབུ་མའི་ལམ་གྱི་སྐོར་ལ་སྲིད་སྐྱོང་མཆོག་གིས། ཕྱི་ལོ་ ༡༩༧༩ ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་པ་མ་ཟད། ཨ་རིའི་གྲོས་ཚོགས་ལ་ནུས་ཤུགས་ཆེན་པོ་ཡོད་པ་གཟིགས་ཤིང་ཆེས་ཐོག་མར་དབུ་མའི་ལམ་གྱི་སྐོར་ལ་བཀའ་སློབ་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་ (Human Rights Corpus) ཐོག་གནང་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཞི་བའི་དོན་ཚན་ལྔ་ཞེས་པའི་ཐོག་བཀའ་སློབ་གནང་ཡོད་པའི་ནང་ཞི་བའི་དོན་ཚན་ལྔ་པ་དེ་བོད་རྒྱ་གྲོས་མོལ་དང་འབྲེལ་བ་ཆགས་ཡོད། དེའི་སྐོར་ཕྱི་ལོ་ ༡༩༨༨ ལོར་སི་ཊར་སི་བྷག་ཏུ་ཡུ་རོབ་གྲོས་ཚོགས་ནང་དུ་བཀའ་སློབ་གནང་ཞིང་དབུ་མའི་ལམ་གྱི་ས་བོན་ལྟ་བུ་ཆགས་ཡོད།  ཅེས་དང་། རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནས་བཙན་བྱོལ་དུ་ཡོང་མཁན་ཧ་ཅང་ཇེ་ཉུང་དུ་ཕྱིན་ནས་དགོན་པ་དང་སློབ་གྲྭ་ཁག་ཏུ་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྐོར་གསུངས་འདུག

ཕྱི་ཚེས་ ༦ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཤིས་ལོང་བོད་མིའི་གཞིས་ཆགས་ཀྱི་མི་མང་ལ་གསུང་བཤད་གནང་སྐབས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་གནས་བབ་མེད་སྟབས། རྒྱ་ནག་གིས་འཁྱོག་བཤད་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་ལ་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་ཞེས་འབོད་དུ་བཅུག་བཞིན་ཡོད། དེར་ང་ཚོས་ལོ་རྒྱུས་ཀྱི་གནས་བབ་ཤེས་པའི་ཐོག་ནས་འཛམ་གླིང་སྟེང་འགྲེལ་བརྗོད་དང་ཞུ་གཏུག་བྱེད་བཞིན་ཡོད། ཉེ་ལམ་ཨ་རིའི་སྲིད་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་བའི་ཁྲིམས་ཡིག་གཏན་འབེབ་གནང་བ་དེའང་ལོ་མང་རིང་དཀའ་ལས་བརྒྱབ་པའི་འབྲས་བུ་ཞིག་ཡིན། ཞེས་གསུངས་འདུག

དེ་བཞིན་སྲིད་སྐྱོང་མཆོག་ནས། མ་ཁལ་ཝན་ཝལ་ཊི་ཝན་པ་རག་ (Michael van Walt van praag) ལགས་ཀྱིས་བརྩམས་པའི་བོད་ཀྱི་གནད་བསྡུས་ ༢༠།༢༠ དང་། རྒྱ་ནག་གི་སློབ་དཔོན་ལའོ་ལགས་ཀྱི་ཕྱག་དེབ་གཉིས་ངོ་སྤྲོད་དང་འབྲེལ་བོད་ཀྱི་གཞོན་སྐྱེས་རྣམས་ནས་ཕྱག་དེབ་དེ་གཉིས་གལ་ཆེན་དུ་བརྩིས་ཏེ་བཀླག་དགོས་གལ་དང་། ཕྱག་དེབ་དེ་གཉིས་འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པའི་དཔང་རྟགས་སུ་སྟོན་གྱི་ཡོད་པའི་སྐོར་དང་། དེ་བཞིན་དེང་སང་རྒྱ་ནག་དང་རྒྱལ་ཁབ་ཆེ་གྲས་ཁག་གི་དབར་དཔལ་འབྱོར་གྱི་འབྲེལ་བའི་གནས་བབ་སྐོར་སོགས་གསུངས་འདུག

གསར་འགོད་པ་བྱམས་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

 རྩོམ་སྒྲིག་བྱེད་མཁན།  པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese