མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇིགས་མེད་རིན་པོ་ཆེ་མཆོག་ལ་བྱང་ཆུབ་ཆེན་མོའི་ཆོས་ཚོགས་ཀྱི་འཐུས་མིའི་ཆེ་བསྟོད་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༤/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

གདུང་སྲས་དགྱེས་སྤྲུལ་འཇིགས་མེད་རིན་པོ་ཆེ་མཆོག་ལ་བྱང་ཆུབ་ཆེན་མོའི་ཆོས་ཚོགས་ཀྱི་འཐུས་མིའི་ཆེ་བསྟོད་གཟེངས་རྟགས་ཕུལ་འདུག་ལ། ཆེ་བསྟོད་གཟེངས་འདི་ནི་དེ་སྔ་༸གོང་ས་མཆོག་དང་ཀརྨ་པ་རྣམ་གཉིས་ལ་ཕུལ་མྱོང་ཡོད་པ་རེད།

དེ་རིང་ཕྱི་ཚེས་ ༡༥ དང་བོད་ཟླ་ ༩ ཚེས་ ༡༥ ཉིན་ཝར་ན་(Mulagandha Kuti Vihar) གནས་ཁང་དུ་ལོ་རེར་སངས་རྒྱས་ཀྱི་རིང་བསྲེལ་མི་མང་ལ་མཆོད་མཇལ་གཏོང་སྲོལ་ཡོད་པའི་དུས་ཆེན་ཁྱད་པར་ཅན་དང་བསྟུན། གནས་དེར་བྱང་ཆུབ་ཆེན་མོའི་ཆོས་ཚོགས་ཀྱི་གོ་སྒྲིག་འོག་སྔ་འགྱུར་རྙིང་མའི་གདུང་སྲས་དགྱེས་སྤྲུལ་འཇིགས་མེད་རིན་པོ་ཆེ་མཆོག་ལ་བྱང་ཆུབ་ཆེན་མོའི་ཆོས་ཚོགས་ཀྱི་འཐུས་མིའི་ཆེ་བསྟོད་གཟེངས་རྟགས་ཕུལ་བའི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། མཛད་སྒོའི་སྟེང་ཨུ་ཊར་མངའ་སྡེའི་བློན་ཆེན་གཞོན་པ་མཆོག་དང་བྱང་ཆུབ་ཆེན་མོའི་ཆོས་ཚོགས་ཀྱི་ཚོགས་གཙོ་གཞོན་རྣམ་བཅས་ཀྱིས་འཇིགས་མེད་རིན་པོ་ཆེར་ཆེ་བསྟོད་གཟེངས་རྟགས་ཕུལ་བ་དང་། གཞན་ཡང་མཛད་སྒོའི་སྟེང་འཛམ་གླིང་ས་ཕྱོགས་འདྲ་མིན་ནས་ཕེབས་པའི་ནང་པའི་དབུ་བླ་དང་དགེ་བཤེས་མཁན་པོ། དེ་བཞིན་སློབ་ཕྲུག་བཅས་འཛོམས་ཡོད་འདུག

ཁ་སང་ཝར་ན་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བའི་བདེ་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག ་གདུང་སྲས་དགྱེས་སྤྲུལ་འཇིགས་མེད་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ནང་ཆོས་ལ་སློབ་བཞིན་པའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཚུལ་གྱི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་ཞིང་། ཝར་ན་ཆེས་མཐོའི་སློབ་གླིང་དབུ་བརྙེས་པ་ནས་ད་བར་སློབ་ཕྲུག་མང་དག་ཅིག་སྐྱེད་བསྲིང་གནང་སྟེ། ད་ལྟའི་ཆར་གཞུང་ཞབས་ཀྱི་གཙོས་བོད་པའི་སྤྱི་ཚོགས་ནང་ཆེད་ལས་འདྲ་མིན་གྱི་ཐོག་ནས་ཞབས་འདེགས་སྒྲུབ་བཞིན་པ་ནི་རྗེས་སུ་ཡི་རངས་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་ཅིང་། དེང་སྐབས་སློབ་གླིང་ནང་བོད་པའི་སློབ་ཕྲུག་ཉུང་ཉུང་ཡིན་ཡང་རིག་གཞུང་གཅིག་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་མང་པོས་བོད་པའི་རིག་གཞུང་ལ་སྦྱང་བརྩོན་བྱས་ཏེ་རྒྱུན་འཛིན་བྱེད་བཞིན་པར་དགའ་སྤོབས་ཆེན་པོ་བྱུང་ཡོད་སྐོར་སོགས་གསུངས་ཡོད་འདུག

གདུང་སྲས་དགྱེས་སྤྲུལ་འཇིགས་མེད་རིན་པོ་ཆེ་ནི། ཡབ་རི་བླའི་གདུང་འཛིན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་དང༌། ཡུམ་རིགས་ལྡན་འཆི་མེད་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ་ ༡༩༦༨ རབ་བྱུང་ ༡༦ པའི་ས་སྤྲེལ་ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས། ཆུང་དུས་ནས་སྔོན་གནས་རྗེས་དྲན་གྱིས་བག་ཆགས་བཟང་པོས་ངོས་འཛིན་གནང་བ་ལྟར་༧རྒྱལ་ དབང་པདྨའི་གདུང་འཚོབ་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་ནས། སྦས་གནས་པདྨ་བཀོད་ཀྱི་གཏེར་ཆེན་པདྨ་གླིང་པའི་ཆོས་དང་རིགས་ཀྱི་བརྒྱུད་འཛིན་དགྱེས་གླིང་ཨོ་རྒྱན་སྨིན་གྲོལ་གླིང་གི་གནས་འཛིན་བླ་མ་པདྨ་ཡོན་ཏན་ལྷུན་གྲུབ་རྒྱ་མཚོའི་ཡང་སྲིད་དུ་ངོས་དགུང་གྲངས་ལྔ་ལ་ཕེབས་པ་སྤྱི་ འཛིན་དང་འབྲེལ་འཇིགས་མེད་ནོར་བུ་ཞེས་པའི་མཚན་གསོལ། དགུང་གྲངས་ལྔ་ལ་ཕེབས་པ་སྤྱི་ལོ་ ༡༩༧༢ ལོར་སྐུ་གོང་མའི་ཞལ་སློབ་དང་ཡོན་བདག་རྣམས་ཀྱིས་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་གདན་སར་གསེར་ཁྲིར་མངའ་གསོལ་ཞུས་ཤིང༌། དགུང་གྲངས་ ༧ པའི་ཐོག་ཨོ་རི་སའི་གཞི་རིམ་སློབ་གྲྭར་ཕེབས་པ་དང༌། དེ་རྗེས་རྡོ་རྗེ་གླིང་གཏན་སློབ་ཏུ་འཛིན་གྲྭ་བཅུ་པའི་བར་སློབ་གཉེར་གནང་ཞིང་མཁྱེན་རབ་ཀྱི་རྩལ་སུས་ཀྱང་འགྲན་ཟླ་མེད་པ་མངའ་བས་རིག་གནས་དང་སྐད་ཡིག་ཐམས་ཅད་ཚེགས་མེད་པར་ཐུགས་སུ་ཆུད་པ་དང༌། དགུང་གྲངས་ ༡༧ ནས་བལ་ཡུལ་དུ་མཁས་བཙུན་བཟང་པོ་རིན་པོ་ཆེས་ཕྱག་བཏབ་གནང་བའི་སྔ་འགྱུར་འདོད་འཇོ་གླིང་གི་བཤད་གྲྭར་ཕེབས་ཤིང་མདོ་སྔགས་གཞུང་ལུགས་རྒྱ་མཚོར་གསན་བསམ་མཛད་ཅིང༌། བར་སྐབས་ཅི་རིགས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དིལ་འགོ་མཁྱེན་བརྩེ་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན། ༧སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེ་འཇིགས་མེད་པདྨ་དབང་ཆེན། ཆགས་མེད་རིན་པོ་ཆེ་ཀརྨ་ཐུབ་བསྟན་སྒྲོན་མེ། བྱ་བྲལ་རིན་པོ་ཆེ་སངས་རྒྱས་རྡོ་རྗེ། ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེ། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ། མཁས་བཙུན་བཟང་པོ་རིན་པོ་ཆེ། ཉག་རོང་བླ་མ་རིག་འཛིན་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ་མང་པོའི་ཞབས་ལ་བཏུད་དེ་སྔ་འགྱུར་བཀའ་གཏེར་གཙོ་བོར་གྱུར་པའི་ཟབ་ཆོས་བདུད་རྩི་ཅི་རིགས་གསན་བཞེས་དང༌། ཁྱད་པར་དུའང་ཡབ་རྗེ་གཏེར་སྟོན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེའི་ཞལ་སྔ་ནས་གཏེར་ཆེན་སྟག་ཤམ་ནུས་ལྡན་རྡོ་རྗེའི་ཟབ་གཏེར་གྱི་ཆོས་སྐོར་ཡོངས་རྫོགས་དང༌། རྗེ་ཉིད་ཀྱི་དགོངས་གཏེར་གེ་སར་ཞི་དྲག་གི་ཆོས་སྐོར་གཙོ་བོར་གྱུར་པའི་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་སྒྲུབ་ཐབས་ཟབ་དྲིལ་དུ་མ་ཞིག་བཞུགས་པ་རྣམས་ཀྱི་དབང་ལུང་གསན་ཞུས་དང༌། སྟག་ཤམ་ཡི་དམ་དགོངས་རང་ལུགས་ཆོ་གའི་ཆིངས་ཕྱག་ལེན་རྣམས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཉམས་མེད་སློབ་འཁྲིད་ཞུས་པ་མ་ཟད། དུས་རྒྱུན་དུ་རྩ་བའི་བླ་མ་དང་སངས་རྒྱས་དངོས་ལས་ཡབ་སྲས་ཀྱི་འདུ་ཤེས་རིང་དུ་སྤངས་ཏེ་སྒོ་གསུམ་གུས་པ་ཆེན་པོས་བསྙེན་བཀུར་དང་ཅི་གསུངས་བཀའ་བཞིན་སྒྲུབ་པའི་ཞབས་ཏོག་ལས་ནམ་ཡང་འདའ་བ་མེད་པས། རྗེ་བླ་མའི་ཐུགས་ཟིན་གྱི་སློབ་མའི་གཙོ་བོར་གྱུར་ཅིང་་དབང་ལུས་ཁྲིད་གསུམ་གྱི་རྒྱུན་གང་བཞུགས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་སྩལ་ཏེ་རང་གི་རྒྱལ་ཚབ་ཏུ་མངའ་གསོལ་མཛད།

དགུང་གྲངས་ ༢༣ ནས་ཡུ་རོབ་ཁུལ་གཙོ་བོར་གྱུར་བའི་ཨ་རི་དང་ཉི་ཧོང་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་མར་ཆིབས་བསྒྱུར་བསྐྱངས་ཏེ་དད་ལྡན་གྱི་གདུལ་བྱ་རྣམས་ལ་རང་རང་གི་མོས་པ་དང་འཚམས་པའི་ཟབ་རྒྱས་ཆོས་ཀྱི་སྒོ་དབྱེ་བར་མཛད་པ་ནས་བཟུང་ཡོ་རོབ་ཁུལ་སུད་སི་དང་། ཧྥ་རན་སི། འཇར་མན། སི་པན། ལུག་སུམ་སྦུག སྦེལ་ཇམམ། ཨིང་ལེན། ཉི་ཧོང་བཅས་ཀྱི་ནང་པདྨ་གླིང་ཞེས་པའི་ཆོས་ཚོགས་གསར་འཛུགས་གནང་ཞིང་། རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བསྟི་གནས་བལ་ཡུལ་རི་དགོན་བཀྲ་ཤིས་ཆོས་གླིང་དང་ཨོ་རི་སར་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་བཅས་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང་བ་སོགས་ཀྱིས་སྒོ་གང་ས་ནས་རྒྱལ་བའི་བསྟན་པ་ལ་ཞབས་འདེགས་དང༌། འདས་པའི་ལོ་ཉི་ཤུ་ལྷག་གི་རིང་མི་མང་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་སྐུ་ངལ་འཛེམས་མེད་ཀྱིས་གཞིས་གྲོང་ཁག་སོ་སོར་འཐུང་ཆུ་གཙང་མ་གསར་འཛུགས་གནང་བ་དང་། སློབ་ཕྲུག་རྣམས་ལ་སློབ་ཡོན་སྦྱིན་བདག་འཚོལ་གཟིགས། ནད་པ་དང་རྒས་གཅོང་སོགས་ལ་སྨན་རིན་དང་འཚོ་དོད་རོགས་རམ་གནང་བ། ཚོགས་པ་སྐྱིད་སྡུག་ཁག་ལ་ཚོགས་ཁང་གསར་རྒྱག་སོགས་པ་རོགས་རམ། དགོན་པ་ཁག་ལ་ཉམས་གསོ་དང་གསར་བཞེངས་ཀྱི་རོགས་རམ་དང་སློབ་སྟོན་གནང་བ། མ་ལེ་རི་ཡའི་ནད་གཞི་སྔོན་འགོག་གི་ལས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་སྤེལ་བ། ཉེ་འཁོར་གྱི་རྒྱ་གར་ཡུལ་མིའི་གྲོང་ཚོ་རྣམས་ལའང་གོང་ལྟར་འཐུང་ཆུའི་རོགས་རམ་དང་ལྷ་ཁང་གསར་བཞེངས། སློབ་ཕྲུག་ཉི་ཤུ་རྩ་བདུན་སྐོར་ལ་འཚོ་དོད་རོགས་རམ་རྒྱུན་ཆགས་སུ་གནང་བཞིན་པ་སོགས་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་རྒྱ་ཆེ་ལ་རྒྱུན་རིང་བ་ཀུན་གྱིས་མིག་དཔར་འོས་པ་དུ་མ་གནང་བ་ལ་བརྟེན་ནས། ལྷ་མིའི་རྣམ་འདྲེན་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱང་དགྱེས་བརྩེ་ཆེན་པོས་བསྟོད་བསྔགས་ཡང་ཡང་གནང་བ་དང་། བཀའ་ཤག་གཙོས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་ཁང་ཁག་ནས་ཀྱང་གཟེངས་བསྟོད་ཀྱི་ཕྱག་ཁྱེར་སོགས་ཕུལ་བ་དང༌། རྒྱུན་དུའང་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་ཁོང་ཉིད་༼སྤྱི་ཚོགས་ཞབས་འདེགས་ཞུ་མཁན་གྱི་ནང་པ་༽ཞིག་ཡིན་ཞེས་གསུང་གི་ཡོད་ཅིང་། དུས་ཕྱིས་བལ་ཡུལ་ཡང་ལེ་ཤོད་དུ་ལོ་རེ་རེའི་སྐུ་མཚམས་བཅད་རྒྱར་སྔ་རྗེས་ཐེངས་གཉིས་སུ་བཞུགས་པས་ཐུགས་དམ་ཉམས་ལེན་གོང་འཕེལ་དུ་གྱུར་པ་སོགས། མདོར་ན་རིས་སུ་མ་ཆད་པའི་སྐྱེ་འགྲོ་མཐའ་དག་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ལ་སྦྱོར་བའི་ཐུགས་བསྐྱེད་དང་དགོངས་གཞི་བླ་ན་མེད་པའི་ངང་ནས་བསྟན་འགྲོར་སྨན་པའི་མཛད་ཕྲིན་དབྱར་མཚོ་ལྟར་རྒྱས་དང་རྒྱས་བཞིན་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese