མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་མངའ་སྡེ་ ༢༠ ནང་སྦག་སྦག་སྐོར་སྐྱོད་གནང་རྒྱུ་རེད་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟླ་གཉིས་རིང་རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་ཁག་ ༢༠ ནང་སྦག་སྦག་སྐོར་བསྐྱོད་བྱས་ཏེ་བོད་དོན་དྲིལ་བསྒྲགས་གནང་རྒྱུ་ཡིན་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་དྷ་ས་མེག་གྷན་ནས་ཁུ་ནུ་བར་གྱི་སྦག་སྦག་སྐོར་སྐྱོད། ༢༠༢༠།༡༡།༡༨-༢༣ བོད་ཀྱི་གཞོན་ནུའི་པར།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་འཕགས་བོད་གཉིས་ཀྱི་ས་མཚམས་མོན་རྟ་དབང་གི་འབུམ་ལ་ནས་རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་དྲིལ་བསྒྲགས་ཀྱི་སྦག་སྦག་སྐོར་སྐྱོད་ཅིག་མགོ་འཛུགས་བྱ་རྒྱུ་ཡིན་ལ། སྦག་སྦག་སྐོར་སྐྱོད་དེ་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་དང་། ཨ་སམ། ནཱ་གྷ་ལན་ཌི། མེ་གྷ་ལཱ་ཡཱ། ནུབ་བྷང་གྷལ། བྷི་ཧར། ཇར་ཁན་ཌི། ཨོ་ཌི་ཤ། ཆཱ་ཧ་ཌི་སི་གྷར། ཨན་རྡི་རཱ། ཏེ་ལན་གྷ་ནཱ། ཀར་ནཱ་ཌ་ཀ། གྷོ་བ། མཱ་ཧཱ་ར་ཤ་ཌི་ར། མཱ་རྡ་ཡ། གྷུ་ཇུ་ར་ཐི། རཱ་ཇཱ་ས་ཐིན། ལྡི་ལི།  ཨོ་ཌིར་པར་ཌི་ཤ་བཅས་ཀྱི་ནང་སྐོར་སྐྱོད་བྱ་རྒྱུ་ཡིན་འདུག

 འདི་གའི་གསར་འགོད་པས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་སུ་སྦག་སྦག་སྐོར་སྐྱོད་དེའི་སྐོར་དྲིས་པར་ཁོང་གིས། ཟླ་འདིའི་ཕྱི་ཚེས་ ༡༩ དང་ ༢༠ གཉིས་ལ་ལོ་ལྟར་འཕགས་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག ཨ་སམ་མངའ་སྡེ་གྷོ་ཝ་ཧཱ་ཏི་ནས་མོན་རྟ་དབང་བར་ལས་འགུལ་ཞིག་སྤེལ་གྱི་ཡོད་པའི་མཇུག་སྡོམ་དང་བསྟུན། ཐེངས་འདིའི་རྒྱ་གར་བྱང་ཤར་ཁུལ་གྱི་སྐོར་སྐྱོད་མགོ་འཛུགས་རྒྱུ་ཡིན། ཐེངས་འདིའི་ལས་འགུལ་ནང་དྷ་རམ་ས་ལ་དང་། ལ་དྭགས། མི་ན་ལི། སྒང་ཏོག ལྡི་ལི། བདེ་སྐྱིད་གླིང་བཅས་ནས་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང་། ཐེངས་འདིར་ཟླ་གཉིས་རིང་སྦག་སྦག་སྐོར་སྐྱོད་ལས་འགུལ་བ་གྲངས་ ༡༥ ཡིས་རྩིས་བརྒྱབ་ཡོད། ཐེངས་འདིའི་སྦག་སྦག་སྐོར་སྐྱོད་བྱེད་མཁན་རྣམས་ལོ་ ༢༠ ནས་ ༤༠ བར་གཞོན་སྐྱེས་ཡིན། རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་ཁག་གཙོས་རྒྱ་གར་གྱི་མངའ་སྡེ་ ༢༠ ནང་དུ་ལམ་ཐག་སྤྱི་ལེ་ ༡༥༠༠༠ ལྷག་ལ་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་སྐོར་ལ་ཁོང་གིས། ད་ལྟའི་བར་དུ་རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པས།  བོད་ཕྲུག་རྣམས་རྒྱ་གཞུང་གི་གཏན་འཇགས་སློབ་གྲྭར་བཙན་གྱིས་གཏོང་བའི་གནད་དོན་སོགས་ཀྱི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་དང་། རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ་རྒྱ་གར་གྱི་བདེ་འཇགས་ལ་དམིགས་པའི་བོད་རང་བཙན་གྱི་བདེན་པའི་ལོ་རྒྱུས་ལ་རྒྱབ་སྐྱོར་བྱས་ཏེ་གྲོས་ཆོད་གཏན་འབེབས་གནང་བའི་འབོད་སྐུལ། དེ་བཞིན་རྒྱ་གཞུང་གིས་བོད་ནང་ཆུ་མཛོད་གསར་རྒྱག་དང་། འཛུགས་སྐྲུན་ལས་གཞི། གཏེར་ཁ་སྔོག་འདོན། ཁོར་ཡུག་གཏོར་སྐྱོན་གཏོང་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ་དོན་ཚན་གསུམ་གྱི་ཐོག་ནས་རྒྱ་གར་མངའ་སྡེའི་གྲོས་ཚོགས་དང་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་རྣམས་ལ་འབོད་སྐུལ་ཞུ་འཆར་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། ཞི་བའི་གོམ་བགྲོད་དང་། རྐང་འཁོར་སྐོར་སྐྱོད། སྦག་སྦག་སྐོར་སྐྱོད་བཅས་ཀྱི་ལས་འགུལ་ས་གནས་ས་ཐོག་ཏུ་སྤེལ་དུས་རྒྱ་གར་མི་མང་གི་དོ་སྣང་ཤུགས་ཆེན་བྱེད་ཀྱི་འདུག ས་གནས་ཀྱི་གནད་ཡོད་མི་སྣར་ཐུག་འཕྲད་དང་། གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་ནས་བོད་དོན་དྲིལ་བསྒྲགས་བྱེད་ཐུབ་ཀྱི་འདུག བོད་རིགས་ནང་ཁུལ་དུའང་བོད་ནང་དུ་དཀའ་ངལ་འཕྲད་བཞིན་པ་དང་། བོད་དོན་འཐབ་རྩོད་གསོན་པོོར་གནས་དགོས་པའི་གོ་རྟོགས་ཐད་ཕན་ཐོགས་ཡོང་གི་འདུག  བོད་ནང་གི་བོད་མིའི་གནས་སྟངས་ཛ་དྲག་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་པས། བོད་དོན་དྲིལ་བསྒྲགས་བྱེད་དགོས་པ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།

བོད་ཀྱི་གཞོན་ནུའི་གོ་སྒྲིག་འོག ཕྱི་ལོ་ ༢༠༠༤ ལོར་དྷ་ས་ནས་ལྡི་ལི་བར་དུ་ཞི་བའི་གྲོམ་བགྲོད་གནང་བ། བོད་ཀྱི་གཞོན་ནུའི་པར།

དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་གསུམ་བཅུའི་དུས་དྲན་དང་བསྟུན། དྷ་ས་ཐེག་ཆེན་གཙུག་ལག་ཁང་ནས་མགོ་བཙུགས་ཏེ་ཉིན་གྲངས་ ༡༠༠ རིང་གོམ་བགྲོད་གནང་སྟེ། འཕགས་བོད་ས་མཚམས་ཤཱིབ་ཀི་ལ་(Shiv Kala)ཞེས་པ་སྟེ་བོད་ཀྱི་ས་ཁོངས་སུ་བསླེབ་རྒྱུར་སྤྱི་ལེ་ ༡༠ ཙམ་ལས་མེད་སར་འབྱོར་ཡོད་ཀྱང་། རྒྱ་གར་གྱི་དམག་མིས་འཛིན་བཟུང་བཀག་སྡོམ་བྱས་ཡོད་པ་རེད། དེ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་ཉིན་གྲངས་ ༡༠༠ ལྷག་རིང་བོད་ལ་གོམ་བགྲོད་བྱས་པ་དུས་ཡུན་རིང་ཤོས་ཤིག་ཆགས་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༩ ཉིན་ནས་ཟླ་ ༥ ཚེས་ ༣༡ བར་ཉིན་གྲངས་ ༥༥ རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཇཱན་ཏར་མན་ཏར་ནས་རྡོ་རྗེ་གདན་བར་སྤྱི་ལེ་ ༡༢༥༠ ལྷག་ལ་མི་གྲངས་ ༡༤༠ ལྷག་གིས་གོམ་བགྲོད་བྱས་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese