མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༩ པའི་ཐོག་བོད་ཀྱི་ཁོར་ཡུག་སྐོར་ཞུ་གཏུག་གནང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་གཉིས་ཀྱིས་ཉིན་གྲངས་ ༡༢ རིང་འཚོག་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༩ པའི་ཐོག་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་ཞུ་གཏུག་གནང་བཞིན་འདུག

Tibetan Delegates Highlight Derge Dam Concerns on First Day of COP29 UN Climate Summit

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༢༢ བར་ཉིན་གྲངས་ ༡༢ རིང་ཨ་ཛར་བྷའེ་ཇན་ (Azerbaijan) རྒྱལ་ཁབ་ཀྱི་རྒྱལ་ས་བྷ་ཀུ་ (Baku) རུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༩ (COP29) འཚོགས་མུས་ཡིན་པ་ལྟར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་དང་། ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་རྣམ་གཉིས་ཀྱིས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་དྲིལ་བསྒྲགས་དང་ཞུ་གཏུག་གནང་བཞིན་འདུག འདི་ལོའི་ཚོགས་ཆེན་དེ་དཔལ་འབྱོར་དང་འབྲེལ་བ་ཞིག་ཆགས་ཀྱི་ཡོད་ཀྱང་། ཚོགས་ཞུགས་པ་རྒྱལ་ཁབ་ཁག་གི་སྐུ་ཚབ་དང་གནད་ཡོད་མི་སྣ་རྣམས་མི་ཁོར་ཡུག་དང་འབྲེལ་བའི་སྐུ་ཚབ་རྐྱང་རྐྱང་ཡིན་སྟབས། བོད་པའི་སྐུ་ཚབ་གཉིས་ཀྱིས་གནད་ཡོད་མི་སྣར་ཐུག་འཕྲད་དང་། དམིགས་བསལ་གྱིས་བོད་དོན་དང་འབྲེལ་བའི་ཟུར་ཚོགས་སྟེང་དུ་མཉམ་ཞུགས་གནང་གི་ཡོད་འདུག

དེ་རིང་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱིས་འདི་གའི་གསར་འགོད་པར། ད་ལོའི་ཞུ་གཏུག་གཙོ་བོ་ནི་རྒྱ་ནག་གཞུང་གིས་སྡེ་དགེ་ཁུལ་དུ་ཆུ་རགས་ཆེན་པོ་གསར་རྒྱག་གི་ལས་གཞི་དེའི་ཁྲོད། ཡུལ་མི་མང་པོ་ཞིག་བཙན་གྱིས་གནས་སྤོ་དགོས་པ་དང་། འབྲི་ཆུའི་རྒྱུད་དུ་ཆགས་པའི་སྡེ་དགེ་རྫོང་ཁོངས་ཀྱི་ཡེ་ན་དགོན་པ་དང་། དབོན་སྟོད་དགོན། མཁའ་མདོ་དགོན་པ། རབ་བསྟན་དགོན་པ། དགོན་སར་དགོན་པ། བཀྲ་ཤིས་དགོན་པ་བཅས་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་ཁག་དྲུག་ཙམ་གཏོར་བཤིག་འགྲོ་མུས་ཡིན་པ་དང་འབྲེལ་ནས་ཞུ་གཏུག་བྱེད་ཀྱི་ཡོད། ཅེས་དང་། སྡེ་དགེའི་ཆུ་རགས་གསར་རྒྱག་གི་ལས་གཞི་ནི་ས་གནས་ཀྱི་གནད་དོན་ཙམ་མིན་པར་ས་ཁུལ་གྱི་ཆུའི་བདེ་འཇགས་དང་། སྐྱེ་དངོས་སྣ་མང་གི་རང་བཞིན་ལ་ཤུགས་རྐྱེན་ཐེབས་མུས་ཡིན་པ་མ་ཟད། བོད་ཀྱི་ཁོར་ཡུག་དང་དེ་ལ་བརྟེན་པའི་མི་མང་གི་འཚོ་བ་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པར་བརྟེན་རྒྱབ་སྐྱོར་འཚོ་བར་ཡོང་ཡོད་སྐོར་བརྗོད་བྱུང་།

ཡང་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱིས། དོན་ཚན་བཅུའི་ཐོག་ནས་ཞུ་གཏུག་བྱས་ཡོད། དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་ཆུ་རགས་མང་པོ་གསར་རྒྱག་བྱེད་མུས་ཡིན་པ་དེ་དག་མཚམས་འཇོག་དགོས་པ་དང་། ཆུ་རགས་གསར་རྒྱག་བྱས་རུང་ཡུལ་མིའི་མོས་མཐུན་ཡོད་དགོས་པ་དང་། ཆུ་རགས་གསར་རྒྱག་མ་བྱས་གོང་ནས་ས་གནས་ཡུལ་མི་ལ་བརྡ་ལན་སྤྲོད་དགོས་པ། ཡུལ་མི་དེ་དག་གིས་མོས་མཐུན་ཡོད་མེད་ལ་དོ་སྣང་ངེས་པར་དུ་བྱ་དགོས་པ། ཁོར་ཡུག་ལ་གནོད་འཚེ་མི་ཡོང་བའི་ཐོག་ནས་ཆུ་རགས་གསར་རྒྱག་བྱ་དགོས་པ་སོགས་རེ་སྐུལ་ཞུས་ཡོད། ཅེས་བརྗོད་བྱུང་།

ཐེངས་འདིའི་ཞུ་གཏུག་སྐབས་བོད་སྡེ་དགེ་རྫོང་ཁོངས་སུ་ཆུ་རགས་གསར་རྒྱག་གི་ལས་གཞིར་མཐའ་གཅིག་ཏུ་ངོ་རྒོལ་ (Say no to the Derge Dam Project in Tibet) ཞེས་པ་དང་། འབྲི་ཆུའི་བཞུར་རྒྱུན་དུ་རྟེན་གཞི་བྱས་པའི་མི་མང་དང་རིག་གཞུང་རྩ་མེད་གཏོང་བཞིན་པར་སྲུང་སྐྱོབ་དགོས་ (Protect the Drichu River Community and Heritage From Destruction) ཞེས་པའི་དེབ་ཆུང་གཉིས་འགྲེམས་སྤེལ་བྱེད་བཞིན་འདུག་ལ། དེབ་ཆུང་དེའི་ནང་དུ་འདི་ལོའི་ཕྱི་ཟླ་ ༢ པའི་རྒྱ་གཞུང་གིས་འབྲི་ཆུར་ཆུ་རགས་གསར་རྒྱག་དང་ཁུལ་དེའི་མི་མང་རྣམས་བཙན་གྱིས་གནས་སྤོར་བྱ་དགོས་པའི་གནས་སྟངས་སྐོར་དང་། སྐམ་ཐོག་ཆུ་རགས་གསར་རྒྱག་གི་ལས་གཞིའི་ཁྲོད་དུ་ཡུལ་མི་ཁྲི་གཅིག་ལྷག་གནས་སྤོ་དགོས་པ། དགོན་པ་མང་པོ་ཞིག་གཏོར་སྐྱོན་འགྲོ་མུས་ཡིན་པ་མ་ཟད། དམིགས་བསལ་གྱིས་དབོན་སྟོད་དགོན་པའི་ནང་དུས་རབས་ ༡༣ དང་ ༡༤ གོང་ནས་ཡོད་པའི་ལྡེབས་རིས་དང་ཐང་ག་སོགས་རྩ་ཆེན་པོ་མང་པོ་ཞིག་ཡོད་ཀྱང་ཆུ་རགས་གསར་རྒྱག་གི་རྐྱེན་གྱིས་དེ་དག་རྩ་མེད་འགྲོ་ཡི་ཡོད་སྐོར་སོགས་འཁོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese